-
ཡོང་གིན་ཡོང་གིན་ཡོང་གིན་འདུག ཐག་རིང་ཡུལ་ནས་ཡོང་གིན་འདུག ༢ ༡ ཡུལ་ཐག་རིང་དང་ནགས་འཐུག་པོ་ནས། གླིང་ཆེན་ཨཕ་རི་ཀའི་སྤུན་ཐམས་ཅད། ༢ གཙོ་བོ་ཡེ་ཤུའི་བྱམས་པས་འཐེན་ནས། རྒྱངས་ཤིང་དྲུང་དུ་སྐྱབས་འཚོལ་ཕྱིར། ༢ ༢ གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱོགས་ནས། གཙོ་བོ་ཡེ་ཤུའི་མཚན་འཚོལ་གྱིན། ༢ བོད་ཡུལ་གྱི་མི་རྣམས་ཀྱང་སླེབ་ཡོང་། ཡེ་ཤུར་སྐྱབས་སུ་འགྲོ་བའི་ཕྱིར། ༢ ༣ རྒྱ་གར་ལུང་པའི་ཡུལ་ལྗོངས་ནས་ཀྱང་། གཙང་པོ་བཞིན་དུ་སླེབ་ཡོང་ལགས། ༢ རྒྱངས་ཤིང་གི་གཏམ་ཉན་གྱིན་ཉན་གྱིན། ཡེ་ཤུའི་དྲུང་དུ་གནས་པའི་ཕྱིར། ༢ ༤ དབྱིན་ཇི་ལུང་པའི་མི་རྣམས་སླེབ་ཡོང་། ཐར་པ་དང་ངལ་གསོ་འཚོལ་གྱིན། ༢ གཙོ་བོ་ཡེ་ཤུའི་བྱམས་པའི་ཕྱག་འོག རང་གི་སེམས་པ་ཕུལ་བའི་ཕྱིར། ༢ ༥ གངས་ཅན་ཡུལ་གྱི་མི་རྣམས་སླེབ་ཡོང་། ཡོང་གིན་ཡོང་གིན་འབྱོར་གྱིན་འདུག ༢ ཡེ་ཤུའི་དྲུང་དུ་ཉི་དྲོད་ཐོབ་ནས། དེར་རྒྱུན་དུ་བདེ་བ་ཐོབ་ཡོང་། ༢ ༦ སྐྱབས་མགོན་ཡེ་ཤུའི་མཚན་ལ་བསྟོད་སྔོགས། བདེ་བའི་ཞིང་དུ་ངེད་སླེབ་ཡོང་། ༢ ལྷན་འཛོམས་ཆེད་དུ་བསྟོད་པ་ཕུལ་ནས། རྒྱུན་དུ་འབྲལ་མེད་གནས་པར་འགྱུར།། ༢
Coming, Coming
-
༡ རང་སྲོག་སྐྱོབ་མཁན་དེས། རང་སྲོག་བརླག་པར་འགྱུར། ངའི་དོན་རང་སྲོག་རླག་མཁན་དེ། རང་སྲོག་རྙེད་པར་འགྱུར། ངའི་རྗེས་སུ་འབྲང་བར། འདོད་པ་ཡོད་ན། བདག་འཛིན་སྤོངས་ལ་རང་གི རྒྱངས་ཤིང་འཁུར་ནས་ཕེབས་ཤོག ༢ ཆེན་པོར་འགྱུར་འདོད་པ་དེ། ཞབས་ཕྱིར་འགྱུར་དགོས་རེད། དང་པོར་འགྱུར་འདོད་པ་དེ་ནི། ཚང་མའི་གཡོག་པོ་ཡིན། ངའི་རྗེས་སུ་འབྲང་བར། འདོད་པ་ཡོད་ན། བདག་འཛིན་སྤོངས་ལ་རང་གི རྒྱངས་ཤིང་འཁུར་ནས་ཕེབས་ཤོག ༣ མཱ་ཤི་ཀ་ནི་འཇིག་རྟེན་དུ། ཞབས་ཕྱི་ཐོབ་པར་མ་ཡིན། ཞབས་ཕྱི་ཞུ་ཞིང་མང་པོའི་ཚབ་ལ། རང་སྲོག་ཕུལ་བར་ཕེབས་བྱུང་།།
He Who Saves His Life
-
༡ ཡེ་ཤུས་ང་ལ་བྱམས་པར་གནང་། གསུང་རབ་ནང་ལ་གསུང་གི་འདུག ཕྲུ་གུ་རྣམས་ཁོང་གི་ཡིན་ཏེ། དེ་ཚོའི་སྟོབས་ཆུང་ཁོང་ནི་ཆེ། ཡེ་ཤུས་ང་ལ་བྱམས་སོ། ཡེ་ཤུས་ཁྱེད་ལ་བྱམས་སོ། ཡེ་ཤུས་ང་ལ་བྱམས་སོ། དམ་ཆོས་ལ་བྲིས་ནས་འདུག ༢ ཡེ་ཤུ་ངའི་དོན་གྲོངས་པ་ཡིན། ནམ་མཁའི་རྒྱལ་སྒོ་ཕྱེ་བ་ཡིན། ངས་ཁོང་ལ་དད་པ་བྱེད་ན། ང་ཡི་སྡིག་པ་འདག་པར་འགྱུར། ༣ ཡེ་ཤུས་ང་ལ་རྒྱུན་དུ་བྱམས། རྒྱུན་དུ་ང་ལ་ཅག་ག་གནང་། ཤི་བའི་བར་ཁོང་ལ་བྱམས་ན། ཁོང་གིས་ང་ནམ་མཁར་འདྲེན་ཡོང་།།
Jesus Loves Me, This I Know
-
(དལ་གཞས།) ༡ ཡེ་ཤུས་ག་རེ་གསུངས་པ་རེད། ལ་ཡ་ཡི་ལ་སོ། ཁྱེད་རང་ཁ་སྐོམ་པ་ཡིན་ན། ཁ་སྐོམ་པ་ཡིན་ན་སྨོན་ལམ་བརྒྱབ་ནས། ངའི་རྩར་ཤོག་ང་ཡིས་ཁྱེད་ལ། གསོན་པོའི་ཆུ་དེ་སྤྲད་ཡོང་། ༢ ༢ ཡེ་ཤུས་ག་རེ་གསུངས་པ་རེད། ལ་ཡ་ཡི་ལ་སོ། ཁྱེད་རང་ངའི་རྩ་ལ་ཕེབས་ན། ངའི་རྩ་ལ་ཕེབས་ན་དམ་པའི་ཐུགས་ཉིད། ཁྱེད་རང་ལ་ཕེབས་ཞིང་། ཁོང་ཉིད་ཁྱེད་ནང་བཞུགས་ཡོང་། ༢ (མགྱོགས་གཞས།) ༡ ཡེ་ཤུས་ག་རེ་གསུངས་པ་རེད། ༢ ངའི་རྩ་ལ་ཕེབས་ཤོག ཨ་་་ཁྱེད་ལ་ང་ཡིས་གསོན་པོའི་ཆུ་དེ་སྤྲད་ཀྱི་ཡིན། ཨ་་་ཁྱེད་ལ་ང་ཡིས་གསོན་པོའི་ཆུ་དེ་སྤྲད་ཀྱི་ཡིན། ༢ ཡེ་ཤུས་ག་རེ་གསུངས་པ་རེད། ༢ ངའི་རྩ་ལ་ཕེབས་ཤོག ཨ་་་དམ་པའི་ཐུགས་ཉིད་ཁྱེད་ཀྱི་སེམས་ནང་བཞུགས་ཀྱི་རེད། ཨ་་་དམ་པའི་ཐུགས་ཉིད་ཁྱེད་ཀྱི་སེམས་ནང་བཞུགས་ཀྱི་རེད།།
What Did Jesus Say?
-
༡ ཡེ་ཤུ་མཛའ་བོ་ཇི་ལྟར་ཆེ་བ། ང་ཚོའི་སྡིག་སྡུག་ཐམས་ཅད་བསྣམས། དོན་ཀུན་དཀོན་མཆོག་ལ་ཞུ་ཆོག་པའི། གནང་བ་དེ་ནི་ཅི་ལྟར་ཆེ། ཕན་ཐོག་མེད་པའི་སེམས་སྡུག་ཇི་ཙམ། མཚམས་མཚམས་ང་ལ་ཅི་ལ་བྱུང་། ངས་དཀོན་མཆོག་ལ་མ་ཞུ་བའི་ཕྱིར། སྡུག་བསྔལ་དེ་ཐམས་ཅད་བྱུང་ངོ་། ༢ ང་ཚོར་སྡུག་བསྔལ་དང་ཉམས་ཚོད་ཀྱིས། བཅོ་ཐབས་མེད་པར་ཀུན་ནས་མནན། ང་ཚོའི་སེམས་ཕམ་པར་མི་དགོས་ཏེ། སྨོན་ལམ་ཞུས་ནས་གཙོ་བོར་གསོལ། ང་ཚོར་སྡུག་བསྔལ་བྱུང་བའི་དུས་སུ། ཁོང་དང་འདྲ་བ་སུ་ཡང་མེད། ཡེ་ཤུས་ང་སྟོབས་མེད་ཡིན་མཁྱེན་པས། ཞུ་ལམ་ནས་གཙོ་བོ་ལ་གསོལ། ༣ ང་ཚོ་ཉོན་མོངས་ཁལ་ལྗིད་མནན་ཞིང་། སེམས་ཁྲལ་མང་བས་སྡུག་བསྔལ་ཆེ། སྐྱབས་མགོན་རིན་ཆེན་ལ་སྐྱབས་སུ་འགྲོ། སྨོན་ལམ་འདེབས་ཤིང་ཁོང་ལ་ཞུ། གྲོགས་པོ་རྣམས་ཀྱིས་ང་ཚོ་སྤང་དུས། གཙོ་བོས་མཁྱེན་པས་ཁོང་ལ་ཞུས། ང་ཚོའི་ཁུར་པོ་ཡང་པོ་མཛད་ཅིང་། ཁོང་གིས་ང་ཚོར་ཞི་བདེ་གནང་།།
What a Friend We Have in Jesus
-
ཡེ་ཤུ་མཱ་ཤི་ཀ་ནི། ཁ་སང་དང་དེ་རིང་དང་། དུས་རྒྱུན་དུ་འགྱུར་གྱི་མ་རེད། ཁ་སང་དང་དེ་རིང་དང་། དུས་རྒྱུན་དུ་འགྱུར་གྱི་མ་རེད།།
Jesus Christ
-
༡ ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། ལོན་འདི་མི་ཐམས་ཅད་ལ་ཤོད། དེ་ཕྱིར་ང་ཚོ་ཡི་སྐྱབས་མགོན། འཇིག་རྟེན་འདི་ལ་སྤྲུལ་པ་ཡིན། ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། ཡང་ནས་ཡང་དུ་དགའ་བར་ཤོག ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། ལོན་འདི་མི་ཐམས་ཅད་ལ་ཤོད། ༢ ཡེ་ཤུས་སྡིག་ཅན་རྣམས་བསྐྱབ་ཡོང་། ཁོང་ནི་ཁྱེད་འདྲེན་པར་བཞུགས་ཡོད། ཁྱེད་ཁོང་ལ་དད་པ་བྱེད་ན། ཁྱེད་ཀྱི་སྡིག་པ་རྣམས་བསལ་ཡོང་། ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། ཡང་ནས་ཡང་དུ་དགའ་བར་ཤོག ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། ལོན་འདི་མི་ཐམས་ཅད་ལ་ཤོད། ༣ ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། བཙོག་པ་ཞེ་དྲགས་ཡིན་ན་ཡང་། འགྱོད་སེམས་སྐྱེ་ནས་ཡོང་པ་ཡིན་ན། ཁོང་གིས་དེ་ལ་རྒྱུག་མི་གསུང་། ༤ ད་ལྟ་ཐར་བའི་ཉིན་མོ་ཡིན། ཐར་པའི་ཆུ་མིག་ལུད་ཀྱི་འདུག སུ་ལ་དགོས་ན་དེ་འཐུང་ཆོག མཐའ་མེད་པའི་སྲོག་དེར་ཐོབ་ཡོང་། ༥ སྡིག་པ་སྤངས་ནས་ཚུར་ལོག་ཤོག ཁྱེད་ཀྱི་སེམས་ཡེ་ཤུ་ལ་ཕུལ། ཁོང་གིས་བྱམས་པའི་ཐོག་ནས་གསུང་། ངའི་རྩར་མགྱོགས་པོར་ཤོག་ཅིག་ཅེས།།
Sinners Jesus will Receive
-
༡ ཡེ་ཤུ་ང་རྒྱངས་ཤིང་རྩར་ཞོག རིན་ཆེན་ཆུ་མིག་འབབ་ཀྱིན་འདུག རིན་མེད་གསོ་ཆུ་ཀུན་གྱི་ཕྱིར། ནམ་མཁའ་ནས་ལུད་ཀྱིན་འདུག རྒྱངས་ཤིང་ནང་། རྒྱངས་ཤིང་ནང་། དགའ་སྤྲོ་རྒྱུན་ཆད་མེད་པ། ངའི་སེམས་ལ་ནམ་མཁའི་ཞི་བདེ། མ་ཐོབ་པར་ང་བསྒུག་ཡོང་། ༢ ངའི་སེམས་འདར་ཞིང་དེར་བཅར་བས། ཐུགས་རྗེ་དང་བྱིན་རླབས་ཐོབ། ཐོ་རངས་སྐར་ཆེན་བཀྲག་ཅན་གྱི། འོད་ཟེར་གྱིས་ང་ཁྱབ་བོ། ༣ ཀྱེ་ལུ་གུའི་རྒྱངས་ཤིང་གི་རྩར། ང་ལ་ཞལ་གཟིགས་ཤིག་གནོངས། ང་ཉིན་རེ་བཞིན་དུ་དེ་ཡི། གྲིབ་འོག་འགྲོ་བར་རོགས་གནོངས། ༤ གཙང་པོའི་ཕར་ཁའི་གསེར་འགྲམ་དེར། ང་མ་བསླེབ་པའི་བར་དུ། བློ་གདེང་བསྐྱེད་ནས་རྒྱངས་ཤིང་རྩར། ངས་བསྒུགས་ནས་སྡོད་ཀྱི་ཡིན།།
Jesus Keep Me Near the Cross
-
ཡེ་ཤུ་ང་ཁྱེད་ལ་ཚང་མ་ཕུལ་གྱི་ཡིན། ཡེ་ཤུ་དཀོན་མཆོག་དྲང་པོ་ནི་གཅིག་ལས་མེད། ཁྱེད་གྲོངས་ནས་ཐར་པ་གནང་། ཁྱེད་རང་སྐུ་གསོན་པོ་བཞེངས། ཁྱེད་ཀྱི་ཞབས་དྲུང་དུ་ང་ཕྱག་འཚལ་གྱི་ཡིན།།
Jesus, I Offer You All
-
༡ དམ་པའི་ཡབ་ཆེན་མཚན་ལ་བསྟོད་པར་ཤོག ཉིན་མཚན་མེད་པར་ཁོང་ལ་ཕྱག་འཚལ་གྱིས། འོད་ཟེར་ཞིང་ཁམས་དཀྱིལ་ལ་བཞུགས་པ་ཡི། ང་ཚོའི་ཡབ་ཆེན་ཁོང་ལ་བསྟོད་བསྔགས་ཕུལ། ཡ་ཧོ་ཝཱ་ལ་་་གཙོ་བོའི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝཱ་ལ་་་ཡེ་ཤུའི་མཚན་ལ་བསྟོད་པར་ཤོག ༢ རིན་ཆེན་སྐྱབས་མགོན་ཡེ་ཤུར་བསྟོད་པར་ཤོག རྒྱུན་ཆད་མེད་པར་ཁོང་ལ་གླུ་དབྱངས་ལེན། ཡབ་ཀྱི་ཕྱག་གཡས་སུ་བཞུགས་མཁན་དེ་ལ། ཁྱེད་ཀྱིས་ལག་པ་བརྐྱངས་ནས་བསྟོད་དབྱངས་ཕུལ། ༣ ཡབ་སྲས་ཐུགས་ཉིད་གསུམ་ལ་བསྟོད་པར་ཤོག སྐྱིད་གླུ་སྙན་འཇེབས་གཏིང་ནས་ཁོང་ལ་ཕུལ། བདེན་པའི་མཆོད་པ་ཡིན་པའི་གསོན་པོ་དང་། ཡ་ཝེ་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། ཡ་ཧོ་ཝཱ་ལ་་་གཙོ་བོའི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝཱ་ལ་་་ཡེ་ཤུའི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝཱ་ལ། ཡ་ཧོ་ཝཱ་ལ། ཡ་ཧོ་ཝཱ་ལ། ཡ་ཧོ་ཝཱ་ལ།།
Praise the Lord
-
༡ དམ་པའི་ཡབ་ཆེན་མཚན་ལ་བསྟོད་པར་ཤོག ཉིན་མཚན་མེད་པར་ཁོང་ལ་ཕྱག་འཚལ་གྱིས། འོད་ཟེར་ཞིང་ཁམས་དཀྱིལ་ལ་བཞུགས་པ་ཡི། ང་ཚོའི་ཡབ་ཆེན་ཁོང་ལ་བསྟོད་བསྔགས་ཕུལ། ཡ་ཧོ་ཝཱ་ལ་་་གཙོ་བོའི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝཱ་ལ་་་ཡེ་ཤུའི་མཚན་ལ་བསྟོད་པར་ཤོག ༢ རིན་ཆེན་སྐྱབས་མགོན་ཡེ་ཤུར་བསྟོད་པར་ཤོག རྒྱུན་ཆད་མེད་པར་ཁོང་ལ་གླུ་དབྱངས་ལེན། ཡབ་ཀྱི་ཕྱག་གཡས་སུ་བཞུགས་མཁན་དེ་ལ། ཁྱེད་ཀྱིས་ལག་པ་བརྐྱངས་ནས་བསྟོད་དབྱངས་ཕུལ། ༣ ཡབ་སྲས་ཐུགས་ཉིད་གསུམ་ལ་བསྟོད་པར་ཤོག སྐྱིད་གླུ་སྙན་འཇེབས་གཏིང་ནས་ཁོང་ལ་ཕུལ། བདེན་པའི་མཆོད་པ་ཡིན་པའི་གསོན་པོ་དང་། ཡ་ཝེ་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། ཡ་ཧོ་ཝཱ་ལ་་་གཙོ་བོའི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝཱ་ལ་་་ཡེ་ཤུའི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝཱ་ལ། ཡ་ཧོ་ཝཱ་ལ། ཡ་ཧོ་ཝཱ་ལ། ཡ་ཧོ་ཝཱ་ལ།།
Praise the Lord
-
འཛམ་བུ་གླིང་གི་ཕྲུ་གུ་ཀུན་ལ། ཡེ་ཤུས་བྱམས་པ་གནང་གི་ཡོད། དམར་པོ་སེར་པོ་ནག་པོ་དཀར་པོ། དེ་ཚོ་ག་རུ་ཡིན་ན་ཡང་། ཁོང་གིས་ཚང་མ་ལ་བྱམས་པ་གནང་གྱི་ཡོད།།
Jesus Loves the Little Children