-
༡ མིར་ཡམ་ནང་བཞིན་ང་གཅིག་པོ་ངུ་དུས། ཡེ་ཤུས་ངའི་རྩར་བཞེངས་ནས་འདི་འདྲ་གསུངས་པ། ཁྱེད། ཅི་ཕྱིར་འདི་ལྟར་ངུ་བཞིན་ཡོད། ཁྱེད། ཅི་ཕྱིར་འདི་ལྟར་ངུ་བཞིན་ཡོད། ང་ཁྱེད་དང་མཉམ་དུ་བསྡད་ནས་ཡོད། འཇིགས་སྣང་མ་སྐྱེས། འཇིགས་སྣང་མ་སྐྱེས། ༢ ཉེ་གནས་རྣམས་ནང་བཞིན་མི་ལ་འཇིགས་དུས། ཡེ་ཤུས་ངའི་རྩར་བཞེངས་ནས་འདི་འདྲ་གསུངས་པ། ཁྱེད་ཀྱི་སེམས་ལ་ཞི་བདེ་ཡོང་བར་ཤོག ཁྱེད་ཀྱི་སེམས་ལ་ཞི་བདེ་ཡོང་བར་ཤོག དམ་པའི་ཐུགས་ཉིད་སློང་ཞིག འཇིགས་སྣང་མ་སྐྱེས། འཇིགས་སྣང་མ་སྐྱེས། ༣ ཐོ་མཱ་ནང་བཞིན་ངའི་སེམས་ལ་དོགས་པ་སྐྱེས་དུས། ཡེ་ཤུས་ངའི་རྩར་བཞེངས་ནས་འདི་འདྲ་གསུངས་པ། ཁྱེད་དོགས་པ་མ་སྐྱེས་ང་ལ་དད་པ་བྱོས། ཁྱེད་དོགས་པ་མ་སྐྱེས་ང་ལ་དད་པ་བྱོས། ང་ཁྱེད་དང་མཉམ་དུ་བསྡད་ནས་ཡོད། འཇིགས་སྣང་མ་སྐྱེས། འཇིགས་སྣང་མ་སྐྱེས། ༤ མཐའ་མེད་པའི་སྲོག་ང་ལ་གནང་བ་རེད། ཁྱེད་ཀྱི་ཞབས་དྲུང་དུ་ཕྱག་འཚལ་རྒྱུ་ཡིན། ཧ་ལེ་ལོའུ་ཡཱ། ཡེ་ཤུ་སྐུ་གསོན་པོར་བཞེངས། ཧ་ལེ་ལོའུ་ཡཱ། ཡེ་ཤུ་སྐུ་གསོན་པོར་བཞེངས། ཡེ་ཤུ་ཁྱེད། ང་དང་མཉམ་དུ་བཞུགས། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ༥ ཡེ་ཤུའི་ཤིང་རྒྱ་གྲམ་གྱི་སྐུ་ཁྲག་བརྒྱུད་ནས། ང་ཡི་སྡིག་པ་ཚང་མ་མེད་པར་བཟོས་སོང༌། ཧ་ལེ་ལོའུ་ཡཱ། ཡེ་ཤུ་སྐུ་གསོན་པོར་བཞེངས། ཧ་ལེ་ལོའུ་ཡཱ། ཡེ་ཤུ་སྐུ་གསོན་པོར་བཞེངས། ཡེ་ཤུ་ཁྱེད། ང་དང་མཉམ་དུ་བཞུགས། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ།
Hallelujah He is Alive
213
-
༡ མད་ཐཱ་དང་། མཱར་ཀུ། ལོ་ཀུ། ཡོ་ཧ་ནན་གྱིས་བྲིས་པའི་འཕྲིན་བཟང་བཞི། སྐུ་ཚབ་པ་རྣམས་ཀྱི་མཛད་འཕྲིན་དང་། སྐུ་ཚབ་ཕོལ་ལོལ་གྱི་འཕྲིན་ཡིག་རྣམས། དམ་པའི་གསུང་རབ་ཞལ་ཆད་གསར་བ། ཀློག་རོགས་གནང་། ༢ རོ་མཱ་པ་དང་ཀོ་རིན་ཐུ་པ། དང་པོ་དང་དེའི་གཉིས་པ། ག་ལད་ཡཱ་པ། ཨེ་ཧྥེ་སི་པ། ཧྥི་ལིབ་ཕེ་པ། ཀོ་ལོ་སཱ་པ། དམ་པའི་གསུང་རབ་ཞལ་ཆད་གསར་བ། ཀློག་རོགས་གནང་། ༣ ཐེ་སཱ་ལོ་ནེ་ཀ་ཡི་དང་པོ། ཐེ་སཱ་ལོ་ནེ་ཀའི་གཉིས་པ། ཐི་མོ་ཐེ་དང་པོ་དང་། ཐི་མོ་ཐེ་གཉིས་པ་དང་། ཐི་ཏུ། ཧྥི་ལེ་མོན་ནི་ཕོལ་ལོལ་གྱི་འཕྲིན་ཡིག་ཡིན། ༤ གཞན་གྱིས་བརྩམས་པའི་འཕྲིན་ཡིག་རྣམས་ནི། ཨིབ་རི་པ་དང་ཡ་ཀོབ་དང་། པེ་ཏྲོས་བྲིས་པའི་འཕྲིན་ཡིག་གཉིས། ཡོ་ཧ་ནན་གྱི་འཕྲིན་ཡིག་གསུམ། དམ་པའི་གསུང་རབ་ཞལ་ཆད་གསར་བ། ཀློག་རོགས་གནང་། ༥ ཡ་ཧུ་དཱའི་འཕྲིན་ཡིག་དང་། ཡོ་ཧ་ནན་ལ་མངོན་པར་མཛད་པ། ཞལ་ཆད་གསར་བའི་མདོ་རྣམས་ནི། ཁྱོན་བསྡོམས་ཉི་ཤུ་རྩ་བདུན་ཡོད། དམ་པའི་གསུང་རབ་ཞལ་ཆད་གསར་བ། ཀློག་རོགས་གནང་།
No Eng Title
212
-
སྤོབས་པ་བསྐྱེད། (སྤོབས་པ་བསྐྱེད།) སྟོབས་ཤུགས་འཛོམས། (སྟོབས་ཤུགས་འཛོམས།) ཁྱེད་ཀྱི་དཀོན་མཆོག་ཁྱེད་དང་མཉམ་དུ་བཞུགས། སྤོབས་པ་བསྐྱེད། (སྤོབས་པ་བསྐྱེད།) སྟོབས་ཤུགས་འཛོམས། (སྟོབས་ཤུགས་འཛོམས།) ཁྱེད་ཀྱི་དཀོན་མཆོག་ཁྱེད་དང་མཉམ་དུ་བཞུགས། ང་རང་མི་སྐྲག་གི (མི་སྐྲག) ང་ལ་འཇིགས་སྣང་ཅི་ཡང་མེད། (ཅི་ཡང་མེད།) ང་ནི་དད་པ་དང་རྒྱལ་ཁ་ནང་དུ་སྐྱོད། ཤོག་དང་དད་པ་དང་རྒྱལ་ཁ་ནང་དུ་སྐྱོད། དཀོན་མཆོག་ཁོང་ནི་ཁྱོད་དང་མཉམ་དུ་བཞུགས།
Be Bold, Be Strong
211
-
༡ བླ་ན་མེད་པའི་རྒྱལ་པོའི་རྒྱལ་པོ་ནི་གཙོ་བོ་ཡིན། ཡེ་ཤུའི་གཟི་བརྗིད་མཐོན་པོར་བསྒྲེངས་པ་ཡིན། གཙོ་བོའི་མཚན་ལ་བསྟོད་བསྔགས་བརྗོད། ང་ཡི་སེམས་ནས་ཁྱེད་ལ་བསྟོད་བསྔགས་བརྗོད། ང་ཡིས་ཆེས་ཁྱད་དུ་འཕགས་པའི་ བསྟོད་བསྔགས་ཁྱེད་ལ་འབུལ། ༢ ༢ རྒྱུན་ནས་རྒྱུན་དུ་བྱམས་པའི་རྩེ་མོ་ནི་གཙོ་བོ་ཡིན། ཡེ་ཤུའི་མཚན་མཐོན་པོར་བསྒྲེངས་པ་ཡིན།
King Above All Kings
210
-
བླ་ན་མེད་པའི་དཀོན་མཆོག་གི་ཞབས་དྲུང་དུ། ཀུན་གྱིས་པུས་མོ་སར་འཛུགས་ཅིང་བསྟོད་པ་འབུལ། དམ་པའི་དཀོན་མཆོག་གི་ཞབས་དྲུང་དུ། མགོ་སྒུར་ནས་ཕྱག་འཚལ་བཞིན་ཡོད། ཡེ་ཤུ་ངའི་སྐྱབས་མགོན། ཡེ་ཤུ་ངའི་གཙོ་བོ། དཀོན་མཆོག་གི་ཐུགས་ཉིད་སྒོ་ནས། བསྟོད་པ་འབུལ་བཞིན་ཡོད།
Jesus, At Your Name
209
-
༡ བྱམས་དང་སྙིང་རྗེ་ལྡན་པའི། གཙོ་བོ་ཡ་ཝཱེའི་བྱིན་རླབས། གངས་ཅན་བོད་ཀྱི་མི་ལ། རྒྱུན་དུ་འབྲལ་མེད་གནང་ཡོད། ༢ ༢ སྤྱོད་བཟང་བོད་མི་ང་ཚོས། རང་ལ་ཐར་བ་ཐོབ་པར། ཉིན་ལྟར་སྨོན་ལམ་ཞུས་དང་། ཞུས་དང་། ཞུས། ཞུས་དང་། ཞུས་དང་། དཀོན་མཆོག་སྐྱོབ་པར་ཕེབས་ཡོང་། ༢ ༣ སྐྱབས་མགོན་ཡེ་ཤུའི་བཀའ་གསུང་། དམ་པའི་ཐུགས་ཉིད་བརྒྱུད་ནས། བོད་མི་ཚང་མའི་སེམས་ལ། ཁོང་གིས་ཞི་བདེ་གནང་ཡོང་། ༢ ༤ ཉིད་ཀྱིས་གནང་བའི་སྐུ་ཁྲག རྒྱུ་ཆེན་ཚོང་པས་ཉོ་དཀའ། དབང་ཆེན་དཔོན་པོས་འཕྲོག་བྲལ། སེམས་ལ། སེམས། སེམས་ལ། སེམས་ལ། སྐུ་ཁྲག་སེམས་ལ་ཞོག་དང་། ༢
Cham Tang Nyingje Denbay
208
-
༡ བོད་པའི་བུ་དང་བུ་མོ། སེམས་ཁྲལ་མང་པོ་མ་བྱེད། སྐྱབས་མགོན་གཙོ་བོ་ཡེ་ཤུ་བཞུགས་ཡོད། ཁོང་གིས་ཁྱོད་རང་ལ་བྱམས་པ་གནང་ཡོང་། ༢ ༢ བོད་པའི་བུ་དང་བུ་མོ། སེམས་ངལ་མང་པོ་མ་བྱེད། སྐྱབས་མགོན་གཙོ་བོ་ཡེ་ཤུ་བཞུགས་ཡོད། ཁོང་གིས་ཁྱོད་རང་ལ་རེ་བ་གནང་ཡོང་། ༢ ༣ བོད་པའི་བུ་དང་བུ་མོ། སྡུག་བསྔལ་མང་པོ་མ་བྱེད། སྐྱབས་མགོན་གཙོ་བོ་ཡེ་ཤུ་བཞུགས་ཡོད། ཁོང་གིས་ཁྱོད་རང་ལ་སེམས་ཤུགས་གནང་ཡོང་། ༢
Sons and Daughters
207
-
བུ་དང་བུ་མོ་འདི་རུ་ཕེབས།། རོལ་ཆ་རྡུང་ནས་སྐོར་བྲོ་འཁྲབ།། མི་རིགས་ཚང་མ་འདི་རུ་ཕེབས།། མགྱོགས་པོར་བསྟོད་དབྱངས་འབུལ་བར་ཤོག། ༡ རིན་ཆེན་སྐྱབས་མགོན་ཡེ་ཤུ་ལ།། བདུད་ལས་རྒྱལ་ཁ་ཐོབ་པ་ཡིན།། འཆི་བའི་གནས་ལས་རྒྱལ་བས་ན།། གྲོངས་ནས་གསོན་པོར་བཞེངས་པ་ཡིན།། ༢ ༢ ཚེ་ཡི་མཐའ་མར་བསླེབ་པའི་དུས།། འཇིག་རྟེན་འདིར་སླར་ཡོང་མི་སྲིད།། ཡབ་ཆེན་དཀོན་མཆོག་ཞབས་དྲུང་དུ།། ལམ་དེ་སྐྱབས་མགོན་ཡེ་ཤུ་ཡིན།། ༢ བུ་དང་བུ་མོ་འདི་རུ་ཕེབས།། རོལ་ཆ་རྡུང་ནས་སྐོར་བྲོ་འཁྲབ།། མི་རིགས་ཚང་མ་འདི་རུ་ཕེབས།། མགྱོགས་པོར་བསྟོད་དབྱངས་འབུལ་བར་ཤོག། ༣ རང་སེམས་སྡིག་པས་ནག་ན་ཡང་།། སྐྱབས་མགོན་ཡེ་ཤུར་སྐྱབས་བཅོལ་ན།། ཁོང་གི་ཐུགས་རྗེས་བསལ་མཛད་ནས།། ཁོང་གིས་ནམ་ཡང་སྐྱུར་མི་ཡོང་།། ༢ ༤ ཉིན་ཞིག་འཇིག་རྟེན་ཁམས་འདི་ནི།། མེ་ཡིས་ཚང་མ་བསྲེག་པར་འགྱུར།། དངོས་པོ་ཚང་མ་མེད་གྱུར་ཀྱང་།། ཡེ་ཤུའི་བཞུགས་ཁྲི་གནས་ངེས་ཡིན།། ༢ བུ་དང་བུ་མོ་འདི་རུ་ཕེབས།། རོལ་ཆ་རྡུང་ནས་སྐོར་བྲོ་འཁྲབ།། མི་རིགས་ཚང་མ་འདི་རུ་ཕེབས།། མགྱོགས་པོར་བསྟོད་དབྱངས་འབུལ་བར་ཤོག། ༢
Round Dance of Eternal Life
206
-
༡ བུ་ཆུང་ང་རང་སྤྲོ། སྤྲིན་པ་དཀར་པོའི་ངང་ཚུལ། ས་ཕྱོགས་གང་ལ་ཐོན་ཀྱང༌། ཐར་བའི་འཕྲིན་བཟང་བསྒྲགས་ཡོད། ༢ བུ་ཆུང་ང་རང་སྤྲོ། ནུབ་ཁའི་ཉི་མའི་ངང་ཚུལ། མཚམས་སྤྲིན་དམར་པོའི་བར་ནས། ལས་དབང་ཁོང་ལ་བཅོལ་ཡོད། ༣ བུ་ཆུང་ང་རང་སྐྱོ། སྟོན་ཁའི་སྡོང་ལོའི་ངང་ཚུལ། སིལ་སིལ་རླུང་བུའི་ཁྲོད་ནས། ཁྱེད་ཀྱི་བཀའ་དྲིན་དྲན་བྱུང༌། ༢
Thankfulness Song
205
-
༡ བུ་ངའི་འཇིག་རྟེན་འཁོར་བ་འདི་ནང་ལ། བཀའ་དྲིན་ཅན་ཀྱི་ཡབ་ཀྱིས། བདག་ལ་མི་ལུས་རིན་ཆེན་གནང་བྱུང་། ཁྱེད་ཀྱི་བཀའ་དྲིན་འཇལ་ཆོག ༢ ༢ ཡབ་ལགས་ཁྱེད་རང་གང་ནས་བཞུགས་ཡོད། ཉི་ཟླ་སྐར་གསུམ་ཤར་ཡང་། བུ་ངའི་མིག་ཟུང་ནང་ལ། ཁྱེད་རང་ཡང་ཡང་མཇལ་ཆོག ༢ ༣ བུ་ངའི་འཁོར་བ་འདི་ནང་ལ། ཡབ་ཁྱེད་རང་ཡོད་ཅིང་། བུ་ང་སེམས་པ་དགའ་ཞིང་། སེམས་ལ་བདེ་བ་ཐོབ་བྱུང་། ༢ ༤ བུ་ངའི་མི་ཚེ་འདི་ནང་ལ། ཡབ་ཁྱེད་ཀྱི་བཀའ་དྲིན། བུ་ངའི་སེམས་ཀྱི་ནང་ལ། ཡང་ཡང་དྲན་བཞིན་ཡོད། ༤
No Eng Title
204
-
༡ ལོ་རྒྱུས་བཤད་མཁན་དེས་ཁྲིད་པའི།། ཐང་ཀར་ང་ཡིས་བལྟ་སྐབས་སུ།། ལོ་རྒྱུས་ནང་དོན་ཤེས་མ་སོང་།། འོན་ཀྱང་སེམས་ལ་ཞི་བདེ་ཐོབ།། ༢ ༢ རྣམ་ཐར་ང་ཡི་སེམས་ལ་བབས།། བཤད་མཁན་དེ་ལ་ངས་མ་བལྟས།། སེམས་སུ་དད་པ་བརྟན་པོ་སྐྱེས།། ཡེ་ཤུས་ང་ལ་གསུངས་པ་ཡིན།། ༢ ཨོ་་་ཨ་ཕ་་་ཨ་མ་ལགས།། གླུ་འདིར་ཉོན་དང་།། འདི་ནི་དགའ་སྤྲོའི་གླུ་དབྱངས་རེད།། ༢ ༣ སྐྱབས་མགོན་ཡེ་ཤུ་གྲོངས་ན་ཡང་།། སླར་ཡང་གསོན་པོར་བཞེངས་པ་ཡིན།། ཁོང་ནི་མི་རྣམས་སྐྱོབ་པར་ཕེབས།། ང་ཡིས་ཁོང་ལ་འགྱོད་བཤགས་འབུལ།། ༢ ༤ བྱ་སྤྱོད་ཙམ་ལས་སྡིག་ཅན་ང་།། ཁོང་གིས་ཞི་བདེའི་བྱིན་རླབས་གནང་།། སེམས་ཀྱི་གཏིང་ནས་དགའ་སྤྲོའི་ངང་།། ཁོང་ལ་བསྟོད་དབྱངས་ང་ཡིས་འབུལ།། ༢ ཨོ་་་སྐྱབས་མགོན་ཡེ་ཤུ།། གླུ་འདིར་གསན་རོགས།། འདི་ནི་དགའ་སྤྲོའི་གླུ་དབྱངས་རེད།། ༢
Song of Salvation & Resurrection
203
-
༡ ཕེབས་ཤོག་ཕེབས་ཤོག་ཕེབས་ཤོག སྐྱབས་མགོན་ཡེ་ཤུ་ཕེབས་ཤོག བསྟོད་དབྱངས་འབུལ། སྐོར་བྲོ་ལྡིང་། སྐྱབས་མགོན་ཡེ་ཤུ་ཕེབས་ཤོག་ལ། ༢ ཕེབས་ཤོག་ཕེབས་ཤོག་ཕེབས་ཤོག དམ་པའི་ཐུགས་ཉིད་ཕེབས་ཤོག བསྟོད་དབྱངས་འབུལ། སྐོར་བྲོ་ལྡིང་། དམ་པའི་ཐུགས་ཉིད་ཕེབས་ཤོག་ལ།
Come, Lord Jesus Come Pep Sho
202