Root/ trace

257

The Lord is My Shepherd

TBWorld

༡	ལུག་རྫི་བཟང་པོ་ཡེ་ཤུས།
	རྩྭ་ཐང་ཞིམ་ས་ལ་ང་ཉལ་འཇུག
	ཆུ་མིག་བཟང་སར་འཁྲིད་པར་མཛད།
	ང་ལ་གང་དགོས་ཚང་མ་གནང༌།

༢	ལུག་རྫི་བཟང་པོ་ཡེ་ཤུས།
	དྲང་བདེན་ལམ་དུ་འཁྲིད་པར་མཛད།
	འཆི་བའི་ཀླུང་ལ་སོང་ནའང༌།
	ང་ལ་ཞེད་སྣང་གང་ཡང་མེད།

༣	ལུག་རྫི་བཟང་པོ་ཡེ་ཤུས།
	རྒྱུན་དུ་ང་དང་མཉམ་དུ་བཞུགས།
	ཁྱེད་རང་ཕྱག་གི་དབྱུག་པ་དེས།
	ངར་སེམས་གསོས་དང་སྟོབས་ཤུགས་གནང་།

༤	ལུག་རྫི་བཟང་པོ་ཡེ་ཤུས།
	དགྲ་བོ་ང་ཡི་མདུན་དུ་ཡོད་དུས།
	ཁྱེད་རང་ཕྱག་གིས་ངའི་ཆེད་དུ།
	ལྟོ་ཆས་གྲ་སྒྲིག་སྩལ་གནང་ཡོད།

༥	ལུག་རྫི་བཟང་པོ་ཡེ་ཤུས།
	ང་ཡི་མགོ་ལ་སྣུམ་ཞིག་བླུག་ནས།
	ངའི་ཕོར་པ་འདི་ལྟེམ་ལྟེམ་བཀངས།
	ངའི་སེམས་པ་ལ་དགའ་སྤྲོས་ཁེངས།

༦	ལུག་རྫིབཟང་པོ་ཡེ་ཤུས།
	ཁྱེད་ཀྱི་ཐུགས་རྗེ་བཀའ་དྲིན་གྱིས།
	ང་ཡི་མི་ཚེ་མཐའ་རུ་གནས།
	ང་ཁྱེད་རང་གི་རྩ་ལ་འོང༌།།

David Jigme

2006

Central Tibetan

257

Central Tibetan

257

Leave a Reply