Root/ trace

The Father’s Mansion

TBWorld

དཀོན་མཆོག་ཡབ་ལ་དད་ཅིང་།།  ང་ལ་དད་པ་བྱོས་ཤིག། 
ཡབ་ཀྱི་ཕོ་བྲང་ནང་ལ།། གནས་ཁང་མང་པོ་ཡོད་དོ།།
ཁྱོད་རྣམས་སེམས་ཁྲལ་མ་བྱེད།།  སེམས་ཁྲལ་ང་ལ་ཕུལ་ཞིག། 

ང་རང་ཡར་ལ་ཕྱིན་ནས།།  གནས་ཁང་གྲ་སྒྲིག་བྱས་ཡོང་།། 
དེ་ནས་ང་རང་ཡོང་ནས།།  ཁྱོད་རྣམས་དེ་རུ་འཁྲིད་ཡོང་།།
ཁྱོད་རྣམས་སེམས་ཁྲལ་མ་བྱེད།།  སེམས་ཁྲལ་ང་ལ་ཕུལ་ཞིག། 

ང་རང་གང་དུ་ཡོད་སར།། ཁྱོད་རྣམས་འོང་བར་འགྱུར་རོ།།
དེ་རུ་སྡུག་བསྔལ་མེད་ཅིང་།།  གཏན་དུ་བདེ་བ་ཐོབ་ཡོང་།།
 ཁྱོད་རྣམས་སེམས་ཁྲལ་མ་བྱེད།།  སེམས་ཁྲལ་ང་ལ་ཕུལ་ཞིག། 

མཐོ་རིས་གནས་སུ་སླེབས་ན།། དཀོན་མཆོག་ཡབ་དང་མཇལ་ཡོང་།། 
ཁོང་གིས་ཁྱེད་རང་རྣམས་ལ།།  གཏན་དུ་བྱམས་པ་གནང་ཡོང་།།
ཁྱོད་རྣམས་སེམས་ཁྲལ་མ་བྱེད།།  སེམས་ཁྲལ་ང་ལ་ཕུལ་ཞིག། 
 
ཡེ་ཤུས་ཉེ་གནས་རྣམས་ལ་ཁྱེད་ཚོའི་སེམས་འཁྲུག་པར་མ་འགྱུར། 
དཀོན་མཆོག་ལ་དད་པ་བྱོས་ལ་ང་ལ་ཡང་དད་པ་བྱོས། 
ངའི་ཡབ་ཀྱི་ཕོ་བྲང་ལ་གནས་ཁང་མང་པོ་ཡོད། 
དེ་ལྟར་མ་ཡིན་ན་ངས་ཁྱེད་རྣམས་ལ་སྔ་མ་ནས་བཤད་ཡོད། 
ང་ཁྱེད་ཚོའི་དོན་དུ་གནས་གྲ་སྒྲིག་བྱེད་དུ་འགྲོ 
ང་སོང་ནས་ཁྱེད་ཚོའི་དོན་དུ་གནས་གྲ་སྒྲིག་བྱས་རྗེས། 
ང་ཕྱིར་ལོག་སྟེ་ཁྱེད་ཚོ་ངའི་རྩར་འདྲེན་པར་བྱ། 
དེ་ནས་ང་རང་གང་དུ་ཡོད་པ་དེར་ཁྱེད་ཚོའང་ཡོད་པར་འགྱུར།
ཡོ་ཧ་ནན།  14:1-3

Traditional Tibetan Melody

Based on John 14:1-3

Pala Nyima Tsering, The Jampa Choeling Choir (Author)

Central Tibetan

Leave a Reply