Root/ trace

253

Jesus, Great God

TBWorld

༡	ཡེ་ཤུ་ལགས།  དཀོན་མཆོག་མཁྱེན།
	ཁྱེད་ཀྱིས་སེམས་ཅན་ཐམས་ཅད་བཀོད་པར་མཛད།
	མི་རིགས་ཐམས་ཅད་ཀྱི་ཡབ་ཆེན་ཡིན་ལགས།
	ཡབ་ཡིན་ལགས།  ཡབ་ཡིན་ལགས།  
	དཀོན་མཆོག་མཁྱེན།

༢	ཡེ་ཤུ་ལགས།  སྐྱབས་མགོན་ལགས།
	ཁྱེད་ཀྱིས་བླ་མེད་ཀྱི་བྱིན་རླབས་གནང་བས།
	ང་ཚོ་སྡིག་པའི་རྒྱ་མཚོ་ནས་ཐར་སོང་།
	ཐར་པ་ལགས།  ཐར་པ་ལགས།  
	སྐྱབས་མགོན་མཁྱེན།

༣	ཡེ་ཤུ་ལགས།  གཙོ་བོ་ལགས།
	ཁྱེད་ཀྱིས་སྤྲིན་དཀར་པོའི་ཐུགས་རྗེ་གནང་ནས།
	མིའི་རིགས་དགའ་སྤྲོའི་ཞི་བདེ་དཔག་མེད་ཐོབ།
	ཐོབ་པ་ལགས།  ཐོབ་པ་ལགས།  
	གཙོ་བོ་མཁྱེན།།

253

Central Tibetan

253

Leave a Reply