Language:
Art & Music MinistryArticleBhutanBible PortionsBuddhismCelebration & SeasonsCentral TibetChildrenChristian BodyChristian LifeChristian TeachingChristmasCounsellingCovid-19DanceDevotionDictionariesDiscipleshipEasterEthnomusicologyEvangelizationFaithFeaturedFolk SongFuneral and DeathGlobal Prayer DayHealth WorkJesus ChristJoin The DanceKhamLinguisticsMission biographyNepalNewPastoral CarePicturalPostersPrayerSalvationScriptureSharing and OutreachSocial DevelopmentSongSongbooksStory Telling and StoriesTestimonyThankasTheologyTibetan Buddhist WorldWorship
Amdo TibetanCentral TibetanChineseDzongka Roman ScriptDzongkhaEnglishInner MongolianInstrumentalKham TibetanSpanishTibetanTibetan Roman ScriptTshangla
-
༡ རི་དེར་ཡར་ལ་འགོས་ནས། ཨ་ཧ་ལ། ཨ་ཞང་པ་སངས་དང་ཐུག་བྱུང་ཧ་ལེ་ལོའུ་ཡཱ། ཡེ་ཤུ་ལ་དད་པ་ཡོད་པས། ཁོང་ཉིད་དེ་ན་བཞུགས་ཡོད། ཨ་ཧ་ཨ་ཧ། ཧ་ལེ་ལོའུ་ཡཱ། ཨ་ཧ་ཨ་ཧ། སྐྱབས་མགོན་ཡེ་ཤུ་བཞུགས་ཡོད། ༢ གྲོང་དེར་མར་ལ་བབས་ནས། ཨ་ཧ་ལ། མི་ཚང་སྐལ་བཟང་དང་ཐུག་བྱུང་ཧ་ལེ་ལོའུ་ཡཱ། ཡེ་ཤུ་ལ་དད་པ་ཡོད་པས། ཁོང་ཉིད་དེར་ཡང་བཞུགས་ཡོད། ཨ་ཧ་ཨ་ཧ། ཧ་ལེ་ལོའུ་ཡཱ། ཨ་ཧ་ཨ་ཧ། སྐྱབས་མགོན་ཡེ་ཤུ་བཞུགས་ཡོད། ༣ རྒྱ་མཚོའི་ཕར་ལ་བརྒལ་ནས། ཨ་ཧ་ལ། གྲོགས་པོ་གསར་པ་དང་ཐུག་བྱུང་ཧ་ལེ་ལོའུ་ཡཱ། ཡེ་ཤུ་ལ་དད་པ་ཡོད་པས། ཁོང་ཉིད་དེར་ཡང་བཞུགས་ཡོད། ཨ་ཧ་ཨ་ཧ། ཧ་ལེ་ལོའུ་ཡཱ། ཨ་ཧ་ཨ་ཧ། སྐྱབས་མགོན་ཡེ་ཤུ་བཞུགས་ཡོད། ༤ ཤར་ཕྱོགས་ཡུལ་འདིར་བསླེབས་ནས། ཨ་ཧ་ལ། ཁྱེད་ཚོ་ཚང་མ་དང་ཐུག་བྱུང་ཧ་ལེ་ལོའུ་ཡཱ། ཡེ་ཤུ་ལ་དད་པ་བྱེད་ན། ཁོང་ཉིད་འདིར་ཡང་བཞུགས་ཡོད། ཨ་ཧ་ཨ་ཧ། ཧ་ལེ་ལོའུ་ཡཱ། ཨ་ཧ་ཨ་ཧ། སྐྱབས་མགོན་ཡེ་ཤུ་བཞུགས་ཡོད། ༥ མི་ཚེ་འདི་ཉིད་རྫོགས་ནས། ཨ་ཧ་ལ། ནམ་མཁའི་རྒྱལ་པོ་ལགས་མཇལ་ཡོང་ཧ་ལེ་ལོའུ་ཡཱ། ཡེ་ཤུ་ལ་དད་པ་བྱེད་ན། ཁོང་དང་མཉམ་དུ་སྡོད་ཡོང་། ཨ་ཧ་ཨ་ཧ། ཧ་ལེ་ལོའུ་ཡཱ། ཨ་ཧ་ཨ་ཧ། ཁོང་དང་མཉམ་དུ་སྡོད་ཡོང་།
I Climbed the Mountain
84
-
ཡོང་བཞིན་ཡོང་བཞིན་ཡོང་བཞིན་འདུག ཐག་རིང་ཡུལ་ནས་ཡོང་བཞིན་འདུག ༢ ༡ ཡུལ་ཐག་རིང་དང་ནགས་འཐུག་པོ་ནས། ཨ་ཧྥི་རི་ཀ་ཡི་སྤུན་ཐམས་ཅད། ༢ གཙོ་བོ་ཡེ་ཤུའི་བྱམས་པས་འཐེན་ནས། ཤིང་རྒྱ་གྲམ་དྲུང་དུ་སྐྱབས་འཚོལ་ཕྱིར། ༢ ༢ གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱོགས་ནས། གཙོ་བོ་ཡེ་ཤུའི་མཚན་འཚོལ་བཞིན། ༢ བོད་ཡུལ་གྱི་མི་རྣམས་ཀྱང་བསླེབ་ཡོང་། ཡེ་ཤུར་སྐྱབས་སུ་འགྲོ་བའི་ཕྱིར། ༢ ༣ རྒྱ་གར་ལུང་པའི་ཡུལ་ལྗོངས་ནས་ཀྱང་། གཙང་པོ་བཞིན་དུ་བསླེབ་ཡོང་ལགས། ༢ ཤིང་རྒྱ་གྲམ་གྱི་གཏམ་ལ་ཉན་བཞིན། ཡེ་ཤུའི་དྲུང་དུ་གནས་པའི་ཕྱིར། ༢ ༤ དབྱིན་ཇི་ལུང་པའི་མི་རྣམས་བསླེབ་ཡོང་། ཐར་བ་དང་ངལ་གསོ་འཚོལ་བཞིན། ༢ གཙོ་བོ་ཡེ་ཤུའི་བྱམས་པའི་ཕྱག་འོག རང་གི་སེམས་པ་འབུལ་བའི་ཕྱིར། ༢ ༥ གངས་ཅན་ཡུལ་གྱི་མི་རྣམས་བསླེབ་ཡོང་། ཡོང་གིན་ཡོང་གིན་འབྱོར་བཞིན་འདུག ༢ ཡེ་ཤུའི་དྲུང་དུ་ཉི་དྲོད་ཐོབ་ནས། དེར་རྒྱུན་དུ་བདེ་བ་ཐོབ་ཡོང་། ༢ ༦ སྐྱབས་མགོན་ཡེ་ཤུའི་མཚན་ལ་བསྟོད་སྔོགས། ངེད་བདེ་བའི་ཞིང་དུ་བསླེབ་ཡོང་། ༢ ང་ཚོའི་བསྟོད་པ་ང་ཚོའི་ལྷན་འཛོམས། རྒྱུན་དུ་བྲལ་མེད་གནས་པར་འགྱུར། ༢
Coming, Coming
82
-
༡ ཡེ་ཤུས་ང་ལ་བྱམས་པ་གནང་། གསུང་རབ་ནང་དུ་གསུང་གི་འདུག ཕྲུ་གུ་རྣམས་ཁོང་གི་ཡིན་ཏེ། དེ་ཚོའི་སྟོབས་ཆུང་ཁོང་ནི་ཆེ། ཡེ་ཤུས་ང་ལ་བྱམས་སོ། ཡེ་ཤུས་ཁྱོད་ལ་བྱམས་སོ། ཡེ་ཤུས་ང་ལ་བྱམས་སོ། དམ་ཆོས་ལ་བྲིས་ནས་འདུག ༢ ཡེ་ཤུ་ངའི་དོན་དུ་གྲོངས་ནས། ནམ་མཁའི་རྒྱལ་སྒོ་ཕྱེས་པ་ཡིན། ངས་ཁོང་ལ་དད་པ་བྱེད་ན། ང་ཡི་སྡིག་པ་འདག་པར་འགྱུར། ༣ ཡེ་ཤུས་ང་ལ་རྒྱུན་དུ་བྱམས། རྒྱུན་དུ་ང་ལ་བདག་སྐྱོང་གནང་། ཤི་བའི་བར་ཁོང་ལ་དགའ་ན། ཁོང་གིས་ང་ནམ་མཁར་འདྲེན་ཡོང་།
Jesus Loves Me, This I Know
81
-
༡ ཡེ་ཤུས་ཅི་འདྲ་གསུངས་པ་རེད། ལ་ཡ་ཡི་ལ་སོ། ཁྱོད་རང་སྐོམ་པ་ཡིན་ན། ཁ་སྐོམ་པ་ཡིན་ན་ང་ཡི་རྩ་ལ། བསླེབ་ཤོག་ང་ཡིས་ཁྱོད་ལ། གསོན་པོའི་ཆུ་དེ་སྤྲད་ཡོང་། ༢ ༢ ཡེ་ཤུས་ཅི་འདྲ་གསུངས་པ་རེད། ལ་ཡ་ཡི་ལ་སོ། ཁྱོད་ནི་ངའི་རྩར་བསླེབས་ན། ཨ་ངའི་རྩར་བསླེབས་ན་དམ་པའི་ཐུགས་ཉིད། ཁྱོད་རང་ལ་གནང་ཞིང་། ཁོང་ཉིད་ཁྱོད་ནང་བཞུགས་ཡོང་། ༢ (མགྱོགས་གཞས།) ༡ ཡེ་ཤུས་ཅི་འདྲ་གསུངས་པ་རེད། ༢ ངའི་རྩ་ལ་ཕེབས་ཤོག ང་ཡིས་་་ཁྱོད་ལ་གསོན་པོའི་ཆུ་དེ་སྤྲོད་རྒྱུ་ཡིན། ང་ཡིས་་་ཁྱོད་ལ་གསོན་པོའི་ཆུ་དེ་སྤྲོད་རྒྱུ་ཡིན། ༢ ཡེ་ཤུས་ཅི་འདྲ་གསུངས་པ་རེད། ༢ ངའི་རྩ་ལ་ཕེབས་ཤོག དམ་པའི་ཐུགས་ཉིད་ཁྱོད་ཀྱི་ནང་དུ་བཞུགས་པར་འགྱུར། དམ་པའི་ཐུགས་ཉིད་ཁྱོད་ཀྱི་ནང་དུ་བཞུགས་པར་འགྱུར།
What Did Jesus Say?
80
-
༡ ཡེ་ཤུ་ཅི་འདྲའི་མཛའ་བརྩེ་ལྡན་པ། ང་ཚོའི་སྡིག་བསྔལ་ཕྲག་ཏུ་བསྣམས། དོན་ཀུན་དཀོན་མཆོག་ལ་ཞུ་ཆོག་པའི། གནང་སྦྱིན་དེ་ནི་ཅི་འདྲ་ཆེ། ཀྱེ། དོན་མེད་པའི་སེམས་སྡུག་ཇི་ཙམ། མཚམས་མཚམས་ང་ལ་ཅི་ལ་བྱུང་། ངས་དཀོན་མཆོག་ལ་མ་ཞུས་པའི་ཕྱིར། སྡུག་བསྔལ་དེ་ཐམས་ཅད་བྱུང་ངོ་།། ༢ ང་ལ་སྡུག་བསྔལ་དང་ཉམས་ཚོད་ཀྱིས། བཅོ་ཐབས་མེད་པར་ཀུན་ནས་མནན། ང་ཚོའི་ཡིད་སེམས་ཕམ་མི་དགོས་ཏེ། སྨོན་ལམ་བཏབ་ནས་གཙོ་བོར་གསོལ། ང་ཚོར་སྡུག་བསྔལ་བྱུང་བའི་དུས་སུ། ཁོང་དང་འདྲ་བ་སུ་ཡང་མེད། ཡེ་ཤུས་ང་ནུས་མེད་ཡིན་པ་མཁྱེན་པས། ཞུ་ལམ་ནས་གཙོ་བོ་ལ་གསོལ། ༣ ང་ཚོ་ཉོན་མོངས་ཁུར་ལྕིས་མནན་ཞིང་། སེམས་ཁྲེལ་མང་བས་སྡུག་བསྔལ་ཆེ། སྐྱབས་མགོན་མཆོག་ལ་སྐྱབས་སུ་འགྲོའོ། སྨོན་ལམ་འདེབས་ཤིང་ཁོང་ལ་ཞུ། གྲོགས་པོ་རྣམས་ཀྱིས་ང་ཚོ་སྤང་དུས། གཙོ་བོས་མཁྱེན་པས་ཁོང་ལ་ཞུས། ང་ཚོའི་ཁུར་པོ་ཇེ་ཡང་མཛད་ཅིང་། ཁོང་གིས་ང་ལ་ཞི་བདེ་གནང་།
What a Friend We Have in Jesus
79
-
ཡེ་ཤུ་མཱ་ཤི་ཀ་ནི། ཁ་སང་དང་དེ་རིང་དང་། དུས་རྒྱུན་དུ་ནམ་ཡང་འགྱུར་བ་མེད། ཁ་སང་དང་དེ་རིང་དང་། དུས་རྒྱུན་དུ་ནམ་ཡང་འགྱུར་བ་མེད།
Jesus Christ
-
༡ ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། འཕྲིན་འདི་མི་ཐམས་ཅད་ལ་ཤོད། དེ་ཕྱིར་ང་ཚོ་ཡི་སྐྱབས་མགོན། འཇིག་རྟེན་འདི་ལ་ཕེབས་པ་ཡིན། ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། ཡང་ནས་ཡང་དུ་དགའ་བར་ཤོག ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། འཕྲིན་འདི་མི་ཐམས་ཅད་ལ་ཤོད། ༢ ཡེ་ཤུས་སྡིག་ཅན་རྣམས་བསྐྱབ་ཡོང་། ཁོང་ནི་ཁྱོད་འདྲེན་པར་བཞུགས་ཡོད། ཁྱོད་ཀྱིས་ཁོང་ལ་དད་པ་བྱེད་ན། ཁྱོད་ཀྱི་སྡིག་པ་རྣམས་བསལ་ཡོང་། ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། ཡང་ནས་ཡང་དུ་དགའ་བར་ཤོག ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། འཕྲིན་འདི་མི་ཐམས་ཅད་ལ་ཤོད། ༣ ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། ཤིན་ཏུ་བཙོག་པ་ཡིན་ན་ཡང་། འགྱོད་སེམས་བཅངས་ནས་ཡོང་ན་ནི། ཁོང་གིས་དེ་ལ་སོང་མི་གསུང་། ༤ ད་ལྟ་ཐར་བའི་ཉིན་མོ་ཡིན། ཐར་བའི་ཆུ་མིག་འབབ་བཞིན་འདུག སུ་ལ་དགོས་ན་དེས་འཐུང་ཆོག མཐའ་མེད་པའི་སྲོག་དེར་ཐོབ་ཡོང་། ༥ སྡིག་པ་སྤངས་ནས་ཚུར་ཤོག་ལ། ཁྱོད་ཀྱི་སེམས་ཡེ་ཤུ་ལ་ཕུལ། ངའི་རྩར་མགྱོགས་པོར་ཤོག་ཅིག་ཅེས། ཁོང་གིས་བྱམས་པའི་ངང་ནས་གསུངས།
Sinners Jesus will Receive
77
-
༡ ཡེ་ཤུ་ང་རྒྱ་གྲམ་རྩར་འདྲེན་རོགས། རིན་ཆེན་ཆུ་མིག་འབབ་བཞིན་འདུག རིན་མེད་གསོ་ཆུ་ཀུན་གྱི་ཕྱིར། ནམ་མཁའ་ནས་བཞུར་གྱིན་འདུག ཤིང་རྒྱ་གྲམ་ནང་། ཤིང་རྒྱ་གྲམ་ནང་། དགའ་སྤྲོ་རྒྱུན་ཆད་མེད་པ། ངའི་སེམས་ལ་ནམ་མཁའི་ཞི་བདེ། ཐོབ་རག་བར་ངས་སྒུག་ཡོང་། ༢ ངའི་སེམས་འདར་ཞིང་དེར་བཅར་བས། ཐུགས་རྗེ་དང་བྱིན་རླབས་ཐོབ། ཐོ་རངས་སྐར་ཆེན་བཀྲག་ཅན་གྱི། འོད་ཟེར་གྱིས་ང་ཁྱབ་བོ། ༣ ཀྱེ་ལུ་གུའི་ཤིང་རྒྱ་གྲམ་རྩར། ང་ལ་ཞལ་གཟིགས་ཤིག་གནོངས། ང་ཉིན་རེ་བཞིན་དུ་དེ་ཡི། གྲིབ་འོག་འགྲོ་བར་རོགས་གནོངས། ༤ གཙང་པོའི་ཕར་ཁའི་གསེར་འགྲམ་དེར། ང་རང་བསླེབ་རག་བར་དུ། བློ་གདེང་བསྐྱེད་ནས་ཤིང་རྒྱ་གྲམ་རྩར། ངས་བསྒུགས་ནས་སྡོད་རྒྱུ་ཡིན།
Jesus Keep Me Near the Cross
76
-
ཡེ་ཤུ་ངས་ཁྱེད་ལ་ཚང་མ་འབུལ་རྒྱུ་ཡིན། ཡེ་ཤུ་དཀོན་མཆོག་དྲང་པོ་ནི་གཅིག་ལས་མེད། ཁྱེད་གྲོངས་ནས་ཐར་པ་གནང་། ཁྱེད་རང་སྐུ་སླར་ཡང་གསོན། ཁྱེད་ཀྱི་ཞབས་དྲུང་དུ་ངས་ཕྱག་འཚལ་རྒྱུ་ཡིན།
Jesus, I Offer You All
75
-
༡ དམ་པའི་ཡབ་ཆེན་མཚན་ལ་བསྟོད་པར་ཤོག ཉིན་མཚན་མེད་པར་ཁོང་ལ་ཕྱག་འཚལ་གྱིས། འོད་ཟེར་ཞིང་ཁམས་དཀྱིལ་དུ་བཞུགས་པ་ཡི། ང་ཚོའི་ཡབ་ཆེན་ཁོང་ལ་བསྟོད་བསྔགས་འབུལ། ཡ་ཧོ་ཝ་ལ་་་གཙོ་བོའི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝ་ལ་་་ཡེ་ཤུའི་མཚན་ལ་བསྟོད་པར་ཤོག ༢ རིན་ཆེན་སྐྱབས་མགོན་ཡེ་ཤུར་བསྟོད་པར་ཤོག རྒྱུན་ཆད་མེད་པར་ཁོང་ལ་བསྟོད་དབྱངས་ལེན། ཡབ་ཀྱི་ཕྱག་གཡས་སུ་བཞུགས་མཁན་དེ་ལ། ཁྱོད་ཀྱིས་ལག་པ་བརྐྱངས་ནས་བསྟོད་དབྱངས་ཕུལ། ༣ ཡབ་སྲས་ཐུགས་ཉིད་གསུམ་ལ་བསྟོད་པར་ཤོག སྐྱིད་གླུ་སྙན་འཇེབས་གཏིང་ནས་ཁོང་ལ་འབུལ། བདེན་པའི་མཆོད་པ་ཡིན་པའི་གསོན་པོ་དང་། ཡ་ཝཱེ་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། ཡ་ཧོ་ཝ་ལ་་་གཙོ་བོའི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝ་ལ་་་ཡེ་ཤུའི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝ་ལ། ཡ་ཧོ་ཝ་ལ། ཡ་ཧོ་ཝ་ལ། ཡ་ཧོ་ཝ་ལ།
Praise the Lord
74
-
འཛམ་བུ་གླིང་གི་ཕྲུ་གུ་ཀུན་ལ། ཡེ་ཤུས་བྱམས་པ་གནང་བཞིན་ཡོད། དམར་པོ་སེར་པོ་ནག་པོ་དཀར་པོ། དེ་ཚོ་ཅི་འདྲ་ཡིན་ན་ཡང་། ཁོང་གིས་ཚང་མ་ལ་བྱམས་པ་གནང་བཞིན་ཡོད།
Jesus Loves the Little Children
73
-
༡ གཙོ་བོས་ཅི་འདྲ་གསུངས་པ་བཞིན་དུ་མཛད་པར་ཤོག ༢ ང་ནི་གཙོ་བོའི་འཁོར་གཡོག་ཡིན། ངས་རང་ཉིད་གཙོ་བོ་ལ་འབུལ། གཙོ་བོས་ཅི་འདྲ་གསུངས། གཙོ་བོས་ཅི་འདྲ་གསུངས། གཙོ་བོས་ཅི་འདྲ་གསུངས་པ་བཞིན་དུ་མཛད་པར་ཤོག ༢ ང་ཡི་སེམས་ཀྱིས་གཙོ་བོར་བསྟོད་པ་འབུལ་བཞིན་ཡོད། ༢ ཁོང་ང་ཡི་སྐྱབས་མགོན་ཡིན། ངས་ཁོང་ལ་ཡི་རང་ཞུ། ང་ཡི་སེམས་ཉིད་ཀྱིས། ང་ཡི་སེམས་ཉིད་ཀྱིས། ང་ཡི་སེམས་ཀྱིས་གཙོ་བོར་བསྟོད་པ་འབུལ་བཞིན་ཡོད། ༣ བླ་མེད་དཀོན་མཆོག་ལ་དད་གུས་འབྱུང་བར་ཤོག ༢ ས་གཞིར་ཁོང་དགྱེས་པ་ཀུན་ལ། ཞི་བདེ་འོང་བར་ཤོག བླ་མེད་དཀོན་མཆོག་ལ། བླ་མེད་དཀོན་མཆོག་ལ། བླ་མེད་དཀོན་མཆོག་ལ་དད་གུས་འབྱུང་བར་ཤོག
Let It Be to Me According to Your Word