Root/ trace

16

Would You Be Free From Your Burden of Sin?

TBWorld

༡	ཁྱེད་རང་སྡིག་པའི་ཁལ་ནས་ཐར་བར་འདོད་དམ།
	སྐུ་ཁྲག་ལ་དབང་ཡོད། ཁྲག་ལ་དབང་ཡོད།
	ཁྱེད་ངན་པ་ལས་རྒྱལ་ཁ་འཐོབ་པར་འདོད་དམ།	 
	སྐུ་ཁྲག་ལ་ཡ་མཚན་གྱི་དབང་ཡོད།		
		དབང་ཡོད། དབང་། དབང་།
		ཡ་མཚན་ཅན་གྱི་དབང་།
		ལུ་གུའི་སྐུ་ཁྲག་ནང་ན།
		དབང་ཡོད། དབང་། དབང་།
		ཡ་མཚན་ཅན་གྱི་དབང་།
		ལུ་གུའི་སྐུ་ཁྲག་རིན་ཆེན་དེར་ཡོད།

༢	འདོད་ཆགས་དང་ང་རྒྱལ་ནས་ཐར་བར་འདོད་དམ།	
	སྐུ་ཁྲག་ལ་དབང་ཡོད། ཁྲག་ལ་དབང་ཡོད།
	སེམས་འཁྲུད་པའི་ཕྱིར་སྐུ་ཁྲག་འདིའི་རྩར་ཤོག
	སྐུ་ཁྲག་ལ་ཡ་མཚན་གྱི་དབང་ཡོད།		

༣	ཁྱེད་ཁ་བ་ལས་དཀར་པོར་འགྱུར་འདོད་དམ། 
	སྐུ་ཁྲག་ལ་དབང་ཡོད། ཁྲག་ལ་དབང་ཡོད།
	སྐུ་ཁྲག་དེ་ཡིས་སྡིག་སྒྲིབ་ཀུན་དག་ཡོང་། 
	སྐུ་ཁྲག་ལ་ཡ་མཚན་གྱི་དབང་ཡོད།		 

༤	ཁྱེད་ཡེ་ཤུའི་ཕྱིར་ཞབས་ཕྱི་ཞུ་བར་འདོད་དམ།
	སྐུ་ཁྲག་ལ་དབང་ཡོད། ཁྲག་ལ་དབང་ཡོད།
	ཁྱེད་རྒྱུན་དུ་ཁོང་ལ་བསྟོད་པ་ཕུལ་འདོད་དམ།
	སྐུ་ཁྲག་ལ་ཡ་མཚན་གྱི་དབང་ཡོད།།

Lewis E. Jones

1899

16

Central Tibetan

16

Leave a Reply