-
༼འགོ༽ སྐྱབས་མགོན་ཡེ་ཤུའི་མཚན་ཞིག་ནི། དཀོན་མཆོག་ཉིད་ཀྱི་བཀའ་དེ་ཡིན། བཀའ་དེ་སྐོར་ནི་གང་ཡིན་ཟེར། མགུར་གླུ་འདི་ལ་གསན་རོགས་གནང་། ༼མཉམ༽ ༡ ཐོག་མར་བཀའ་ཡོད་ལགས་པ་དང་། བཀའ་དེ་དཀོན་མཆོག་མཉམ་དུ་བཞུགས། བཀའ་དེ་དཀོན་མཆོག་ལགས་པ་དང་། གདོད་ནས་དཀོན་མཆོག་མཉམ་དུ་བཞུགས། ༢ དངོས་པོ་ཐམས་ཅད་བཀའ་དེས་མཛད། ཁོང་མེད་ཅི་ཡང་མ་བྱུང་ངོ་། ཁོང་གི་ནང་ན་གསོན་པ་སྟེ། གསོན་པ་མི་ཡི་འོད་དེ་ཡིན། ༣ དཀོན་མཆོག་ཉིད་ཀྱི་བཀའ་དེ་ལ། ང་ཚོས་སེམས་ནས་བསྟོད་པ་ཕུལ། སྐྱབས་མགོན་གཙོ་བོ་ཡེ་ཤུ་ལ། དགའ་སྤྲོའི་བསྟོད་དབྱངས་འདི་ཕུལ་ལོ། ༤ འོད་དེ་མུན་པའི་ནང་དུ་ཤར། མུན་པས་གནོན་པར་མ་ནུས་སོ། བཀའ་དེ་སྐུ་ལུས་ལྡན་པར་སྤྲུལ། ང་ཚོའི་ཁྲོད་དུ་བཞུགས་མཛད་དོ། ༥ ཡབ་ནས་བྱུང་བའི་སྲས་གཅིག་པོ། ཐུགས་རྗེ་དང་བདེན་པས་གང་བ་ཡི། གཟི་བརྗིད་འོད་གཟེར་ང་ཚོས་མཐོང་། གཟི་བརྗིད་ཁོ་ན་ང་ཚོས་མཐོང་། ༦ དཀོན་མཆོག་ཉིད་ཀྱི་བཀའ་དེ་ལ། ང་ཚོས་སེམས་ནས་བསྟོད་པ་ཕུལ། སྐྱབས་མགོན་གཙོ་བོ་ཡེ་ཤུ་ལ། དགའ་སྤྲོའི་བསྟོད་དབྱངས་འདི་ཕུལ་ལོ།།
John 1:1- 18
-
༼གཙོ་བོ་ཡེ་ཤུའི་སྨོན་ལམ།༽ ༡ ནམ་མཁར་བཞུགས་པའི་ངེད་ཀྱི་ཡབ། ཁྱེད་མཚན་དམ་པར་སྲུང་བར་ཤོག ཁྱེད་ཀྱི་རྒྱལ་སྲིད་འོང་བར་ཤོག ཁྱེད་ཀྱི་རྒྱལ་སྲིད་འོང་བར་ཤོག ༢ ཁྱེད་ཀྱི་དགོངས་པ་ནམ་མཁའ་ལ། སྒྲུབ་ལྟར་ས་ལའང་འགྲུབ་པར་ཤོག ངེད་ཀྱི་ཉི་མ་རེའི་ཁ་ཟས། དེ་རིང་ཡང་ནི་གནང་བར་མཛོད། ༣ ངེད་ཀྱིས་གཞན་ཉེས་སེལ་བ་ལྟར། ངེད་ཀྱི་སྡིག་པ་སེལ་བར་མཛོད། ཉམས་སད་ནང་དུ་མ་འཁྲིད་པར། ངན་པའི་ལས་ངེད་ཐར་བར་མཛོད། ༤ རྒྱལ་སྲིད་དབང་དང་གཟི་བརྗིད་ནི། རྒྱུན་ནས་རྒྱུན་དུ་ཁྱེད་ཀྱི་འོ། རྒྱལ་སྲིད་དབང་དང་གཟི་བརྗིད་ནི། རྒྱུན་ནས་རྒྱུན་དུ་ཁྱེད་ཀྱི་འོ། ཨ་མེན།།
The Lord’s Prayer
-
༡ ཨ་ཧ་ཨ་ཧ་ཨ་ཧ་ལགས་ནི། སྡིག་པའི་མུན་པའི་ནང་དུ། སྟོར་བའི་སྡིག་ཅན་སྐྱོབ་ཕྱིར་ཨ་ཧ་ལགས་ནི། ཞིང་མཆོག་བདེ་ཆེན་སྤངས་ནས་ཨ་ཧ་ལགས་ནི། དཀོན་མཆོག་མི་རུ་སྤྲུལ་པ་བཞེས། མཐའ་ཡས་ཐུགས་བརྩེ་འདི་བཞིན། སེམས་ནས་མ་བརྗེད་གཅེས་པའི་བོད་མི་རྣམས། ༢ ཨ་ཧ་ཨ་ཧ་ཨ་ཧ་ལགས་ནི། རང་གཤིས་རྙིང་བའི་སྡིག་པ། དགེ་བའི་ལས་ཀྱིས་མི་དག་ཨ་ཧ་ལགས་ནི། སྡིག་པའི་གཡུལ་ལས། རྒྱལ་ཕྱིར་ཨ་ཧ་ལགས་ནི། རང་གཤིས་གསར་པ་ཞིག་དགོས་པས། ལུས་རྟེན་འདི་གར་སྐྱེ་བ་གསར་པ་ལེན་ཕྱིར། ཡེ་ཤུར་དད་མོས་ཞུས། ༣ ཨ་ཧ་ཨ་ཧ་ཨ་ཧ་ལགས་ནི། མེས་པོའི་བརྒྱུད་ནས་བསགས་པའི། སྡིག་པ་ཇི་ལྟར་ཚབས་ཆེའང་ཨ་ཧ་ལགས་ནི། ཡེ་ཤུར་འགྱོད་བཤགས། ཕུལ་ན་ཨ་ཧ་ལགས་ནི། ཁོང་གི་སྐུ་མཚལ་རིན་པོ་ཆེས། སྡིག་པ་བསལ་ཞིང་ཐར་ལམ། ཐོབ་པར་ངེས་པས། ཁོང་ལ་སྐྱབས་སུ་ཞུས།།
In the Darkness of Sin
-
ཨ་ཧ་ལ་ནི་ཡེ་ཤུ་ངའི་སེམས་ལ་ཡོད། ༤ ༡ (འགོ) དཀོན་མཆོག་གི་རྒྱལ་སྲིད་འདི་རུ་ཡོད། (མཉམ) ཡེ་ཤུ་ངའི་སེམས་ལ་ཡོད། (འགོ) ཁོང་གི་གཟི་བརྗིད་ཐག་ཉེ་པོར་ཡོད། (མཉམ) ཡེ་ཤུ་ངའི་སེམས་ལ་ཡོད། (འགོ) ཁོང་མཉམ་དུ་དགའ་སྤྲོ་ཆེན་པོ་ཡོད། (མཉམ) ཡེ་ཤུ་ངའི་སེམས་ལ་ཡོད། (འགོ) དམ་པའི་འོད་ཟེར་མཐའ་འཁོར་ལ་ཡོད། (མཉམ) ཡེ་ཤུ་ངའི་སེམས་ལ་ཡོད། ༢ མཐའ་མེད་པའི་སྲོག་ངར་གནང་བའི་ཕྱིར། ཡེ་ཤུ་ངའི་སེམས་ལ་ཡོད། རང་ཉིད་ཀྱི་སྐུ་སྲོག་ངའི་དོན་ཕུལ། ཡེ་ཤུ་ངའི་སེམས་ལ་ཡོད། ཡེ་ཤུ་ནི་ངའི་བློས་འགེལ་ས་ཡིན། ཡེ་ཤུ་ངའི་སེམས་ལ་ཡོད། ཁོང་ཐར་པ་འཐོབ་པའི་རེ་བ་ཡིན། ཡེ་ཤུ་ངའི་སེམས་ལ་ཡོད། ༣ ང་ཚོ་ནི་ཁོང་གི་མཆོད་ཁང་ཡིན། ཡེ་ཤུ་ངའི་སེམས་ལ་ཡོད། མཆོད་ཁང་གི་རྨང་གཞི་ཡེ་ཤུ་ཡིན། ཡེ་ཤུ་ངའི་སེམས་ལ་ཡོད། ང་ཚོ་ནམ་མཁར་འཁྲིད་པར་ཕེབས་ཡོང་། ཡེ་ཤུ་ངའི་སེམས་ལ་ཡོད། ཐུགས་ཉིད་དང་ཆོས་ཚོགས་ཀྱིས་ཕེབས་ཤོག་ཟེར། ཡེ་ཤུ་ངའི་སེམས་ལ་ཡོད།།
O Heaven, is in My Heart
-
ཨ་ཧ་ནམ་མཁའི་བཞུགས་ཁྲིའི་སྟེང་ལ། ཡབ་དང་སྲས་དང་དམ་པའི་ཐུགས་ཉིད་ཡོད། ལ་ནི་ང་ཚོས་ཁྱེད་ལ་བསྟོད་བསྔགས་ཏེ། ཁྱེད་ཀྱི་བཞུགས་ཁྲིའི་ཀ་བར་འགྱུར་བར་ཤོག ཨ་ཧ་ཁྱེད་རང་གི་འོད་ཟེར་ཆེན་པོ་དེ། ལ་ནི་ཁྱེད་རང་གི་གཟི་བརྗིད་ལ་བལྟས་ནས། ཨ་ཧ་ཕོ་ཉ་ཡི་ཚོགས་མཉམ་དུ་འཛོམས་པ་དང་། ལ་ནི་དམ་པའི་མཚན་དེ་ལ་བསྟོད་དབྱངས་ཕུལ། ཞུས་ནས། གཙོ་བོ་ནི་དམ་པ་དམ་པ་དམ་པ་ཡིན། ༢ ཡབ་ཆེན་ནི་དམ་པ་དམ་པ་དམ་པ་ཡིན། ༢ ཡེ་ཤུ་ནི་དམ་པ་དམ་པ་དམ་པ་ཡིན། ༢ ཐུགས་ཉིད་ནི་དམ་པ་དམ་པ་དམ་པ་ཡིན།། ༢
Let Our Praise to You Be as Incense
-
༡ ཧོ་ཟན་ནཱ། ཧོ་ཟན་ནཱ། བླ་མེད་དཀོན་མཆོག་ལ་ཧོ་ཟན་ནཱ། ༢ ངས་སེམས་ལ་བསྟོད་པ་ཡོད། ཡེ་ཤུའི་མཚན་མཐོ་ཤོས་རེད། ངེད་ཀྱི་གཙོ་བོ་ཡ་ཧོ་ཝཱ་ལ། བླ་མེད་དཀོན་མཆོག་ལ་ཧོ་ཟན་ནཱ། ༢ བསྟོད་པར་ཤོག བསྟོད་པར་ཤོག རྒྱལ་པོའི་རྒྱལ་པོ་ལ་བསྟོད་པར་ཤོག ༢ ངས་སེམས་ལ་བསྟོད་པ་ཡོད། ཡེ་ཤུའི་མཚན་མཐོ་ཤོས་རེད། ངེད་ཀྱི་གཙོ་བོ་ཡ་ཧོ་ཝཱ་ལ། རྒྱལ་པོའི་རྒྱལ་པོ་ལ་བསྟོད་པར་ཤོག །
Hosanna, Hosanna!
90, 44
-
སོའོ། གཙོ་བོ་སྐྱབས་མགོན་ཡེ་ཤུ་ལ། སོའོ། ཉིད་ཀྱི་འཁྲུངས་སྐར་དུས་ཆེན་ལ། བདེ་སྐྱིད་ལྡན་པའི་ཉི་མ། ང་ཚོ་སྤུན་ལ་ཤར། བཀྲ་ཤིས་བདེ་ལེགས་ཡོང་དུས། དགའ་སྤྲོའི་གླུ་དབྱངས་ལེན།།
O Saviour Lord Jesus
-
༡ སུ་ནམ་མཁའ་ནས་ཕེབས་པ་ཡིན། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༢ ཉམས་ཆུང་ལུགས་ལ་སུ་འཁྲུངས་སོ། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༣ སུ་རྒྱངས་ཤིང་ཁར་གྲོངས་པ་ཡིན། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༤ ང་ཚོ་བླུ་བའི་དོན་ལ་གྲོངས། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༥ སུ་ཡིས་སྡིག་སེལ་གནང་ཐུབ་ཡོང་། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༦ སུ་ནམ་མཁའ་ལ་ད་ལྟ་བཞུགས་ཡོད། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༧ སུ་ནམ་མཁའ་ནས་སླར་ཕེབས་ཡོང་། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༨ ནམ་མཁར་རང་གི་མི་འདྲེན་ཡོང་། ཡེ་ཤུ་ང་ཚོའི་སྐྱབས་མགོན།། ༢
Who Came Down?
-
(ཕོ) ས་གཞི་འདི་ཐམས་ཅད། (མོ) ངའི་དཀོན་མཆོག་གི་རེད། (ཕོ) དེའི་ནང་ཡོད་པ་ཀུན། (མོ) ངའི་དཀོན་མཆོག་གི་རེད། (ཕོ) ས་གཞི་འདི་ཐམས་ཅད། (མོ) ངའི་དཀོན་མཆོག་གི་རེད། (མཉམ) ཁོང་གི་གཟི་བརྗིད་ཀྱི་དོན་ལ་བཀོད་པ་རེད། (ཕོ) གངས་རི་དང་ལུང་པ། (མོ) རྒྱ་མཚོ་དང་གླིང་ཕྲན། (ཕོ) གྲོང་ཁྱེར་དང་མི་སྡེ། (མོ) རྩྭ་ཐང་དང་སེམས་ཅན། (ཕོ) དངོས་པོ་ཚང་མ་ནི། (མོ) ངའི་དཀོན་མཆོག་གི་རེད། (མཉམ) མི་ཐམས་ཅད་ཀྱིས་ཁོང་ལ་བསྟོད་པར་ཤོག །
The Earth is the Lord’s
-
༡ གཙོ་བོ་ཡེ་ཤུའི་འོད་ཟེར་འཕྲོ་བཞིན་འདུག ཁྱེད་ཀྱི་འོད་མུན་པའི་ནང་ལ་འཕྲོ་བཞིན་འདུག ཡེ་ཤུ་ཁྱེད་རང་གི་བྱམས་པ་དེ་གནང་རོགས་ཞུ། ཁྱེད་རང་གི་བདེན་པ་ཉིད་ཀྱིས་ཐར་པ་སྟོན་རོགས་གནང་། ཀྱེ། གཙོ་བོ། ང་ལ་ཤར། ཤར་ཡེ་ཤུ་ཤར། ཡབ་ཆེན་གྱི་གཟི་བརྗིད། མངོན་པར་བསྟོད་ཅིག ཐུགས་ཉིད་ཀྱི་མེས། སེམས་ཁམས་འདིར་ཁེངས་ཤོག བྱིན་རླབས་ཀྱི་ཆུས། མི་རིགས་ཐམས་ཅད་ལ། ཁྲུས་གསོལ་གནང་ཤོག གཙོ་བོའི་བཀའ་དེས། འཇིག་རྟེན་འདི་བསྒྱུར་བར་ཤོག ༢ སྐྱབས་མགོན་ཁྱེད་རང་ལ་སྨོན་ལམ་ཞུས་ནས། གྲིབ་ནག་ནས་ཁྱེད་རང་གི་འོད་ཟེར་ལ་ཡོང་གི་ཡོད། སྐུ་ཁྲག་གི་དབང་གིས་ཁྱེད་ཀྱི་དྲུང་དུ་མཇལ་ན་ཆོག ངའི་སེམས་ལ་ཚོད་ལྟ་དང་། བློའི་མུན་པ་སེལ་བར་མཛོད། ཀྱེ། གཙོ་བོ། ང་ལ་ཤར། ༣ གཙོ་བོ་ཡབ་ཆེན་གྱི་བཀའ་དང་ནུས་ཤུགས་ཀྱིས། ང་ཚོའི་མི་རྒྱུད་ནི་རིམ་པ་ནས་རིམ་པར་འགྱུར། ཡེ་ཤུའི་མཚན་ལ་དད་པ་བྱེད་མཁན་བདེ་ལ་བཀོད། གཙོ་བོའི་འཕྲིན་བཟང་དེར་ཐམས་ཅད་ཀྱིས་བསྟོད་པར་ཤོག ཀྱེ། གཙོ་བོ། ང་ལ་ཤར།།
Shine, Jesus, Shine
-
༡ ལོངས་ཤིག་ལོངས་ཤིག་དམག་མི་རྣམས། རྒྱངས་ཤིང་དེ་རྒྱབ་ཏུ་འཁུར། ཁོང་གི་རྒྱལ་མཚན་ཡར་འཕྱར་ཞིང་། དེ་ཉིད་གནོད་པ་ལས་སྲུངས། ཁོང་དགྲ་ལས་རྣམ་པར་རྒྱལ་ཏེ། རང་གི་དམག་མི་རྣམས་འཁྲིད་ཡོང་། དགྲ་བོ་རྣམས་ཕམ་པར་བྱས་ཏེ། མཱ་ཤི་ཀ་གཙོ་བོར་འགྱུར། ༢ ལོངས་ཤིག་ལོངས་ཤིག་དམག་མི་རྣམས། དམག་དུང་གི་སྐད་ལ་ཉོན། དམག་འཁྲུག་བརྒྱབ་ལ་རྒྱུག་སོང་ནས། དགྲ་རྣམས་ཕམ་པར་བྱེད་དགོས། མི་ཡི་རིགས་སུ་གྱུར་པ་རྣམས། དགྲ་ཡི་ཚོགས་ལ་དམག་དྲོངས། བར་ཆད་བྱུང་ཡང་སྤོབས་པ་སྐྱེད། དགྲ་རྣམས་ཟིལ་གྱིས་ནོན་ཞིག ༣ ལོངས་ཤིག་ལོངས་ཤིག་དམག་མི་རྣམས། ཁོང་གི་ནུས་པར་བརྟེན་དགོས། ཤ་ཡི་དམག་ཆས་ཕན་མི་ཡོང་། རང་སྟོབས་ལ་བརྟེན་མི་ནུས། འཕྲིན་བཟང་གི་གོ་ཁྲབ་གྱོན་ཞིག སེམས་མ་གཡེངས་པར་སྨོན་ལམ་ཞུས། ཉེན་ཁ་ག་ཚོད་ཡོད་ན་ཡང་། འདི་ནས་ཁ་མ་འབྲེལ་ཞིག ༤ ལོངས་ཤིག་ལོངས་ཤིག་དམག་མི་རྣམས། དམག་འཁྲུག་རྒྱུན་རིང་མི་གནས། དེ་རིང་དམག་གི་འུར་སྒྲ་ཡོད། སང་ཉིན་རྒྱལ་བའི་གླུ་བླང་། སུ་ཡང་རྒྱལ་བར་གྱུར་ན་ནི། ཚེ་ཡི་ཅོད་པན་འཐོབ་ཡོང་། ཁོང་བཀྲ་ཤིས་པའི་རྒྱལ་པོ་ཡིན། རྒྱུན་དུ་རྒྱལ་སྲིད་གཟུང་ཡོང་།།
Stand Up, Stand Up for Jesus
-
༡ རི་དེར་ཡར་ལ་འཛེགས་ནས། ཨ་ཧ་ལ། “ཨ་ཞང་པ་སངས་ལགས་”མཇལ་བྱུང་ཧཱ་ལེ་ལུ་ཡཱ། ཡེ་ཤུ་ལ་དད་པ་ཡོད་པས། ཁོང་ཉིད་དེར་ཡང་བཞུགས་ཡོད། ཨ་ཧ་ཨ་ཧ། ཧཱ་ལེ་ལུ་ཡཱ། ཨ་ཧ་ཨ་ཧ། སྐྱབས་མགོན་ཡེ་ཤུ་བཞུགས་ཡོད། ༢ གྲོང་དེར་མར་ལ་བབས་ནས། ཨ་ཧ་ལ། མི་ཚང་སྐལ་བཟང་ལགས་མཇལ་བྱུང་ཧཱ་ལེ་ལུ་ཡཱ། ཡེ་ཤུ་ལ་དད་པ་ཡོད་པས། ཁོང་ཉིད་དེར་ཡང་བཞུགས་ཡོད། ཨ་ཧ་ཨ་ཧ། ཧཱ་ལེ་ལུ་ཡཱ། ཨ་ཧ་ཨ་ཧ། སྐྱབས་མགོན་ཡེ་ཤུ་བཞུགས་ཡོད།། ༣ རྒྱ་མཚོའི་ཕར་ལ་བརྒལ་ནས། ཨ་ཧ་ལ། གྲོགས་པོ་གསར་པ་དང་ཐུག་བྱུང་ཧཱ་ལེ་ལུ་ཡཱ། ཡེ་ཤུ་ལ་དད་པ་ཡོད་པས། ཁོང་ཉིད་དེར་ཡང་བཞུགས་ཡོད། ཨ་ཧ་ཨ་ཧ། ཧཱ་ལེ་ལུ་ཡཱ། ཨ་ཧ་ཨ་ཧ། སྐྱབས་མགོན་ཡེ་ཤུ་བཞུགས་ཡོད། ༤ ཤར་ཕྱོགས་ཡུལ་འདིར་བསླེབས་ནས། ཨ་ཧ་ལ། ཁྱེད་ཚོ་ཚང་མ་དང་ཐུག་བྱུང་ཧཱ་ལེ་ལུ་ཡཱ། ཡེ་ཤུ་ལ་དད་པ་བྱེད་ན། ཁོང་ཉིད་འདིར་ཡང་བཞུགས་ཡོད། ཨ་ཧ་ཨ་ཧ། ཧཱ་ལེ་ལུ་ཡཱ། ཨ་ཧ་ཨ་ཧ། སྐྱབས་མགོན་ཡེ་ཤུ་བཞུགས་ཡོད། ༥ མི་ཚེ་འདི་ཉིད་རྫོགས་ནས། ཨ་ཧ་ལ། ནམ་མཁའི་རྒྱལ་པོ་ལགས་མཇལ་ཡོང་ཧཱ་ལེ་ལུ་ཡཱ། ཡེ་ཤུ་ལ་དད་པ་བྱེད་ན། ཁོང་དང་མཉམ་དུ་བསྡད་ཡོང་། ཨ་ཧ་ཨ་ཧ། ཧཱ་ལེ་ལུ་ཡཱ། ཨ་ཧ་ཨ་ཧ། ཁོང་དང་མཉམ་དུ་བསྡད་ཡོང་།།
I Climbed the Mountain