-
༡ ༼སྐྱེས་པའི་མིང་།༽ དང ༼ཆུང་མའི་མིང་།༽ ཁྱེད་གཉིས། དཀོན་མཆོག་གིས་བཀོད་གནང་བ་རེད། གཙོ་བོ་ཡེ་ཤུ་ཡི་བྱམས་པ་བརྒྱུད་ནས། ཁྱེད་གཉིས་དེ་རིང་གཅིག་ཏུ་གྱུར། ༢ གཙོ་བོ་ཡེ་ཤུ་ཡི་ཞི་བདེ། ཁྱེད་གཉིས་ལ་ཡོང་བར་ཤོག གཙོ་བོ་ཡེ་ཤུ་ཡི་མཚན་བརྒྱུད་ནས། ཁྱེད་ལ་ཞི་བདེ་ཡོང་བར་ཤོག ༣ གཙོ་བོ་ཡེ་ཤུ་ཡི་བྱིན་རླབས། ཁྱེད་གཉིས་ལ་ཡོང་བར་ཤོག གཙོ་བོ་ཡེ་ཤུ་ཡི་མཚན་བརྒྱུད་ནས། ཁྱེད་ལ་བྱིན་རླབས་ཡོང་བར་ཤོག ༢
Wedding Blessing Song
176
-
༡ ཉིན་བཟང་སྐར་བཟང་གི་དུས་ཚོད་འདི་ལ། ཁྱེད་གཉིས་གཉེན་སྒྲིག་གི་སྟོན་མོ་འདིའི་ཐོག ང་ཚོས་དགའ་སྤྲོ་ཡི་གླུ་དབྱངས་ལེན་བཞིན། ཁྱེད་ལ་བཀྲ་ཤིས་པའི་རྟེན་འབྲེལ་ཞུ་འདོད། ༢ ཁྱེད་གཉིས་ཐེངས་དང་པོར་འཕྲད་པ་དེ་ནས། ཕན་ཚུན་བྱམས་བརྩེ་ཡིས་མཉམ་དུ་སྦྲེལ་ཞིང༌། དེ་རིང་ཁྱིམ་གཅིག་ཏུ་གྱུར་བ་འདི་ནི། ཅི་འདྲའི་ཡིད་འོང་གི་འབྲས་བུ་སྨིན་སོང༌། ༣ སྐྱེས་པ་བུད་མེད་གཉིས་གཉེན་སྒྲིག་པ་ནི། དཀོན་མཆོག་ཁོང་ཉིད་ཀྱི་ཐུགས་དགོངས་བཞིན་ཡིན། འབྲེལ་བ་དེའི་ནང་དུ་དཀོན་མཆོག་བཞུགས་ན། ཐག་པ་སུམ་རྐྱ་བཞིན་སྲ་ཞིང་བརྟན་ངེས། ༤ གཙོ་བོས་ཆོས་ཚོགས་ལ་གཅེས་པ་བཞིན་དུ། སྐྱེས་པས་ཆུང་མ་ལ་བྱམས་ཤིང་གཅེས་དགོས། དེ་ཡང་ཆོས་ཚོགས་ཀྱིས་གཙོ་བོར་བཀུར་བཞིན། ཆུང་མས་སྐྱེས་པ་ལ་བརྩི་ཞིང་བཀུར་དགོས། ༥ དེ་ལྟར་འཚོ་བ་ནི་དཀོན་མཆོག་ཉིད་ཀྱིས། ཁྱེད་ཚོའི་འབྲེལ་བ་ལ་གནང་བའི་བཀའ་ཡིན། ཁྱེད་ཚོ་ཁོང་ཉིད་ཀྱི་བྱམས་པའི་ནང་དུ། མཉམ་དུ་མདུན་ལམ་ལ་སྐྱོད་པའི་སྨོན་འདུན། ༢
New Wedding Song
175
-
ཤར་ཕྱོགས་རི་བོའི་རྩེ་དེ་ནས་ཉི་མ་ནུབ་པའི་བར་གྱི་མཚམས་ལ། གཙོ་བོའི་མཚན་བསྟོད་འོས་པ་ཡིན། ༢ ཧ་ལེ་ལོའུ་ཡཱ། གཙོ་བོའི་མཚན་ལ་བསྟོད། དཀོན་མཆོག་གི་འབངས་ཀྱིས་ཁོང་ལ་བསྟོད། གཙོ་བོའི་དམ་པའི་མཚན་ལ་བསྟོད། ༢ དུས་ད་ནས་ཇི་སྲིད་བར་དུ་གཙོ་བོའི་དམ་པའི་མཚན་ལ་བསྟོད།
From The Rising Of The Sun
174
-
༡ ཀ འཇིག་རྟེན་འདི་བཞིན་མ་བཀོད་སྔོན།། ངན་པའི་མིང་ཙམ་མེད་པ་ཡིན།། ངན་སེམས་འབྱུང་ཁུངས་སུ་ཡིན་ཤོད།། ངན་པའི་འབྲས་བུ་ཅི་ཡིན་ཤོད།། ༢ ཁ དཀོན་མཆོག་བཞུགས་སའི་ཞིང་ཁམས་སུ།། ཕོ་ཉ་ཞིག་ནས་ངན་སེམས་བྱུང་།། དེ་ཡི་རྗེས་འཇུག་གདོན་འདྲེ་ཟེར།། ཞིང་ཁམས་དེ་ནས་ས་ལ་ལྷུང་།། ༣ ཀ འཇིག་རྟེན་འདི་བཞིན་མ་བཀོད་སྔོན།། སྡིག་པ་མེད་ལ་འཆི་བ་མེད།། སྡིག་པ་ཐོག་མར་གང་ནས་བྱུང་།། སྡིག་པའི་འབྲས་བུ་ཅི་ཡིན་ཤོད།། ༤ ཁ ཨ་དམ་ཧཱ་ཝ་ཁོང་གཉིས་ཀྱིས།། བཀའ་དང་འགལ་ནས་ཤིང་འབྲས་བཟས།། སྡིག་པའི་ཐོག་མ་དེ་ནས་བྱུང་།། སྡིག་པའི་འབྲས་བུ་འཆི་བ་ཡིན།། ༥ ཀ འཇིག་རྟེན་འདིའི་ནང་སྡིག་པ་བསླེབས།། མི་ལ་ཐར་བ་ཡོད་དམ་མེད།། སྡིག་པ་སེལ་མཁན་ཡོད་དམ་མེད།། ཐར་ལམ་སྟོན་མཁན་སུ་ཡིན་ཤོད།། ༦ ཁ དཀོན་མཆོག་ཁོང་གིས་གསུངས་པ་བཞིན།། ཉིན་གཅིག་སྐྱབས་མགོན་ཞིག་འཁྲུང་ཡོང་།། ཁོང་གིས་བདུད་དང་སྡིག་པ་ལས།། ངེས་པར་རྒྱལ་ཁ་ལོན་ཡོང་ངོ་།།
Song of the First Sin
173
-
༡ ཀ འཇིག་རྟེན་འདི་བཞིན་མ་བཀོད་སྔོན།། འཇིག་རྟེན་འདི་བཞིན་ཇི་ལྟར་ཆགས།། འཇིག་རྟེན་འགོད་མཁན་སུ་ཡིན་ནམ།། ཐོག་མར་བཀོད་པ་ཅི་ཞིག་ཡིན།། བཟང་ངན་དབྱེ་བ་ཡོད་དམ་མེད།། གླུ་ཞིག་བླངས་ནས་དྲིས་པ་ཡིན།། ༢ ཁ འཇིག་རྟེན་འདི་བཞིན་མ་བཀོད་སྔོན།། འཇིག་རྟེན་འདི་བཞིན་སྟོང་བ་ཡིན།། འཇིག་རྟེན་འགོད་མཁན་དཀོན་མཆོག་ཡིན།། སྔོན་ལ་བཀོད་པ་ཕོ་ཉ་ཡིན།། སྐབས་དེར་བཟང་པོ་ཁོ་ན་ལས།། ངན་པའི་མིང་ཙམ་མེད་པ་ཡིན།། ༣ ཀ འཇིག་རྟེན་འདི་བཞིན་མ་བཀོད་སྔོན།། ཆུ་བོ་རྒྱ་མཚོ་ཅི་ཡང་མེད།། ས་གཞི་ཆེན་པོ་ཇི་ལྟར་ཆགས།། རྒྱ་མཚོ་ཆེན་པོ་ཇི་ལྟར་བྱུང་།། རྩྭ་དང་རྩི་ཤིང་ཇི་ལྟར་བྱུང་།། གླུ་ཞིག་བླངས་ནས་དྲིས་པ་ཡིན།། ༤ ཁ འཇིག་རྟེན་འདི་བཞིན་མ་བཀོད་སྔོན།། ཆུ་བོ་རྒྱ་མཚོ་ཅི་ཡང་མེད།། མཚོ་དང་མཚེའུ་ཅི་ཡང་མེད།། དཀོན་མཆོག་བཀའ་བཞིན་ས་གཞི་བྱུང་།། རྩྭ་དང་རྩི་ཤིང་སྐྱེས་སུ་བཅུག། རྒྱ་མཚོ་ཆེན་པོའི་ངོ་བོ་བྱུང་།། ༥ ཀ འཇིག་རྟེན་འདི་བཞིན་མ་བཀོད་སྔོན།། ཉི་ཟླ་སྐར་གསུམ་ཅི་ཡང་མེད།། ས་དང་རྒྱུ་སྐར་ཅི་ཡང་མེད།། ཉི་ཟླ་སྐར་གསུམ་ཇི་ལྟར་བྱུང་།། འདི་ཡི་མཛད་མཁན་སུ་ཡིན་ནམ།། གླུ་ཞིག་བླངས་ནས་དྲིས་པ་ཡིན།། ༦ ཁ འཇིག་རྟེན་འདི་བཞིན་མ་བཀོད་སྔོན།། ས་དང་རྒྱུ་སྐར་ཅི་ཡང་མེད།། ཉི་མ་ཟླ་བ་གང་ཡང་མེད།། ཉི་ཟླ་སྐར་གསུམ་མཛད་མཁན་དེ།། བླ་ན་མེད་པའི་དཀོན་མཆོག་ཡིན།། ཁོང་གི་བཀའ་བཞིན་ཐམས་ཅད་བསྐྲུན།། ༧ ཀ འཇིག་རྟེན་འདི་བཞིན་མ་བཀོད་སྔོན།། དུད་འགྲོ་ཕྱུགས་དང་རི་དྭགས་མེད།། ས་ལ་གནས་པའི་འབུ་སྲིན་མེད།། འབུ་སྲིན་ཐམས་ཅད་ཇི་ལྟར་བྱུང་།། བྱ་དང་ཉ་རིགས་ཇི་ལྟར་བྱུང་།། གླུ་ཞིག་བླངས་ནས་དྲིས་པ་ཡིན།། ༨ ཁ འཇིག་རྟེན་འདི་བཞིན་མ་བཀོད་སྔོན།། དུད་འགྲོ་ཕྱུགས་དང་རི་དྭགས་མེད།། ས་ལ་གནས་པའི་འབུ་སྲིན་མེད།། བྱ་དང་ཉ་རིགས་གང་ཡང་མེད།། དཀོན་མཆོག་བཀའ་ལས་དེ་དག་བྱུང་།། རང་རང་རིགས་བཞིན་འཕེལ་དུ་བཅུག། ༩ ཀ འཇིག་རྟེན་འདི་བཞིན་མ་བཀོད་སྔོན།། ཁྱོད་ནི་མེད་ལ་ང་ཡང་མེད།། འཇིག་རྟེན་མིའི་རིགས་སུ་ཡིས་བཀོད།། ཕོ་མོའི་དབྱེ་བ་ཇི་ལྟར་བྱུང་།། མི་ཡི་ལས་དོན་གང་ཡིན་ཤོད།། གླུ་ཞིག་བླངས་ནས་དྲིས་པ་ཡིན།། ༡༠ ཁ འཇིག་རྟེན་འདི་བཞིན་མ་བཀོད་སྔོན།། ཁྱོད་ནི་མེད་ལ་ང་ཡང་མེད།། དཀོན་མཆོག་ཁོང་གིས་མིའི་རིགས་བཀོད།། འཇིག་རྟེན་ཁམས་འདི་སྐྱོང་བའི་ཕྱིར།། ཁོང་གིས་སྔོན་ལ་ཕོ་ཞིག་མཛད།། སྐྱེས་པ་དེ་ལ་ཆུང་མ་མཛད།།
Song of Creation
172
-
(ཕོ།) སྔ་དུས་པེད་ལེ་ཧེམ་ལ། སྔོན་གྱི་ལུང་བསྟན་བཞིན་དུ། མིར་ཡམ་ཡུམ་དུ་བཞེས་ནས། སྐྱབས་མགོན་ཡེ་ཤུ་འཁྲུངས་སོང་། (མོ།) གཞོན་ནུ་ལུག་རྫི་རྣམས་ཀྱིས། ཁོང་ལ་གུས་པའི་ཕྱག་དང་། དགའ་བའི་བསྟོད་དབྱངས་ཕུལ་ཏེ། ཀུན་ལ་འཕྲིན་བཟང་འཁྱེར་རོ།། (ཕོ།) མུན་པས་གཡོགས་པའི་འཇིག་རྟེན། ཡེ་ཤུ་འཁྲུངས་པས། འགྲོ་བ། འགྲོ་བ་མིའི་རིགས་རྣམས་ཀྱི། འགྲོ་ལམ་གསལ་པོ་བཟོས་སོ།། (མོ།) ཧ་ལེ་ལོའུ་ཡཱ། ཧ་ལེ། ཧ་ལེ་ལོའུ་ཡཱ། ཧ་ལེ། ད་ཁོང་ཚོར་སྐྱིད་པའི་ཉི་མ་ཤར། མི་ཚེ་གསར་བ་ཆགས་ཡོད། (ཕོ།) དེ་རིང་ཞི་བདེ་ཁེངས་ལ། གཙོ་བོའི་ཞལ་བཞེས་བཞིན་དུ། གཞོན་ནུ་ཕོ་མོའི་སེམས་ལ། སྐྱབས་མགོན་ཡེ་ཤུ་ཕེབས་ཡོད། (མོ།) ཁོང་ནས་ཐར་བ་ཐོབ་པར། ལུས་སེམས་གཙང་མ་བཟོས་ནས། དགའ་བའི་གླུ་དབྱངས་ལོངས་དང་། སྐྱབས་མགོན་ཡེ་ཤུ་ཐུགས་མཉེས། (ཕོ།) ཞི་བདེ་ཆོས་ཚོགས་ནང་ལ། དམ་པའི་ཐུགས་ཉིད་བཞུགས་པས། ཕོ་མོ་ཚང་མའི་སེམས་ལ། ཞི་བདེའི་ཞིང་དུ་བསླེབས་ཡོད། (མོ།) ཧ་ལེ་ལོའུ་ཡཱ། ཧ་ལེ། ཧ་ལེ་ལོའུ་ཡཱ། ཧ་ལེ། ང་ཚོར་སྐྱིད་པའི་ཉི་མ་ཤར། སྐྱིད་པའི་ཉི་མ་ཤར་སོང་། གནམ་ས་གཉིས་ལ་ཤར་སོང་། སྐྱིད་པའི་ཉི་མ་ཤར་སོང་།
Ngadu Belehemla
170
-
༡ འཇིག་རྟེན་གྱི་རྒྱལ་སྲིད་རྣམས། ཡེ་ཤུ་ལ་གཟི་བརྗིད་ཕུལ། གླུ་གཞས་ཀྱི་བསྟོད་དབྱངས་ཕུལ། ༢ གཟི་བརྗིད་ཅན་ཀྱི་རྒྱལ་པོ། ང་ཚོའི་དཀོན་མཆོག་ཡེ་ཤུ་ཡིན། ༢ ཁོང་གི་རྒྱལ་སྲིད་དེ་ནི། དུས་རྒྱུན་དུ་གནས་ཡོང་། ༢ ༢ འཇིག་རྟེན་གྱི་མི་རིགས་རྣམས། ཡེ་ཤུ་ལ་བསྟོད་དབྱངས་ཕུལ། ཞབས་བྲོ་ཡི་བསྟོད་དབྱངས་ཕུལ། ༢ ཁོང་ནི་ང་ཚོའི་འོད་དང་། ང་ཚོའི་སྲོག་དེ་ཡིན་ལ། ༢ ཁོང་ནི་ང་ཚོའི་གྲོགས་དང་། ང་ཚོའི་སྐྱབས་མགོན་ཡིན་ནོ།། ༢
All Nation
171
-
༡ ང་ཡི་གཙོ་བོ་ལུག་རྫི། ང་ཡི་གཙོ་བོ་སྡོངས་གྲོགས། ང་ཡི་གཙོ་བོ་རེ་བ། ང་ཡི་གཙོ་བོ་ཞི་བདེ། དཀོན་མཆོག་ལ་བསྟོད་དབྱངས་ཕུལ། དཀོན་མཆོག་ལ་མགོ་སྒུར། དཀོན་མཆོག་ལ་ཕྱག་འཚོལ། དཀོན་མཆོག་ལ་སྨོན་ལམ་ཐོབས། ༢ ང་ལ་གནོངས་དང་དམ་པའི་ཐུགས་ཉིད། ང་ལ་གནོངས་དང་ཁྱེད་ཀྱི་བརྩེ་བ། ང་ལ་གནོངས་དང་ཁྱེད་ཀྱི་བློ་གྲོས། ང་ལ་གནོངས་དང་ཁྱེད་ཀྱི་ཁྱད་ཆོས། དཀོན་མཆོག་ལ་བསྟོད་དབྱངས་ཕུལ། དཀོན་མཆོག་ལ་མགོ་སྒུར། དཀོན་མཆོག་ལ་ཕྱག་འཚོལ། དཀོན་མཆོག་ལ་སྨོན་ལམ་ཐོབས། ༢
Ngey Tsowo Luktzi
169
-
༡ ང་ཚོའི་དཀོན་མཆོག་ལ་བསྟོད་དབྱངས་ཕུལ། གླུ་བླངས་ནས་ཞབས་བྲོ་འཁྲབ་རྒྱུ་ཡིན། བསྟོད་དབྱངས་འབུལ་ནས་ཞབས་བྲོ་འཁྲབ། ཞབས་བྲོ་འཁྲབ་ནས་བསྟོད་དབྱངས་འབུལ། ༢ ང་ཚོའི་དཀོན་མཆོག་ལ་བསྟོད་དབྱངས་འབུལ། གླུ་བླངས་ནས་ཞབས་བྲོ་འཁྲབ་རྒྱུ་ཡིན། ང་ཚོའི་དཀོན་མཆོག་ལ་བསྟོད་དབྱངས་འབུལ། གླུ་བླངས་ནས་ཞབས་བྲོ་འཁྲབ་རྒྱུ་ཡིན། བསྟོད་དབྱངས་འབུལ་ནས་ཞབས་བྲོ་འཁྲབ། ཞབས་བྲོ་འཁྲབ་ནས་བསྟོད་དབྱངས་འབུལ།
Ngegi Konchok
168
-
ངས་ལག་པ་ཡར་བརྐྱངས་ནས། ཡ་ཝཱེ་ལ་གླུ་ལེན་རྒྱུ་ཡིན། ངའི་སེམས་ནང་ལ། ཁྱེད་རང་ངའི་རྒྱལ་པོ་ཡིན། ༢ དཀོན་མཆོག་ལས་ནོར་བུ་གཞན་དག་མེད། ང་ཁྱེད་ལ་ཞབས་ཕྱི་སྒྲུབ་མཁན་ཡིན། ཁྱེད་ངའི་གཙོ་བོའི་གཙོ་བོ་ཡིན། ཚད་མེད་ཐུགས་ཉིད་ལྡན་པ་ཡིན། ཁྱེད་ཀྱི་མཚན་ལ་ངས་བསྟོད་པའི་མཆོད་པ། འབུལ་རྒྱུ་ཡིན།
No Eng Title
167
-
ངས་རིན་ཐང་ཆེ་བའི་སྤོས་ཆུ་གཙོ་བོའི་ཞབས་ལ་བྱུགས། འདི་ནི་བསྟོད་པ། འདི་ནི་བསྟོད་པ། ངས་རང་དབང་སྒོས་བྱམས་པ་ཡོད་ཚད་ཁྱེད་ལ་འབུལ། འདི་ནི་བསྟོད་པ། འདི་ནི་བསྟོད་པ། ཁྱེད་ལ་དགའ་བའི་དྲི་ཞིམ་གནས་འདི་ལ་ཁྱབ། ངའི་སེམས་གཏིང་གི་བྱམས་པ་དང་བསྟོད་པ་ཁྱེད་ལ་འབུལ། ཡེ་ཤུ། ཡེ་ཤུ། ངའི་ཐོག་མའི་བརྩེ་དུང་ཡིན། ཡེ་ཤུ། ཡེ་ཤུ། ངའི་ཐོག་མའི་བརྩེ་དུང་ཡིན།
My First Love
166
-
ངའི་ཞི་བདེ་ཁྱོད་ལ་གནང་རྒྱུ་ཡིན། ཞི་བདེ་འདི་འཇིག་རྟེན་ནས་ལེན་མི་ཐུབ། ཞི་བདེ་འདི་མི་རྣམས་ཀྱིས་ཧ་གོ་མི་ཐུབ། ངའི་ཞི་བདེས་ཁྱོད་གསོན་པར་བྱེད། ཞི་བདེ་འདི་ཁྱོད་ལ་གནང་རྒྱུ་ཡིན།
My Peace I Give Unto You
164