• གང་ཡང་། གང་ཡང་། གང་ཡང་། ཡ་ཧོ་ཝཱ་ལ་ཁག་པོ་གང་ཡང་མེད། གང་ཡང་། གང་ཡང་། གང་ཡང་། ཡ་ཧོ་ཝཱ་ལ་ཁག་པོ་གང་ཡང་མེད། རི་བོ་ལ་ང་ཡི་མིག་ཡར་འདེགས། ངའི་རོགས་པ་ག་པར་ནས་ཡོང་གི་ཡོད། ནམ་མཁའ་དང་ས་གཞི་བཀོད་པའི། ཡ་ཧོ་ཝཱ་ནས་ཡོང་གི་ཡོད། གོ་བོ་འདྲ་པོ་ང་ཤུགས་ཆེན་པོ་འཕུར་གྱི་ཡིན། གོ་བོ་འདྲ་པོ་མཐོ་པོར་ཡར་ལང་གི་ཡིན། ཡ་ཧོ་ཝཱ་ནི་དབང་ཤུགས་ཆེ་ཤོས། ཡ་ཧོ་ཝཱ་ལ་ཁག་པོ་གང་ཡང་མེད། ཁག་པོ་གང་ཡང་མེད།། ༢

    Nothing is too Difficult

  • ཁྱེད་ལ་གཙོ་བོའི་བྱམས་པ་ཐོབ་པའི་ཕྱིར། བདམས་པའི་མི་ཞིག་ཡིན། ཁྱེད་ཀྱི་འཚོ་བའི་ནང་དུ། ཕུན་སུམ་ཚོགས་པའི་བྱམས་པ་ཡོད། ༢ འཇིག་རྟེན་མ་བསྐྲུན་སྔོན་ལ། དཀོན་མཆོག་གིས་ང་ཚོར་གཅེས། ང་ཚོའི་ལྷན་འཛོམས་བརྒྱུད་ནས། བྱམས་པའི་འབྲས་བུ་བསྐྱེད། འཇིག་རྟེན་འདི་ལ་ཁྱེད་རང་ཡོད་པའི་རྐྱེན་གྱིས། ང་ཚོ་ལ་ཞི་བདེ་དང་དགའ་སྤྲོ་ཚད་མེད་པ་ཞིག་བྱུང༌། ཁྱེད་ནི་གཙོ་བོའི་བྱམས་པ་ཐོབ་པའི་ཕྱིར་སྐྱེས་པའི་མི་ཡིན། ད་ལྟ་ད་དུང་མཐའ་མེད་པའི་བྱམས་པ་དེ་ཐོབ།། ༢

    Born To Be Loved

  • ཁྱེད་ནི་ང་ཡི་ཡིབ་ས་ཡིན། ཁྱེད་ཀྱིས་ནམ་ཡང་ཐར་པའི་བསྟོད་དབྱངས་ཀྱིས། ངའི་སེམས་ཁྱབ་པར་མཛད། དུས་ནམ་ཡང་ང་འཇིགས་པའི་དུས། ང་ཁྱེད་ལ་བརྟེན་གྱི་ཡིན། ང་ཁྱེད་ལ་བརྟེན་གྱི་ཡིན། སྟོབས་ཆུང་རྣམས་ནི་གཙོ་བོའི་ནང་དུ། སྟོབས་ཤུགས་འཛོམས་ཞེས་བཤད་པར་ཤོག ང་ཁྱེད་ལ་བརྟེན་གྱི་ཡིན།།

    You Are My Hiding Place

  • ཁྱེད་ནི་ང་ཡི་དཀོན་མཆོག་ང་ཡི་རྒྱལ་པོ། ཁྱེད་ནི་ང་ཡི་བདག་པོ་ང་ཡི་ཡོད་ཚད། ཁྱེད་ནི་ང་ཡི་དཀོན་མཆོག་ངས་ཁྱེད་ལ་བསྟོད་བསྔགས་འབུལ། ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ་ཡཱ།།

    You Are My God, You Are My King

  • ཁྱེད་ཀྱི་ཁང་པ་བྱེ་ཐང་ཐོག་ལས་མི་ཉན། མཚོ་ཁ་ལ་ཡང་བརྩིག་མི་ཉན། དེ་འདྲ་ལས་ན་བལྟས་ན་ཡག་ཀྱང་། ཁྱེད་ཀྱིས་ཐེངས་མ་གཉིས་ཙམ་བྱེད་དགོས། ཨོ་ཁྱེད་ཀྱིས་ཐེངས་མ་གཉིས་ཙམ་བྱེད་དགོས། ཁྱེད་ཀྱིས་ཁང་པ་རྡོ་ཕ་བོང་ཐོག་ལ་བྱེད་དགོས། རྨང་གཞི་བརྟན་པོ་ཡི་ས་ཆ་ཞིག་ལ་བྱེད་དགོས། དེ་ནས་ཆར་དྲག་ཅི་ཚད་ཆེན་པོ་འབབ་ན་ཡང་། ཁྱེད་ཀྱིས་དཀོན་མཆོག་གི་ཞི་བདེ་ཤེས་ཐུབ་བོ།། ༣

    Don’t Build Your House On The Sandy Land

  • ༡ སྐྱེས་པའི་རང་ཡུལ་བཞག་ནས་མི་ཡུལ་ཕྱོགས་ལ་ཡོང་། མི་ཡུལ་བཟང་པོར་ཡེ་ཤུ་དང་ཐུག་ཕྲད་བྱུང་། དཀའ་སྡུག་གི་མུན་ནག་ཁྱེད་ཀྱི་སེལ་རོགས་གནང་། དཀའ་སྡུག་གི་མུན་ནག་ཁྱེད་ཀྱི་སེལ་རོགས་གནང་། ཨཱོའོ་་་དཀའ་སྡུག་མུན་ནག་ཁྱེད་ཀྱི་སེལ་རོགས་གནང་། ཨོའོ་་་ཨོའོ་དཀོན་མཆོག་བཀའ་དྲིན་ཆེན་པོ་ལ། ཀྱོག་ཀྱོག་གི་མི་ཚེ་འགྲོ་ལམ་རིང་པོ་རེད། ཁྱེད་ཀྱི་བྱམས་སེམས་ང་ཚོ་ལ་གནང་རོགས་གནང་། ཨཱོའོ་་་ཁྱེད་ཀྱི་བྱམས་སེམས་ང་ཚོ་ལ། གནང་རོགས་གནང་། ༢ ང་ཚོའི་སྡིག་པ་ཁྱེད་ཀྱིས་སེལ་རོགས་གནང་། ང་ཚོའི་སྨོན་ལམ་ཁྱེད་ཀྱིས་གསན་རོགས་གནང་། ང་ཚོའི་བསྟོད་པ་ཁྱེད་ལ་ཕུལ་གྱི་ཡིན། ང་ཚོའི་རེ་བ་ཁྱེད་ཀྱིས་གནང་རོགས་གནང་། ཨཱོའོ་་་ང་ཚོའི་རེ་བ་ཁྱེད་ཀྱིས་གནང་རོགས་གནང་།

    Gave a Good Path

  • ༡ སྐྱིད་སྡུག་གཉིས་ཀྱིས་མི་ཚེ་ལ། ཉིན་དང་མཚན་འདྲ་པོ་ཡོང་། མི་ཚེ་ལ་འཆི་བ་མ་ཡོང་བར། སྡུག་བསྔལ་བྱུང་ནའང་དགའ་པོ་ཡོང་། ༢ སྡུག་བསྔལ་བྱུང་ནའང་དགའ་པོ་ཡོང་། ༢ འཆི་བ་དེ་ནི་མི་ཚེ་ལ། ལུས་དང་སེམས་གཉིས་ལ་ཡོང་། འཆི་བ་སེམས་ལ་མ་ཡོང་བར། འཆི་བ་དང་པོ་ལུས་ལ་ཡོང་། ༢ འཆི་བ་དང་པོ་ལུས་ལ་ཡོང་། ༣ ཐར་པ་ཐོབ་པའི་མི་ཚེ་ལ། ཉིན་མ་ཤར་འདྲ་པོ་ཡོང་། ཚེ་སྲོག་ཐར་པའི་མི་ཚེ་དེ། གཙོ་བོ་ཡེ་ཤུའི་མཚན་ནས་ཡོང་། ༢ གཙོ་བོ་ཡེ་ཤུའི་མཚན་ནས་ཡོང་། ༤ འཆི་བ་ནས་གསོན་པོ་བཞེང་མཁན་དེ། ང་ཚོའི་གཙོ་བོ་ཡེ་ཤུ་ཡིན། འཆི་བ་ནས་སྐྱབས་ཐུབ་མཁན་དེ། ང་ཚོའི་གཙོ་བོ་ཡེ་ཤུ་ཡིན། ༢ ང་ཚོའི་གཙོ་བོ་ཡེ་ཤུ་ཡིན།། ༣

    Music Notation

  • ༡ སྐྱབས་མགོན་ཡེ་ཤུ་མེད་ན། སྐྱོབ་མཁན་གཞན་སུ་ཡང་མེད། འཇིག་རྟེན་མི་སྐྱོབ་མཁན་གཞན་སུ་ཡང་མེད། ངའི་སེམས་ལ་ངལ་གསོ་ཡོད། རྨ་ཁ་རྣམས་ཡོངས་སུ་དྲག བཙོན་པ་རྣམས་ཐར་ཞིང་གུ་ཡངས་ཐོབ། ༢ ཐུགས་ཉིད་ངའི་སྟེང་བབས་ཤིང་། ང་ལ་དབང་ཆ་གནང་ནས། དབུལ་ཕོངས་རྣམས་ལ་འཕྲིན་བཟང་བསྒྲོག་པར་མངགས། ལོང་བ་རྣམས་ཀྱིས་མཐོང་ཞིང་། མནར་བ་རྣམས་ལ་རང་དབང་འཐོབ། དཀོན་མཆོག་གིས་རོགས་རམ་མཛད་པའི་དུས་ལ་བབས། ༣ འགྱོད་བཤགས་ངང་སྡིག་པ་སྤོངས། སེམས་སྒྱུར་ཞིང་ཁོང་རྩར་ཤོག ཡེ་ཤུས་ཕྱག་ཟུང་བརྐྱངས་ནས་ཁྱེད་རང་བསུ། གཞུང་དྲང་གིས་སེམས་གཏིང་ནས། ཡོད་ཚད་ཁོང་ལ་ཕུལ་དང་། ཁོང་གིས་གནང་བའི་སྙིང་རྗེ་བསམ་མི་ཁྱབ། ༤ སྐྱབས་མགོན་ཡེ་ཤུ་མེད་ན། སྐྱོབ་མཁན་གཞན་སུ་ཡང་མེད། འཇིག་རྟེན་མི་སྐྱོབ་མཁན་གཞན་སུ་ཡང་མེད། ངའི་སེམས་ལ་ངལ་གསོ་ཡོད། རྨ་ཁ་རྣམས་ཡོངས་སུ་དྲག བཙོན་པ་རྣམས་ཐར་ཞིང་གུ་ཡངས་ཐོབ།།

    There is No Other Name

  • ༡ སྐྱབས་མགོན་སེམས་ཅན་ཡོངས་ཀྱི་སྐྱབས་མགོན། ང་ཡི་སྐྱབས་གཅིག་དྲིན་ཅན། ང་ནི་དབུལ་ཞིང་ཕོངས་པའི། ང་ཡི་བུ་ཕྲུག་བསྐྱབས་སོང༌། ༢ ༢ སྐྱབས་མགོན་ནམ་ཡང་ང་ལ་གཟིགས་ཡོད། བདག་གི་ཁྱེད་ལ་བཅོལ་ཡོད། ཇི་བསྐུལ་བདག་གིས་བསྒྲུབ་ཡོང༌། སྐྱབས་མགོན་ཁྱེད་ཀྱིས་མཁྱེན་རོགས། ༢

    This Poor Man’s Praise

  • ༡ སྐྱབས་མགྟོན་གཙོ་བྟོ་ཡེ་ཤུའི་འཁྟོར་དང་བཅས།། ཡུལ་གཞན་ཕེབས་པའི་ལམ་བར་ནས།། ལྟོང་བ་ཞིག་དང་འཕད་པ་ཡིན།། ལྟོང་བ་ཞིག་དང་འཕད་པ་ཡིན།། སྐྱབས་མགྟོན་ཡེ་ཤུ་མཱ་ཤི་ཀ ། ཁྟོང་ནི་འཇིག་རྟེན་འྟོད་ཟེར་ཡིན།། ༢ ཁྟོང་གི་ཐུགས་སྲས་རྣམས་ཀིས་སྟོབ་དཔྟོན་ལགས།། སྐྱེ་བྟོ་འདི་ནི་ལྟོང་བ་རེད།། སིག་པ་བྱེད་མཁན་སུ་ཡིན་ཞུས།། སིག་པ་བྱེད་མཁན་སུ་ཡིན་ཞུས།། ༣ ཁྟོ་དང་ཕ་མའི་ལས་ཀིས་རེན་མ་ཡིན།། ངྟོ་མཚར་མཛད་པ་དཀྟོན་མཆྟོག་གིས།། ཁྟོ་ཡི་ལུས་ནས་ཇི་བཞིན་དུ།། མངྟོན་ཕྱིར་དེ་ལྟར་བྱུང་བ་ལགས།། ༤ ཉི་མྟོའི་དུས་སབས་རིང་ལ་མངགས་མཁན་གི།། དགྟོངས་དྟོན་བཞིན་དུ་སྒྲུབ་དགྟོས་ཀང་།། ཅི་ཡང་མི་སྒྲུབ་མཚན་མྟོ་ཞིག། མྱུར་བ་མྱུར་དུ་སེབས་པར་ངེས།། ༥ འཇིག་རྟེན་འདི་རུ་བཞུགས་པའི་དུས་སབས་རིང་།། བདག་ནི་འཇིག་རྟེན་འྟོད་ཟེར་ཡིན།། དེ་སད་ཁྟོང་གིས་གསུངས་པ་ཡིན།། དེ་སད་ཁྟོང་གིས་གསུངས་པ་ཡིན།། ༦ དེ་རེས་སྐྱབས་མགྟོན་གཙོ་བྟོ་ཡེ་ཤུས་ཡིས།། མཆིལ་མས་བརིས་པའི་འདམ་བག་དེ།། ལྟོང་བའི་མིག་ལ་བསྐུས་པ་ཡིན།། ལྟོང་བའི་མིག་ལ་བསྐུས་པ་ཡིན།། ༧ ཁྱེད་ཀིས་སི་ལྟོ་ཨམ་ཞེས་རིང་བུ་ནས།། ཁྲུས་ཞུས་གསུངས་ཤིང་དེ་བཞིན་དུ།། མིག་ཟུང་བཀྲུས་པས་མཐྟོང་བར་གྱུར།། མིག་ཟུང་བཀྲུས་པས་མཐྟོང་བར་གྱུར།།

    Kyamgon Jeshu

  • ༡ སྐྱབས་མགོན་ཡེ་ཤུ་ངས་ཁྱེད་ཀྱི་བློས་བཏང་ཡིད་ལ་དྲན། ཁྱེད་ཅི་ཡང་མིན་པར་གྱུར་ནས་རང་སྲོག་བློས་བཏང་། ང་ཐེངས་མང་པོར་ཁྱེད་ཀྱི་ཚེ་སྲོག་གནང་བར་ཡ་མཚན་སྐྱེས། ང་རང་ཡང་བསྐྱར་གནས་དེར་ཡོད། ༢ བདག་གིས་ཡང་བསྐྱར་ཁྱེད་ཉིད། གྲོངས་པའི་རྒྱངས་ཤིང་ལ་ལྟ་དུས། ཁྱེད་ཀྱི་སྙིང་རྗེ་ནང་དུ་དམན་སེམས། བཟུང་ཞིང་སྙིང་དུམ་བུར་ཆག་སོང་། ངས་ཡང་བསྐྱར་ཁྱེད་ལ་བཀའ་དྲིན་ཞུ། ཡང་བསྐྱར་ངའི་ཚེ་སྲོག་ཁྱེད་ཉིད་ལ་འབུལ། ༢ ད་ལྟ་ཁྱེད་ཉིད་ཐམས་ཅད་ལས་མཐོན་པོར་བསྒྲེངས་པ་ཡིན། ཁྱེད་ནི་ངས་ཕྱག་འཚལ་འོས་པའི་ནམ་མཁའི་རྒྱལ་པོ་ཡིན། འོན་ཀྱང་ད་ལྟ་ང་རང་ཁྱེད་ཀྱི་ཐུགས་རྗེ་ལ་ཡ་མཚན་སྐྱེས། ངའི་སེམས་ཡང་བསྐྱར་བསྟོད་པས་ཁེངས་སོང་།། ༢

    I Think Upon Your Sacrifice

  • སྐྱབས་མགོན་གཙོ་བོ་ཡེ་ཤུ་ལགས། ཁོང་ལ་བསྟོད་དབྱངས་ཕུལ་ཞིག ༢ དབང་དང་ལྡན་པའི་དམ་པའི་ཐུགས་ཉིད། ཁོང་ལ་བསྟོད་དབྱངས་ཕུལ་ཞིག ༢ ནམ་མཁར་བཞུགས་པའི་ང་ཚོའི་ཡབ། ཁོང་ལ་བསྟོད་དབྱངས་ཕུལ་ཞིག ། ༢

    Gyamgon Tsowa