Language:
Art & Music MinistryArticleBhutanBible PortionsBuddhismCelebration & SeasonsCentral TibetChildrenChristian BodyChristian LifeChristian TeachingChristmasCounsellingCovid-19DanceDevotionDictionariesDiscipleshipEasterEthnomusicologyEvangelizationFaithFeaturedFolk SongFuneral and DeathGlobal Prayer DayHealth WorkJesus ChristJoin The DanceKhamLinguisticsMission biographyNepalNewPastoral CarePicturalPostersPrayerSalvationScriptureSharing and OutreachSocial DevelopmentSongSongbooksStory Telling and StoriesTestimonyThankasTheologyTibetan Buddhist WorldWorship
Amdo TibetanCentral TibetanChineseDzongka Roman ScriptDzongkhaEnglishInner MongolianInstrumentalKham TibetanSpanishTibetanTibetan Roman ScriptTshangla
-
༡ སྐྱབས་མགོན་གཙོ་བོ་ཡེ་ཤུའི་འཁོར་དང་བཅས།། ཡུལ་གཞན་དུ་ཕེབས་པའི་ལམ་བར་ནས།། ལོང་བ་ཞིག་དང་འཕྲད་པ་ཡིན།། ལོང་བ་ཞིག་དང་འཕྲད་པ་ཡིན།། སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀ། ཁོང་ནི་འཇིག་རྟེན་འོད་ཟེར་ཡིན།། ༢ ཁོང་གི་ཐུགས་སྲས་རྣམས་ཀྱིས་སློབ་དཔོན་ལགས།། སྐྱེ་བོ་འདི་ནི་ལོང་བ་རེད།། སྡིག་པ་བྱེད་མཁན་སུ་ཡིན་ཞུས།། སྡིག་པ་བྱེད་མཁན་སུ་ཡིན་ཞུས།། ༣ ཁོ་དང་ཕ་མའི་ལས་ཀྱི་རྐྱེན་མ་ཡིན།། ངོ་མཚར་མཛད་པ་དཀོན་མཆོག་གིས།། ཁོ་ཡི་ལུས་ནས་ཇི་བཞིན་དུ།། མངོན་ཕྱིར་དེ་ལྟར་བྱུང་བ་ལགས།། ༤ ཉིན་མོའི་དུས་སྐབས་རིང་ལ་མངག་མཁན་གྱི།། དགོངས་དོན་བཞིན་དུ་སྒྲུབ་དགོས་ཀྱང་།། ཅི་ཡང་མི་སྒྲུབ་མཚན་མོ་ཞིག། མྱུར་བ་མྱུར་དུ་སླེབས་པར་ངེས།། ༥ འཇིག་རྟེན་འདི་རུ་བཞུགས་པའི་དུས་སྐབས་རིང་།། བདག་ནི་འཇིག་རྟེན་འོད་ཟེར་ཡིན།། དེ་སྐད་ཁོང་གིས་གསུངས་པ་ཡིན།། དེ་སྐད་ཁོང་གིས་གསུངས་པ་ཡིན།། ༦ དེ་རྗེས་སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡིས།། མཆིལ་མས་བརྫིས་པའི་འདམ་བག་དེ།། ལོང་བའི་མིག་ལ་བསྐུས་པ་ཡིན།། ལོང་བའི་མིག་ལ་བསྐུས་པ་ཡིན།། ༧ ཁྱེད་ཀྱིས་སི་ལོ་ཨམ་ཞེས་རྫིང་བུ་ནས།། ཁྲུས་གྱིས་གསུངས་ཤིང་དེ་བཞིན་དུ།། མིག་ཟུང་བཀྲུས་པས་མཐོང་བར་གྱུར།། མིག་ཟུང་བཀྲུས་པས་མཐོང་བར་གྱུར།།
Kyamgon Jeshu
119
-
སྐྱབས་མགོན་གཙོ་བོ་ཡེ་ཤུ་ལགས། ཁོང་ལ་བསྟོད་དབྱངས་ཕུལ་ཞིག ༢ དབང་དང་ལྡན་པའི་དམ་པའི་ཐུགས་ཉིད། ཁོང་ལ་བསྟོད་དབྱངས་ཕུལ་ཞིག ༢ ནམ་མཁར་བཞུགས་པའི་ང་ཚོའི་ཡབ། ཁོང་ལ་བསྟོད་དབྱངས་ཕུལ་ཞིག ༢
Gyamgon Tsowa
117
-
༡ སྐྱབས་མགོན་གཙོ་བོ་ཡེ་ཤུ་ལགས།། འཛམ་གླིང་ཤར་ཕྱོགས་སུ་ཕེབས་རོགས།། ཕུ་ནུ་མིང་སྲིང་ཚོའི་དོན་དུ།། སྲོག་གི་ཆུ་མིག་དེ་སྩོལ་རོགས།། ༢ གུས་པའི་རྣམ་འགྱུར་དང་བཅས་ཏེ།། མོས་པའི་མཆི་མ་དང་བཅས་ཏེ།། ལག་ཟུང་སྙིང་ག་རུ་སྦྱར་ཏེ།། གསོལ་བ་ཤུགས་དྲག་ཏུ་འདེབས་སོ།། ༣ བསྟོད་ཚིག་ལྷང་ལྷང་གིས་གྱེར་བཞིན།། བཀའ་གསུང་ནན་ནན་གྱིས་ཀློག་བཞིན།། ཐུ་བྷོད་བཙན་རྒྱལ་གྱི་ཕྱིར་དུ།། སྨོན་ལམ་ཡང་ཡང་དུ་ཞུའོ།། ༤ ཤི་བོའི་སྐྱིད་སྡུག་ལ་ཁྱེད་མཁྱེན།། གསོན་པོའི་ཕུགས་འདུན་ལ་ཁྱེད་མཁྱེན།། ལྷན་འཛོམས་ཉིན་མོ་ལ་ཁྱེད་མཁྱེན།། དུས་ཀྱི་མཐའ་མ་ལ་ཁྱེད་མཁྱེན།། ༥ ལྷ་ཡི་བྲན་གཡོག་ཏུ་མི་འགྲོ།། འདྲེ་ཡི་བསླུ་ཐབས་ལ་མི་རློམ།། སྐྱབས་མགོན་གཙོ་བོ་ཡེ་ཤུ་ལགས།། ཁྱེད་ཉིད་ཁོ་ན་ལ་དད་དོ།། ༢
No Eng Title
116
-
༡ སྐྱབས་མགོན་གཙོ་བོ་ང་ཡི་སྐྱབས་མགོན། ང་ལ་བརྩེ་བ་གནང་མཁན་སྐྱབས་མགོན། སྐྱབས་མགོན་གཙོ་བོ་ང་ཡི་སྐྱབས་མགོན། སྐྱབས་མགོན་གཙོ་བོ་སྐྱབས་མགོན་ཡེ་ཤུ། ༢ སྐྱབས་མགོན་གཙོ་བོ་ང་ཡི་སྐྱབས་མགོན། ང་ལ་ཞི་བདེ་གནང་མཁན་སྐྱབས་མགོན། སྐྱབས་མགོན་གཙོ་བོ་ང་ཡི་སྐྱབས་མགོན། སྐྱབས་མགོན་གཙོ་བོ་སྐྱབས་མགོན་ཡེ་ཤུ། ༣ སྐྱབས་མགོན་གཙོ་བོ་ང་ཡི་སྐྱབས་མགོན། ང་ལ་རང་དབང་གནང་མཁན་སྐྱབས་མགོན། སྐྱབས་མགོན་གཙོ་བོ་ང་ཡི་སྐྱབས་མགོན། སྐྱབས་མགོན་གཙོ་བོ་སྐྱབས་མགོན་ཡེ་ཤུ། ༤ སྐྱབས་མགོན་གཙོ་བོ་ང་ཡི་སྐྱབས་མགོན། ང་ལ་རེ་བ་གནང་མཁན་སྐྱབས་མགོན། སྐྱབས་མགོན་གཙོ་བོ་ང་ཡི་སྐྱབས་མགོན། སྐྱབས་མགོན་གཙོ་བོ་སྐྱབས་མགོན་ཡེ་ཤུ། སྐྱབས་མགོན་ཡེ་ཤུ། ༣
No Eng Title
114
-
༡ སྐྱབས་མགོན་ཁྱེད་ཀྱི་བཀའ་དྲིན་གྱིས། ང་ཚོ་བོད་མིར་བཀོད་གནང་ནས། རྟ་ནོར་ལུག་གསུམ་འཛོམས། སེམས་པ་དགའ་སོང་། ༢ ༢ སྐྱབས་མགོན་ཁྱེད་ཀྱི་བཀའ་དྲིན་གྱིས། ང་ཚོ་བོད་མིར་བཀོད་གནང་ནས། གངས་རིའི་ར་བས་བསྐོར། སེམས་པ་དགའ་སོང་། ༢ ༣ སྐྱབས་མགོན་ཁྱེད་ཀྱི་བཀའ་དྲིན་གྱིས། ང་ཚོ་བོད་མིར་བཀོད་གནང་ནས། གངས་ཆུ་བསིལ་མོ་བབས། སེམས་པ་དགའ་སོང་། ༢ ༤ སྐྱབས་མགོན་ཁྱེད་ཀྱི་བཀའ་དྲིན་གྱིས། ང་ཚོ་བོད་མིར་བཀོད་གནང་ནས། སྤང་ལྗོངས་སྔོན་པོ་མཛད། སེམས་པ་དགའ་སོང་། ༢
Heart is Happy
113
-
༡ ཨོ་་་བཀྲ་ཤིས་ཤོག ཨོ་་་རྟེན་འབྲེལ་ཞུ། བཀྲ་ཤིས་ཤོག རྟེན་འབྲེལ་ཞུ། བཀྲ་ཤིས་ཤོག རྟེན་འབྲེལ་ཞུ། ལ་ལ་་་ལ་་་ལ་་་ལ། ཡེ་ཤུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ། རྟེན་འབྲེལ་ཞུ། ང་ཚོས་དགའ་བའི་བསྟོད་དབྱངས་འབུལ། བསྟོད་དབྱངས་འབུལ། ང་ཚོས་སྐྱིད་པའི་བྲོ་གར་འཁྲབ། བྲོ་གར་འཁྲབ། ཀུན་ལ་ཁ་བྲོ་བཀྲ་ཤིས་ཤོག བཀྲ་ཤིས་ཤོག ༢ ༢ ཨོ་་་དུས་ཆེན་གྱི་མཆོག ཨོ་་་རྟེན་འབྲེལ་ཞུ། དུས་ཆེན་མཆོག རྟེན་འབྲེལ་ཞུ། དུས་ཆེན་མཆོག རྟེན་འབྲེལ་ཞུ། ལ་ལ་་་ལ་་་ལ་་་ལ། ང་ཚོའི་ཆེད་ལ་མགོན་ཞིག་འཁྲུངས། མགོན་ཞིག་འཁྲུངས། ཁོང་གི་མཚན་ལ་ཡེ་ཤུ་གསོལ། ཡེ་ཤུ་གསོལ། དབང་དང་ནུས་ཤུགས་ཁོང་ལ་འཛོམས། ཁོང་ལ་འཛོམས། ཁོང་ཉིད་ང་ཚོའི་རྒྱལ་པོ་ཡིན། རྒྱལ་པོ་ཡིན། ༣ ཨོ་་་དུས་ཆེན་གྱི་མཆོག ཨོ་་་བཀྲ་ཤིས་ཤོག དུས་ཆེན་མཆོག བཀྲ་ཤིས་ཤོག དུས་ཆེན་མཆོག བཀྲ་ཤིས་ཤོག ལ་ལ་་་ལ་་་ལ་་་ལ། ང་ཚོ་ཚང་མའི་སྐྱབས་མགོན་འཁྲུངས། སྐྱབས་མགོན་འཁྲུངས། ཁོང་གིས་ང་ཚོར་ཚེ་སྲོག་གནང་། ཚེ་སྲོག་གནང་། དགའ་སྤྲོའི་བསྟོད་དབྱངས་ཀུན་ལ་ཁྱབ། ཀུན་ལ་ཁྱབ། གཟི་བརྗིད་བསྟོད་པ་ཁོང་ལ་འབུལ། ཁོང་ལ་འབུལ། ཡེ་ཤུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ། ང་ཚོས་དགའ་བའི་བསྟོད་དབྱངས་འབུལ། ང་ཚོས་སྐྱིད་པའི་བྲོ་གར་འཁྲབ། ཀུན་ལ་ཁ་བྲོ་བཀྲ་ཤིས་ཤོག བཀྲ་ཤིས་ཤོག བཀྲ་ཤིས་ཤོག བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག
Congratulations for Jesus Birthday
-
ཡེ་་་། ་་་ཡ། བཀྲ་ཤིས་འཇའ་ཚོན་རི་མོ། གསེར་གྱི་ཟམ་པ་ཡིན་ན་ཡ། རྫ་རི་སྐོར་ནས་འགྲོ་འགྲོ། ནམ་མཁའི་ཡབ་ཆེན་མཇལ་བར་འགྲོ་ཡ། ཡེ་་་། ་་་ཡ། རྫ་རི་སྐོར་ནས་འགྲོ་འགྲོ། ནམ་མཁའི་ཡབ་ཆེན་མཇལ་བར། ནམ་མཁའི་ཡབ་ཆེན་མཇལ་བར་འགྲོ་ཡ། ༢
No Eng Title
110
-
བཀའ་དྲིན་གྱི་ཡིད་སེམས་ཡར་ལ་འབུལ། བླ་མེད་དཀོན་མཆོག་ལ་འབུལ། ཁོང་གིས་ཉིད་ཀྱི་སྲས་གཅིག་པོ་གཙོ་བོ་ཡེ་ཤུ་གནང་། ༢ ད་ལྟ། སྟོབས་ཆུང་རྣམས་ལ་སྟོབས་ཤུགས་འཛོམས། དབུལ་ཕོངས་རྣམས་ཕྱུག་པོ་ལ་གྱུར། གཙོ་བོས་དོན་ཆེན་དེ་བསྒྲུབས་པས་དེ་ལྟར་བྱུང་། ༢ བཀའ་དྲིན་ཞུ།
Give Thanks With a Grateful Heart
109
-
དཀོན་མཆོག་ནི་ཁྱེད་ཀྱི་སྲུང་སྐྱོབ་གནང་མཁན་ཡིན། ཁྱེད་ཀྱི་གཡས་ཕྱོགས་སུ་བཞུགས་པའི་དཔུང་གྲོགས་ཡིན། ཉིན་མོའི་ཉི་མ་དང་མཚན་མོའི་ཟླ་བས། ཁྱེད་ལ་གནོད་སྐྱོན་བྱེད་མི་ཐུབ། དཀོན་མཆོག་ནི་ཁྱེད་ཀྱི་སྲུང་སྐྱོབ་གནང་མཁན་ཡིན། ཁྱེད་སྡུག་བསྔལ་ལས་སྐྱོབ་མཁན་ཡིན། ཁོང་གིས་ཁྱེད་ལ་རོགས་རམ་གནང་བར་མཛད། ཁྱེད་ཀྱི་འགྲོ་བའི་ལམ་བུ་ཁོང་གིས་སྲུང་བར་གནང་། རི་བོ་མཐོན་པོ་རྣམས་ལ་ཡར་ལྟོས་དང་། ཁྱེད་ཀྱི་རོགས་རམ་གང་ནས་ཡོང་བ་ཡིན། གནམ་ས་གཉིས་མཛད་པའི། ཁྱེད་ཐམས་ཅད་མཛད་པའི། ཡ་ཝཱེ་དཀོན་མཆོག་གི་ཕྱོགས་ནས་ཡོང་ངོ་།།
Korean Song
107
-
༡ དཀོན་མཆོག་ཡེ་ཤུ་བཞུད་སོང༌། སེམས་པ་སྐྱོ་བའི་ཁེངས་སོང༌། དཀོན་མཆོག་དྲན་པའི་མིག་ཆུ། (ལ་ནི་ ཆུ་བོའི་གཞུང་ལ་འདྲེས་སོང༌། སོ་འོ་ཡ་ལ་སོ། འོ་ཡ་འ་ལ། དཀོན་མཆོག་དྲན་པའི་མིག་ཆུ། (ལ་ནི ཆུ་བོའི་གཞུང་ལ་འདྲེས་སོང༌། ༢ སྐྱབས་མགོན་མི་འདུག་མ་བསམ། སྐྱབས་མགོན་ཡེ་ཤུ་བཞུགས་ཡོད། སྐྱབས་མགོན་གཙོ་བོ་ཡེ་ཤུའི། (ལ་ནི་ སྙན་པའི་སྐད་ངག་དྲན་བྱུང༌། སོ་འོ་ཡ་ལ་སོ། འོ་ཡ་འ་ལ། སྐྱབས་མགོན་གཙོ་བོ་ཡེ་ཤུའི། (ལ་ནི སྙན་པའི་སྐད་ངག་དྲན་བྱུང༌། ༣ སྐྱབས་མགོན་གཙོ་བོ་ཡེ་ཤུ། ཁ་ཐག་རིང་སོང་མ་བསམ། ཁྱེད་དང་ང་ཡི་བརྩེ་སེམས། (ལ་ནི་ འགྱུར་མེད་བརྟན་པོར་གནས་ཡོད། སོ་འོ་ཡ་ལ་སོ། འོ་ཡ་འ་ལ། ཁྱེད་དང་ང་ཡི་བརྩེ་སེམས། (ལ་ནི་ འགྱུར་མེད་བརྟན་པོར་གནས་ཡོད།
No Eng Title
108
-
༡ དཀོན་མཆོག་ཉིད་ཀྱི་སྲས་ཡེ་ཤུ། ལུག་རྫི་བཟང་པོ་ཡིན་པ་ལ། ཁོང་གི་གསུང་སྐད་ཉན་ནས། ང་ཡི་མིང་ལ་འབོད་ཀྱིན་འདུག ང་ཡི་མིང་ལ་འབོད་ཀྱིན་འདུག ཡེ་ཤུའི་གསུང་སྐད་སྙན་པོ། སེམས་ལ་དགའ་སྤྲོ་ཆེན་པོ། ང་ཚོར་ལམ་བཟང་བསྟན་ནས། ཁོང་གི་རྗེས་ལ་འགྲོ་གི་ཡོད། ཁོང་གི་རྗེས་ལ་འགྲོ་གི་ཡོད། ༢ བརྩེ་བའི་སྐྱབས་མགོན་ཡེ་ཤུ། ང་ཚོར་གསུངས་རོགས་གནང་དང་། ཁྱེད་ཀྱི་གསུང་སྐད་གོ་བའི་དུས། སེམས་ཤུགས་ཆེ་རུ་འགྲོ་ཡོང་། སེམས་ཤུགས་ཆེ་རུ་འགྲོ་ཡོང་།
The Voice of Jesus
106
-
༡ དཀོན་མཆོག་མཉམ་དུ་འབྲེལ་བ་མེད་ན། ཁོང་ལ་ཞབས་ཕྱི་ཞུ་མི་ཐུབ། སེམས་ལ་སྡིག་པ་ཡོད་ན། ཁོང་གི་དྲུང་དུ་བསླེབ་མི་ཐུབ། ༢ ༢ དཀོན་མཆོག་གི་བཀའ་ལ་མ་ཉན་ན། ཁོང་གི་བྲན་གཡོག་བྱེད་མི་ཐུབ། ཁོང་ལ་མི་ཚེ་མ་ཕུལ་ན། ཁོང་གི་གཟི་བརྗིད་ཡོང་མི་ཐུབ། ༢ ༣ དཀོན་མཆོག་ལ་བྱམས་པ་མེད་ན། ཀུན་ལ་བརྩེ་བ་བྱེད་མི་ཐུབ། ཁོང་ལ་ཡིད་ཆེས་བརྟན་པོ་མེད་ན། བདུད་དང་དམག་འཁྲུག་རྒྱག་མི་ཐུབ། ༢
Eternity Song #4
105