-
སྒོ་གཅིག་རང་ཡོད་སྒོ་ལ་ཕྱི་ནང་གཉིས་ཡོད། ཕྱི་ལ་ནང་ལ་ཁྱོད་གང་ན་ཡོད། སྒོ་གཅིག་རང་ཡོད་སྒོ་ལ་ཕྱི་ནང་གཉིས་ཡོད། ང་ནང་ལ་བསྡད་ཡོད། ཁྱོད་གང་ན་ཡོད།
There is just One Door
21
-
རྒྱལ་པོ་དང་གཙོ་བོའི་གཙོ་བོ་གཟི་བརྗིད། ཧ་ལེ་ལོའུ་ཡཱ། ༢ ཡེ་ཤུ་ཞི་བདེ་ཡི་གཙོ་བོ་གཟི་བརྗིད། ཧ་ལེ་ལོའུ་ཡཱ། ༢
King of Kings and Lord of Lords
20
-
༡ དགའ་བ་ལ་དང་། དགའ་བ་ལ། སྐྱིད་པ་ལ་དང་། སྐྱིད་པ་ལ། སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡིས། ཉི་མ་གསར་བ་གནང་བ་རེད། ཐུགས་རྗེ་ཆེ་བཀའ་དྲིན་ཆེ། ང་ཚོའི་སེམས་གཏིང་ནས། ཁྱེད་ལ་བསྟོད་དབྱངས་འབུལ། ༢ ༢ དེ་རིང་ཉི་མ་འདི་ལ། བཀྲ་ཤིས་པ་ཡོང་བར་ཤོག ང་ཚོས་ཁྱེད་ལ་བསྟོད་བསྔགས་འབུལ་བཞིན་ཡོད། ང་ཚོ་ལ་བྱམས་པ་གནང་བ་རེད། ༣ སྐྱབས་མགོན་ཡེ་ཤུས་ང་ཚོ་ལ། སྡིག་པ་ནས་ཐར་བ་གནང་བར་ཤོག ང་ཚོའི་མི་ཚེ་སྐྱིད་པོ་ཡོང་བ་རེད། ང་ཚོ་ལ་བྱིན་རླབས་གནང་བར་མཛོད།
Joy, O Joy!
19
-
༡ གྲོགས་པོ་ཁྱེད་ལ། གཙོ་བོའི་མཚན་གྱི་བཀའ་ལན་གནང་བར་ཤོག ༢ ༢ གྲོགས་པོ་ཁྱེད་ལ། ཡེ་ཤུའི་མཚན་གྱི་ཐར་བ་གནང་བར་ཤོག ༢ ༣ གྲོགས་པོ་ཁྱེད་ལ། དམ་པའི་ཐུགས་ཉིད་དབང་གནང་བར་ཤོག ༢ ༤ གྲོགས་པོ་ཁྱེད་ཀྱིས། དམ་པ་ཁོང་ལ་བསྟོད་དབྱངས་འབུལ་བར་ཤོག ༢
O Friend, A Prayer of Blessings
18
-
༡ གངས་རི་དང་གནམ་ལ་བལྟས་ནས། འཛམ་གླིང་འདིའི་ལྡུམ་རའི་ནང་དུ། མེ་ཏོག་དང་སེམས་ཅན་བསྐྱེད་དོ།། ཐམས་ཅད་གང་ནས་བྱུང་ངམ། ངའི་བརྩེ་བའི་སྐྱབས་མགོན། སྐྱབས་མགོན་ཡེ་ཤུ། ཐམས་ཅད་མཛེས་པར་བཀོད་དོ།། སྐྱབས་མགོན་ཡེ་ཤུ། ༢ ཕོ་གསར་བ་སྟག་ཤར་གཞོན་ནུ། མཛེས་པའི་དམན་ཆུང་བུ་མོ། ལོ་རྒན་པ་ཤེས་རབ་ལྡན་པ། ཐམས་ཅད་གང་ནས་བྱུང་ངམ། ངའི་བརྩེ་བའི་སྐྱབས་མགོན། སྐྱབས་མགོན་ཡེ་ཤུ། ཐམས་ཅད་མཛེས་པར་བཀོད་དོ།། སྐྱབས་མགོན་ཡེ་ཤུ། ༣ བདེན་པ་ཡི་མི་ཚེ་གསར་བ། ཡིད་སེམས་ཀྱི་མུན་པ་བསལ་བ། དམ་པའི་ཐུགས་ཉིད་ཀྱི་ཁྲུས་གསོལ། ཐར་བ་གང་ནས་བྱུང་ངམ། ངའི་བརྩེ་བའི་སྐྱབས་མགོན། སྐྱབས་མགོན་ཡེ་ཤུ། ང་ཡི་དོན་ལ་ཕེབས་སོ།། སྐྱབས་མགོན་ཡེ་ཤུ། ༢
Snow Mountains and Sky
17
-
༡ ཁྱོད་རང་སྡིག་པ་ནས་ཐར་བ་འཐོབ་འདོད་དམ། སྐུ་ཁྲག་ལ་དབང་ཡོད། ཁྲག་ལ་དབང་ཡོད། ཁྱོད་ངན་པ་ལས་རྒྱལ་ཁ་འཐོབ་པར་འདོད་དམ། སྐུ་ཁྲག་ལ་ཡ་མཚན་གྱི་དབང་ཡོད། དབང་ཡོད། དབང་། དབང་། ཡ་མཚན་ཅན་གྱི་དབང་། ལུ་གུའི་སྐུ་ཁྲག་ནང་ན། དབང་ཡོད། དབང་། དབང་། ཡ་མཚན་ཅན་གྱི་དབང་། ལུ་གུའི་སྐུ་ཁྲག་རིན་ཆེན་དེར་ཡོད། ༢ འདོད་ཆགས་དང་ང་རྒྱལ་ནས་ཐར་བར་འདོད་དམ། སྐུ་ཁྲག་ལ་དབང་ཡོད། ཁྲག་ལ་དབང་ཡོད། སེམས་འདག་པའི་ཕྱིར་སྐུ་ཁྲག་འདིའི་རྩར་ཤོག སྐུ་ཁྲག་ལ་ཡ་མཚན་གྱི་དབང་ཡོད། ༣ ཁྱོད་ཁ་བ་ལས་དཀར་པོར་འགྱུར་འདོད་དམ། སྐུ་ཁྲག་ལ་དབང་ཡོད། ཁྲག་ལ་དབང་ཡོད། རིན་ཆེན་ཁྲག་འདིས་སྡིག་སྒྲིབ་ཀུན་འདག་ཡོང་། སྐུ་ཁྲག་ལ་ཡ་མཚན་གྱི་དབང་ཡོད། ༤ ཁྱོད་ཀྱིས་ཡེ་ཤུ་ལ་ཞབས་ཕྱི་ཞུ་འདོད་དམ། སྐུ་ཁྲག་ལ་དབང་ཡོད། ཁྲག་ལ་དབང་ཡོད། ཁྱོད་ཀྱིས་རྒྱུན་དུ་ཁོང་ལ་བསྟོད་པར་འདོད་དམ། སྐུ་ཁྲག་ལ་ཡ་མཚན་གྱི་དབང་ཡོད།
Would You Be Free From Your Burden of Sin?
16
-
༡ ཁྱོད་ཀྱིས་ཡེ་ཤུ་ལ་དད་པ་བྱེད་དམ། ཁྱོད་ལ་སེམས་གསར་བ་ཐོབ་བམ། ཁྱོད་ཀྱི་མིང་ནམ་མཁའ་ལ་ཡོད་དམ། ཁྱོད་དེ་རུ་གནས་པར་འགྱུར་རམ། ཁྱོད་ལ་སེམས་གསར་བ་དགོས་ན་ལེན་དུ་ཤོག ༢ ཁྱོད་ནི་སྔར་བཞིན་ངོ་ཚ་དང་བྲལ་ནས། སྡིག་པའི་དོན་ལ་ཡིད་སེམས་སྤྲོ་ཞིང་། ཚེ་ཕྱི་མ་ཡང་བརྗེད་པར་འགྱུར་འགྲོ། དེའི་ཕྱིར་ངས་ཁྱོད་ལ་སྐུལ་དགོས། ཡེ་ཤུ་ནས་སེམས་གསར་བ་འདི་ལེན་དུ་ཤོག ༣ འོ་ན་སྡིག་པའི་འབྲས་བུ་དེ་ནི། སེམས་ཀྱི་འཆི་བ་དངོས་དེ་ཡིན། ཡེ་ཤུས་གནང་བའི་ཚེ་སྲོག་མེད་ན། ཁྱོད་ནི་འཆི་བར་འགྱུར་ངེས་ཡིན་ནོ།། མཐའ་མེད་པའི་སྲོག་དེ་ལེན་དུ་མགྱོགས་པོར་ཤོག ༤ ཡེ་ཤུ་ང་ཡི་བྱམས་པའི་སྐྱབས་མགོན། ང་ཡི་སྡིག་པ་བསལ་རོགས་གནང་། ང་ལ་སེམས་གསར་བ་ཞིག་གནང་ཞིང་། མཐའ་མེད་པའི་སྲོག་གནང་བར་མཛོད། འདི་ལྟར་ཡེ་ཤུ་ལ་ཞུས་ན་འཐོབ་ཡོང་ངོ་།།
Do You Believe In Jesus?
15
-
ཁྱེད་རང་ལ། གཙོ་བོའི་མཚན་ནས་ཞི་བདེ་ཡོང་བར་ཤོག ཁྱེད་རང་ལ། ཞི་བདེ་ཡི་རྒྱལ་པོའི་མཚན་ནས་ཞི་བདེ་ཡོང་བར་ཤོག ཡོང་བར་ཤོག
Peace to You
14
-
༡ ཁྱེད་ཀྱིས་གནང་བའི་ཉིན་བཟང་འདི་ལ། ༣ གཙོ་བོ་ཐུགས་རྗེ་ཆེ། ༢ ཁྱེད་ཀྱིས་གནང་བའི་ཁ་ཟས་འདི་ལ། ༣ གཙོ་བོ་ཐུགས་རྗེ་ཆེ། ༣ ཁྱེད་ཀྱིས་གནང་བའི་བྱིན་རླབས་འདི་ལ། ༣ གཙོ་བོ་ཐུགས་རྗེ་ཆེ།
Thank You Lord For This Fine Day
12
-
ཁྱེད་ནི་རྒུན་ཤིང་བདེན་པ། ང་ཚོ་ནི་ཡལ་ག་ཡིན། ཁྱེད་དང་འབྲེལ་བར་གནས་པར་ཤོག ༢ ཁྱེད་ཀྱི་བྱམས་པའི་མཚན་ལ། ངེད་རྣམས་ཡར་འགྲོ་བའི་དུས། ནད་སངས་པ་དང་ཐར་བའི་དབང་། ཁྱེད་རང་གི་ཡིན་པ་ནི། འཇིག་རྟེན་པས་ཤེས་ཡོང་།
You Are The Vine
-
ཁོང་གཙོ་བོ་ལགས། ༢ ཁོང་གྲོངས་པ་ནས་སླར་གསོན་ཞིང་། ཁོང་གཙོ་བོ་ལགས། པུས་མོ་ཀུན་སར་འཛུགས་ཤིང་། མི་ཚང་མས་ཁས་ལེན་ཞུས་ནས། ཡེ་ཤུ་གཙོ་བོ་ལགས།
He Is Lord
-
༡ (ཕོ) སྐྱིད་གླུ་ལོངས་ཤིག ཉི་མ་གསར་བ་ཤར་བྱུང་ལ། སོའོ་ཡ་ལ། མུན་པའི་དཀྱིལ་ལ་ཤར་བྱུང་ལ། ཕེབས་ཤོག་མ་ཤི་ཀ སྐྱིད་གླུ་ལོངས་ཤིག མུན་པའི་དཀྱིལ་ལ་ཤར་བྱུང་ལ། སོའོ་ཡ་ལ། ང་ཚོའི་དོན་ལ་ཤར་བྱུང་ལ། ཕེབས་ཤོག་མ་ཤི་ཀ ༢ (མོ) སྐྱིད་གླུ་ལོངས་ཤིག སྐྱབས་མགོན་ཡེ་ཤུ་ཕེབས་བྱུང་ལ། སོའོ་ཡ་ལ། ཉིན་ཞིག་ཡང་བསྐྱར་ཕེབས་ཡོང་ལ། ཕེབས་ཤོག་མ་ཤི་ཀ སྐྱིད་གླུ་ལོངས་ཤིག ཉིན་ཞིག་ཡང་བསྐྱར་ཕེབས་དུས་ལ། སོའོ་ཡ་ལ། འོད་ཟེར་འཕྲོས་ནས་ཕེབས་ཡོང་ལ། ཕེབས་ཤོག་མ་ཤི་ཀ ༣ (ཕོ) ཞབས་བྲོ་འཁྲབ་དང་། དུང་སྐད་ཆེན་པོ་གོ་དུས་ལ། སོའོ་ཡ་ལ། སྤྲིན་གྱི་དཀྱིལ་ལ་མཐོང་ཡོང་ལ། ཕེབས་ཤོག་མ་ཤི་ཀ ཞབས་བྲོ་འཁྲབ་དང་། སྤྲིན་གྱི་དཀྱིལ་ནས་མཐོང་དུས་ལ། སོའོ་ཡ་ལ། ཅི་འདྲའི་གཟི་བརྗིད་ཆེན་པོ་ལ། ཕེབས་ཤོག་མ་ཤི་ཀ ༤ (མོ) ཞབས་བྲོ་འཁྲབ་དང་། ང་ཚོས་གྲ་སྒྲིག་བྱེད་དགོས་ལ། སོའོ་ཡ་ལ། ངས་སེམས་གྲ་སྒྲིག་བྱེད་ན་ལ། ཕེབས་ཤོག་མ་ཤི་ཀ ཞབས་བྲོ་འཁྲབ་དང་། ངས་སེམས་གྲ་སྒྲིག་བྱེད་དུས་ལ། སོའོ་ཡ་ལ། ཁྱོད་ཚོས་གྲ་སྒྲིག་བྱེད་དམ་ལ། ཕེབས་ཤོག་མ་ཤི་ཀ ༥ (མཉམ) རྔ་ཞིག་རྡུངས་དང་། ང་ཚོས་གྲ་སྒྲིག་བྱེད་ན་ལ། སོའོ་ཡ་ལ། ཕེབས་མཁན་མཉམ་དུ་འགྲོགས་ཡོང་ལ། ཕེབས་ཤོག་མ་ཤི་ཀ རྔ་ཞིག་རྡུངས་དང་། ཕེབས་མཁན་མཉམ་དུ་འགྲོགས་ན་ལ། སོའོ་ཡ་ལ། ནམ་མཁའི་ཡབ་དྲུང་བསླེབ་ཡོང་ལ། ཕེབས་ཤོག་མ་ཤི་ཀ
Sing a Song of Joy
10