Root/ trace

216

Received Salvation (Munbay Yokpay)

TBWorld

༡	ཡ་ཧ་ལ། མེ་ཏོག་དཀར་པོ། 
	གཙོ་བོ་ཁྱེད་ལ་ཕུལ་ཡོད་ལགས། 
	ཡ་ཧ་ལ། 
	དེ་རིང་གཙོ་བོ་ཁྱེད་ཀྱི་འཁྲུངས་སྐར་ཉིན་མོ་ལགས། 
	ཡ་ཧ་ལ། མེ་ཏོག་དཀར་པོ། གཙོ་བོ་ཁྱེད་ལ་ཕུལ་ཡོད་ལ། 
	གཙོ་བོ་ལགས། 
རྣམ་པ་ཚོ། ཁ་བཏགས་ཁུར་ཤོག  
ཤོག་གྲོགས་པོ་ཚོ། མེ་ཏོག་ཁུར་ཤོག
དེ་རིང་གཙོ་བོ་འཁྲུངས་སྐར་རེད། གྲོགས་པོ་ཚོ། 

༢	ཡ་ཧ་ལ། 	མེ་ཏོག་དམར་པོ། 
	གཙོ་བོ་ཁྱེད་ལ་ཕུལ་ཡོད་ལགས།
	ཡ་ཧ་ལ། 
	སྐྱབས་མགོན་ཡེ་ཤུ་འཇིག་རྟེན་འདི་ལ་འཁྲུངས་ཡོད་ལགས། 
	ཡ་ཧ་ལ། མེ་ཏོག་དམར་པོ། 
	སྐྱབས་མགོན་ཁྱེད་ལ་ཕུལ་ཡོད་ལ། 
གཙོ་བོ་ལགས། 
རྣམས་པ་ཚོ། སྡིག་བཤགས་ཕུལ་ཤོག
གྲོགས་པོ་ཚོ། སེམས་པ་བསྒྱུར་ཤོག
ཁྱེད་ལ་མི་ཚེ་གསར་པ་ཐོབ་ཡོང་། རྣམ་པ་ཚོ། 

༣	ཡ་ཧ་ལ། མེ་ཏོག་སྔོན་པོ། 
	གཙོ་བོ་ཁྱེད་ལ་ཕུལ་ཡོད་ལགས།
	ཡ་ཧ་ལ། གཙོ་བོ་ཡེ་ཤུ་བེད་ལེ་ཧེམ་དུ་འཁྲུངས་སོང་ལགས། 
	ཡ་ཧ་ལ། 
	སྐྱབས་མགོན་ཁྱེད་ལ་མེ་ཏོག་འབུལ་བར་ཡོང་ཡོད་ལ། 
གཙོ་བོ་ལགས། 
རྣམ་པ་ཚོ། བསྟོད་དབྱངས་ཕུལ་ཞིག
གྲོགས་པོ་ཚོ། སྨོན་ལམ་བརྒྱབ་དང་།
དེ་རིང་སྐྱབས་མགོན་འཁྲུངས་སྐར་རེད། ལུག་རྫི་ཚོ།།

Pelyang Silas

216

Central Tibetan

216

Leave a Reply