Songs
Resources for the songs
Celebration & SeasonsChildrenChristian LifeChristmasDanceEasterFaithFeaturedFolk SongFuneral and DeathGod FatherHopeInstrumentalJesus ChristKhammaps-no-listMarriageMission biographyMusicNewPrayerSalvationScriptureSongWorship
Amdo TibetanBuryatCentral TibetanChineseChinese PinyinDolpoDzongka Roman ScriptDzongkhaEnglishHindiHyolmoInner MongolianInstrumentalKham TibetanKhengkhaKoreanLepchaLhomiLowaLowa Roman ScriptMongolianNaabaNepaliNepali Roman ScriptNubriSekeSherpaSherpa Roman ScriptSikkimeseSpanishTibetanTibetan Roman ScriptTshangla
-
༡ ང་ཡི་སེམས་ཀྱིས་ཡ་ཧོ་ཝཱ་ལ་བསྟོད། ཁོང་གི་བཀའ་དྲིན་གཏན་ནས་བརྗེད་མི་རུང་། ཁོང་གིས་ང་ཡི་སྡིག་པ་ཐམས་ཅད་སེལ་ཞིང་། ང་རང་ནད་གཞི་ཀུན་ལས་ཡོངས་སུ་དྲག་པར་མཛད། ཨོ་་་་་་་་ཨོ། དཀོན་མཆོག་ཡ་ཝེ། ང་ཡི་སེམས་ཀྱིས་དཀོན་མཆོག་ལ་བསྟོད། ཁོང་གི་བཀའ་དྲིན་བརྗེད་མི་རུང་། གཏན་ནས་བརྗེད་མི་རུང་། ཁོང་གིས་ང་རང་འཆི་བ་ནས་བསྐྱབས། བྱམས་དང་སྙིང་རྗེ་ང་ཡི་ཅོད་པན་དུ་གནང་། ༢ ཁོང་གིས་ང་ལ་བཅངས་པའི་བྱམས་བརྩེ་དེ་ནི། ནམ་མཁའི་དབྱིངས་ལས་ཤིན་ཏུ་མཐོ་བ་ཡིན། ཁོང་གིས་ང་ཡི་སྡིག་པ་ང་དང་གྱེས་པར་མཛད། ཤར་ནུབ་གཉིས་ཀྱི་བར་ཐག་བཞིན་ཏུ་གྱེས་པར་མཛད། ཨོ་་་་་ཨོ། དཀོན་མཆོག་ཡ་ཝེ། ཁྱེད་ནི་སྙིང་རྗེའི་བྱམས་པ་དང་ལྡན། ཕུན་སུམ་ཚོགས་པའི་ཐུགས་རྗེ་ཡོད། ཐུགས་རྗེ་ཆེན་པོ་ཡོད། ཡ་ཧོ་ཝཱ་ནི་ཇི་སྲིད་བར་དུ་ང་ཡི་དཀོན་མཆོག ང་ཡི་དཀོན་མཆོག་ཡིན།། ༢
Psalm 103
273
-
༡ ཤོག་ཤོག་ཤོག་ཤོག སྤུན་ཟླ་ཚོ། ཡ་ཧོ་ཝཱ་ལ་བསྟོད་དབྱངས་ཕུལ། བསྟོད་དབྱངས་ཕུལ། རང་ཅག་སྐྱོབ་པའི་བྲག་རི་ཆེན་པོ་ལ་ཡེ། དགའ་ཞིང་སྤྲོ་བའི་ཀི་སྒྲ་ཡང་ཡང་སྒྲོགས། ཡང་ཡང་སྒྲོགས། རང་ཅག་རྣམས་ཀྱིས་ཁོང་ལ་དྲིན་ལན་མཇལ། སྤུན་ཟླ་ཚོ། སྙན་ཚིག་ལམ་ནས་ཁོང་ལ་བསྟོད་བསྔགས་བརྗོད། བསྟོད་བསྔགས་བརྗོད། ༢ ལྟོས་ལྟོས་ལྟོས་ལྟོས། སྤུན་ཟླ་ཚོ། ཡ་ཧོ་ཝཱ་ནི་དཀོན་མཆོག་ཆེན་པོ་རེད། ཆེན་པོ་རེད། ལྷ་ཚོགས་ཀུན་ལས་མཆོག་གྱུར་རྒྱལ་པོ་ཡིན། བླ་ན་འཕགས་ཤིང་ངོ་མཚར་ཆེ་བའི་ཕྱིར། ཆེ་བའི་ཕྱིར། ས་གཞིའི་ནང་སྙིང་ཁོང་གི་ཕྱག་ཏུ་མཆིས། སྤུན་ཟླ་ཚོ། རི་རྩེ་མཐོན་པོ་དག་ཀྱང་ཁོང་ལ་དབང༌། ཁོང་ལ་དབང༌། ༣ ལྟོས་ལྟོས་ལྟོས་ལྟོས། ཡུལ་མི་ཚོ། རྒྱ་མཚོ་ཆེན་པོ་ཁོང་ལ་དབང་བ་སྟེ། དབང་བ་སྟེ། ཁོང་གིས་དངོས་སུ་བཀོད་པའི་རྒྱ་མཚོ་ལགས། སྐམ་ས་ཆེན་པོ་སོགས་ཀྱང་ཁོང་གིས་བཀོད། ཁོང་གིས་བཀོད། ང་ཚོ་ཚང་མ་ཁོང་གིས་བཀོད་པ་རེད། ཡུལ་མི་ཚོ། ང་ཚོ་ཚང་མས་ཁོང་ལ་བསྟོད་པ་འབུལ། བསྟོད་པ་འབུལ།།
Psalm 95 Come, come, come
272
-
ཀྱེ་ཀྱེ་བླ་མེད་དཀོན་མཆོག བདག་ལ་ཡིད་སེམས་གཙང་མ། ངེས་པར་མཛོད་ཅིག་དཀོན་མཆོག ཨོ། ཡིད་སེམས་བརྟན་པོར་གནང་རོགས། ཡིད་སེམས་བརྟན་པོར་གནང་རོགས། བདག་ནི་སྐྲོད་པར་མི་མཛོད། ཁྱེད་དང་འབྲལ་བར་མི་མཛོད། ཨོ། བདག་གི་སེམས་ལས་ཐུགས་ཉིད། ཨོ། སླར་ཡང་ལེན་པར་མི་མཛོད། སླར་ཡང་ལེན་པར་མི་མཛོད། བདག་ལ་ཐར་བའི་དགའ་སྤྲོ། ཐུགས་ཉིད་སླར་ཡང་གནང་རོགས། ཐར་བའི་ཆོས་ལ་བརྟེན་ཕྱིར། ཨོ། སྡིག་ཅན་བསླབ་བྱ་བསྟན་ནས། ཉེས་ཅན་ཁྱེད་ཕྱོགས་འཁོར་ཡོང༌།།
Psalm 51
270, 250
-
ཨིམ་མ་ནུ་ཨེལ། ཨིམ་མ་ནུ་ཨེལ། བླ་ན་མེད་པའི་དཀོན་མཆོག ཨིམ་མ་ནུ་ཨེལ། ཨིམ་མ་ནུ་ཨེལ། ང་ཚོ་དང་མཉམ་དུ་བཞུགས། ཁྱེད་དང་མཉམ་དུ་བཞུགས། ང་དང་མཉམ་དུ་བཞུགས། ང་ཚོ་དང་། མཉམ་དུ་བཞུགས། ཨིམ་མ་ནུ་ཨེལ།།
Immanuel
268
-
(ཁྱེད་མེད་ན།) ༡ ཨིམ་མ་ནུ་ཨེལ་ཡེ། གཟུགས་ལང་ཚོ་སྤྱིད་ཀྱི་དཔལ་ཡོན་ཅན། སྟེང་ནམ་མཁར་འཕགས་ནས་གསེར་ཁྲིར་བཞུགས། ཨིམ་མ་ནུ་ཨེལ་ཡེ། མར་བྱོན་ནས་བྱམས་པའི་སྐྱབས་མགོན་གནང་། ཁྱེད་མེད་ན་མིའི་སེམས་འདོད་ལ་རྔམ། ཨིམ་མ་ནུ་ཨེལ་ཡེ། ཁྱེད་མེད་ན་མིའི་སེམས་འདོད་ལ་རྔམ། ཁྱེད་མེད་ན་མིའི་སེམས་འདོད་ལ་རྔམ།། ༢ ཨིམ་མ་ནུ་ཨེལ་ཡེ། གསུང་སྙན་མོ་ཁུ་བྱུག་འགྱུར་ཁུག་ཅན། ཡར་འཕགས་ནས་ནམ་མཁར་གསུང་སྒྲས་ཁྱབ། ཨིམ་མ་ནུ་ཨེལ་ཡེ། མར་ཞབས་སར་བཅགས་ནས་འཕྲིན་བཟང་བསྒྲགས། ཁྱེད་མེད་ན་མི་ལ་ཞི་བདེ་མེད། ཨིམ་མ་ནུ་ཨེལ་ཡེ། ཁྱེད་མེད་ན་མི་ལ་ཞི་བདེ་མེད། ཁྱེད་མེད་ན་མི་ལ་ཞི་བདེ་མེད། ༣ ཨིམ་མ་ནུ་ཨེལ་ཡེ། ཕྱོགས་ཀུན་ལ་འཕྲོས་པའི་ཉི་མའི་འོད་སྐོར་ཅན། མཐོ་ཨ་སྔོན་དབྱིངས་ནས་འཛུམ་དམུལ་ཕྱུང་། ཨིམ་མ་ནུ་ཨེལ་ཡེ། མིའི་འཇིག་རྟེན་ཁམས་སུ་འོད་སྣང་སྦྱིན། ཁྱེད་མེད་ན་འཇིག་རྟེན་མུན་ནག་རེད། ཨིམ་མ་ནུ་ཨེལ་ཡེ། ཁྱེད་མེད་ན་འཇིག་རྟེན་མུན་ནག་རེད། ཁྱེད་མེད་ན་འཇིག་རྟེན་མུན་ནག་རེད།།
Emmanuel (2)
267
-
(ཁྱེད་མཚན་དམ་པར་སྲུང་བར་ཤོག) ༡ ལྷོ་འཛམ་གླིང་ཉི་མ་རི་ལ་བརྒལ། ནུབ་ཟླ་བ་དཀར་པོ་སྤྲིན་གྱིས་སྒྲིབ། དགུང་སྐར་ཚོགས་ཆར་སྤྲིན་དཀྱིལ་དུ་ལྷུང་། ཁྱེད་ཡེ་ཤུ་མ་མཇལ་ཡིད་རེ་སྐྱོ། ༢ ཨཱ་་་ཉི་ཟླ་སྐར་གསུམ། དགུང་སྐར་ཚོགས་ཆར་སྤྲིན་དཀྱིལ་དུ་ལྷུང་། ཁྱེད་ཡེ་ཤུ་མ་མཇལ་ཡིད་རེ་སྐྱོ། ༢ ༢ ཐར་པའི་འཕྲིན་བཟང་བདེན་པའི་བཀའ། ཐོས་ནས་དད་པ་ཁྱེད་རྣམས་ལའང་། ཞལ་གྱིས་བཞེས་པའི་ཐུགས་ཉིད་ཀྱི། ཕྱག་རྒྱ་བཏབ་པར་མཛད་པའོ། ༢ ཨཱ་་་སྐྱབས་མགོན་ཡེ་ཤུ། ཁྱེད་མཚན་དམ་པར་སྲུང་བར་ཤོག ཁྱེད་ཀྱི་རྒྱལ་སྲིད་འོང་བར་ཤོག ༢ ༣ ངེད་ཀྱིས་གཞན་ཉེད་སེལ་བ་སྡིག་པ་ལྟར། ངེད་ཀྱི་སྡིག་པ་སེལ་བར་མཛོད། ཉམས་སད་ནང་དུ་མ་འཁྲིད་པར། ངན་པ་ལས་ངེད་ཐར་པར་མཛོད། ༢ ཨཱ་་་སྐྱབས་མགོན་ཡེ་ཤུ། བདག་གི་ཁྱེད་ཀྱི་བཀའ་དྲིན། ང་ཉམས་ཆུང་གི་དྲིན་ལན་ཞུས།། ༢
Hallowed be Your Name
266
-
༡ ཧཱ་ལེ་ལུ་ཡཱ་གཙོ་བོ་ལ་བསྟོད། ༢ ཧཱ་ལེ་ལུ་ཡཱ། ༢ ཧཱ་ལེ་ལུ་ཡཱ་གཙོ་བོ་ལ་བསྟོད། ༢ ཡེ་ཤུ་ནི་ཐམས་ཅད་ཀྱི་གཙོ་བོ། ༢ ཡེ་ཤུ་ནི་གཙོ་བོ་ཡིན། ༢ ཡེ་ཤུ་ནི་ཐམས་ཅད་ཀྱི་གཙོ་བོ། ༣ ཡེ་ཤུ་གྲོངས་པ་ནས་སླར་ཡང་གསོན། ༢ ཡེ་ཤུ་སླར་གསོན་པ་ཡིན། ༢ ཡེ་ཤུ་གྲོངས་པ་ནས་སླར་ཡང་གསོན། ༤ ཡེ་ཤུ་སླར་ཕེབས་པའི་དམ་བཅའ་ཡོད། ༢ ཡེ་ཤུ་སླར་ཕེབས་ཡོང་། ༢ ཡེ་ཤུ་སླར་ཕེབས་པའི་དམ་བཅའ་ཡོད།།
Sing Hallelujah to the Lord
265
-
༡ སོའོ་ང་ཚོ་ཚང་མའི་ངན་པ། སོའོ་དགེ་བའི་ལས་ཀྱིས་མི་དག ང་ཚོ་ཚང་མའི་ངན་པ་ཡེ་ཤུའི་སྐུ་ཁྲག་གིས་དག་ཡོང་། སོའོ་ཡ་འ་ལ། ཡེ་ཤུའི་སྐུ་ཁྲག་གིས་དག་ཡོང་། ༢ སོའོ་ང་ཚོ་ཚང་མའི་ཉེས་པ། སོའོ་གནས་སྐོར་ཕྱིན་ཀྱང་མི་དག ང་ཚོ་ཚང་མའི་ཉེས་པ་ཡེ་ཤུའི་སྐུ་ཁྲག་གིས་དག་ཡོང་། སོའོ་ཡ་འ་ལ། ཡེ་ཤུའི་སྐུ་ཁྲག་གིས་དག་ཡོང་། ༣ སོའོ་ང་ཚོ་ཚང་མའི་སྡིག་པ། སོའོ་སྦྱིན་པ་བཏང་ནས་མི་དག ང་ཚོ་ཚང་མའི་སྡིག་པ་ཡེ་ཤུའི་སྐུ་ཁྲག་གིས་དག་ཡོང་། སོའོ་ཡ་འ་ལ། ཡེ་ཤུའི་སྐུ་ཁྲག་གིས་དག་ཡོང་།།
All Our Sins
264
-
༡ སེམས་ལ་ཞི་བདེ་མེད་ན། ཞི་བདེ་ཡེ་ཤུས་གནང་ཡོང་། སེམས་ལ་དགའ་སྤྲོ་མེད་ན། དགའ་སྤྲོ་ཡེ་ཤུས་གནང་ཡོང་། ༢ ༢ སེམས་ལ་ཐར་པ་མེད་ན། ཐར་པ་ཡེ་ཤུས་གནང་ཡོང་། སེམས་ལ་རེ་བ་མེད་ན། རེ་བ་ཡེ་ཤུས་གནང་ཡོང་། ༢ ༣ སེམས་ལ་བྱམས་པ་མེད་ན། བྱམས་པ་ཡེ་ཤུས་གནང་ཡོང་། སེམས་ལ་སྙིང་རྗེ་མེད་ན། སྙིང་རྗེ་ཡེ་ཤུས་གནང་ཡོང་། ༢ ༤ སྨོན་ལམ་ཡེ་ཤུ་ལ་བཞུ་ན། སྨོན་ལམ་ཡེ་ཤུས་གནང་ཡོང་། བྱིན་རླབས་ཡེ་ཤུ་ལ་བཞུ་ན། བྱིན་རླབས་ཡེ་ཤུས་གནང་ཡོང་།། ༣
Serenity
263
-
Root/ trace
262
For Thou O Lord Art High
ས་གཞི་ཆེན་པོའི་ཡང་སྟེང་ནས། གཙོ་བོ་ཡེ་ཤུ་རབ་ཏུ་འཕགས། ཁྱེད་ནི་ཐམས་ཅད་ལས་ཤིན་ཏུ་མཐོ་བ་ཡིན། ༢ ང་ཚོས་བསྟོད་བསྔགས་ཕུལ། ཁྱེད་ལ་བསྟོད་བསྔགས་ཕུལ། ཁྱེད་ལ་བསྟོད་བསྔགས་ཕུལ། ཀྱེ་སྐྱབས་མགོན།། ༢
Pete Sanchez Jnr.
1977
262
262
-
ཤོག་ཤོག་ངའི་རྩ་ལ་ཤོག་ཤོག ཡེ་ཤུས་གསུངས་པ་ངའི་རྩ་ལ་ཤོག་ཤོག ༢ ༡ སྡུག་བསྔལ་དང་སེམས་ཁྲེལ་གྱི་མནན་པ་རྣམས་ལ། ངའི་གཉའ་ཤིང་ཡང་པོ་དང་འཇམ་པོ་ཡོད་ལ། ༢ ༢ ཁྱེད་རྣམས་ཀྱི་སེམས་ལ་ངལ་གསོ་ཐོབ་ཡོང་། ཁྱེད་རྣམས་ཀྱི་ནང་ལ་ཞི་བདེ་ཐོབ་ཡོང་།། ༢
Matt 11
261
-
(མྱུར་དུ་ཤོག་དང༌།) ཤོག་དང་བདག་གི་བྱམས་པ། བདག་གི་དམ་པའི་གནས་སུ་མཇལ་བར་ཤོག ཤོག་དང་བདག་གི་བུ་ཕྲུག བདག་གི་པང་དུ་བདག་ནས་སློབ། བདག་གིས་སེམས་ཁྱེད་ལ་གནང༌། དེ་ནི་ཁྱེད་ཀྱི་ཡིན། བདག་གིས་ཚེ་སྲོག་ཁྱེད་དོན་གནང༌། དེ་ཡང་ཁྱེད་ཀྱི་ཡིན། མྱུར་དུ་ཤོག་དང༌། གཅེས་སུ་འཛིན་པ་ལགས།།
Come Away
260