Language:
Art & Music MinistryArticleBhutanBible PortionsBuddhismCelebration & SeasonsCentral TibetChildrenChristian BodyChristian LifeChristian TeachingChristmasCounsellingCovid-19DanceDevotionDictionariesDiscipleshipEasterEthnomusicologyEvangelizationFaithFeaturedFolk SongFuneral and DeathGlobal Prayer DayHealth WorkJesus ChristJoin The DanceKhamLinguisticsMission biographyNepalNewPastoral CarePicturalPostersPrayerSalvationScriptureSharing and OutreachSocial DevelopmentSongSongbooksStory Telling and StoriesTestimonyThankasTheologyTibetan Buddhist WorldWorship
Amdo TibetanCentral TibetanChineseDzongka Roman ScriptDzongkhaEnglishInner MongolianInstrumentalKham TibetanSpanishTibetanTibetan Roman ScriptTshangla
-
༡ ང་ཚོའི་དཀོན་མཆོག་ཡ་ཧོ་ཝཱ། ང་ཚོའི་སྨོན་ལམ་གསན་རོགས་གནང་། ང་ཚོའི་དཀོན་མཆོག་ཡ་ཧོ་ཝཱ། ང་ཚོའི་སྨོན་ལམ་གསན་རོགས་གནང་། ང་ཚོ་མི་རིགས་ཀྱིས་བསགས་པའི་སྡིག་པ་རྣམས། ཁ་བ་བཞིན་དུ་གཙང་མ་བཟོ་རོགས་གནང་། ཉི་མ་ཤར་བ་ལྟར་ང་ཚོའི་མི་རིགས་ལ། ཁྱེད་ཀྱི་དམ་པའི་འོད་འཕྲོ་བར་ཤོག ངས་སྨོན་ལམ་ཞུ་རྒྱུ་ཡིན། ཁྱེད་ལ་ཞུ་རྒྱུ་ཡིན། ཁྱེད་ཀྱི་རྒྱལ་སྲིད་ངའི་ཕ་ཡུལ་ལ་བསླེབ་རག་བར་དུ། ངས་སྨོན་ལམ་ཞུ་རྒྱུ་ཡིན། ཁྱེད་ལ་ཞུ་རྒྱུ་ཡིན། ཁྱེད་ཀྱི་ཞི་བདེ་ངའི་ཕ་ཡུལ་ལ་བསླེབ་རག་བར་དུ། ༢ ང་ཚོའི་དཀོན་མཆོག་ཡ་ཧོ་ཝཱ། ང་ཚོའི་སྨོན་ལམ་གསན་རོགས་གནང་། ང་ཚོའི་དཀོན་མཆོག་ཡ་ཧོ་ཝཱ། ང་ཚོའི་སྨོན་ལམ་གསན་རོགས་གནང་། དཔྱིད་ཀའི་མེ་ཏོག་ལྟར་ང་ཚོའི་ཕ་ཡུལ་ལ། ཁྱེད་ཀྱི་རེ་བའི་འཆར་གཞི་གནང་བར་ཤོག ནམ་མཁའི་རྒོད་པོ་ལྟར་ང་ཡི་སེམས་ལ། ཁྱེད་ཀྱི་སྟོབས་ཤུགས་གནང་བར་ཤོག ངས་སྨོན་ལམ་ཞུ་རྒྱུ་ཡིན། ཁྱེད་ལ་ཞུ་རྒྱུ་ཡིན། ཁྱེད་ཀྱི་རྒྱལ་སྲིད་ངའི་ཕ་ཡུལ་ལ་བསླེབ་རག་བར་དུ། ངས་སྨོན་ལམ་ཞུ་རྒྱུ་ཡིན། ཁྱེད་ལ་ཞུ་རྒྱུ་ཡིན། ཁྱེད་ཀྱི་ཞི་བདེ་ངའི་ཕ་ཡུལ་ལ་བསླེབ་རག་བར་དུ།
Hear Our Prayer
146
-
ང་ཚོ་ཚང་མ་འདི་རུ་འཛོམས་འཛོམས་ནས། འགྲོ་འགྲོ་འོད་ཀྱི་ནང་དུ་འགྲོ། ང་ཚོ་ཚང་མ་འདི་རུ་འཛོམས་འཛོམས་ནས། འགྲོ་འགྲོ་འོད་ཀྱི་ནང་དུ་འགྲོ། འགྲོ་འགྲོ་འགྲོ་འོད་ཀྱི་ནང་དུ་འགྲོ། འགྲོ་འགྲོ་འགྲོ་འོད་ཀྱི་ནང་དུ་འགྲོ། འགྲོ་འགྲོ་འགྲོ་འོད་ཀྱི་ནང་དུ་འགྲོ། དཀོན་མཆོག་གི་འོད་ཀྱི་ནང་དུ་འགྲོ།
Walk, Walk in the Light
144
-
༡ ང་ཚོ(ལ་ནི)འདི་ལ་འཛོམས་འཛོམས། སྣང་བ་སྐྱིད་པ་ལ་ཡེ། དཀོན་མཆོག་གི་བཀའ་དྲིན་ཡིན་པས། སྣང་བ་སྐྱིད་པ་ལ། དཀོན་མཆོག་གི(ལ་ནི)བཀའ་དྲིན་ཡིན་པས། སྣང་བ་སྐྱིད་པ་ལ་ཡེ། ཉིན་ལྟར་བསྟོད་དབྱངས་འབུལ་བ། སྣང་བ་སྐྱིད་པ་ལ། སྣང་བ་སྐྱིད་པ་གཅིག་སོ།། སྣང་བ་སྐྱིད་པ་གཉིས་སོ།། སྣང་བ་སྐྱིད་པ་གསུམ་གསུམ། ༢ ང་ཚོ(ལ་ནི)འདི་ལ་འཛོམས་འཛོམས། སྣང་བ་སྐྱིད་པ་ལ་ཡེ། ཡེ་ཤུའི་མཚན་ཐོབ་པར། སྣང་བ་སྐྱིད་པ་ལ། གཏན་དུ(ལ་ནི)འཛོམས་རྒྱུ་བྱུང་ན། སྣང་བ་སྐྱིད་པ་ལ་ཡེ། ཉིན་ལྟར་གསོལ་བ་བཏབ་ན། སྣང་བ་སྐྱིད་པ་ལ། སྣང་བ་སྐྱིད་པ་གཅིག་སོ།། སྣང་བ་སྐྱིད་པ་གཉིས་སོ།། སྣང་བ་སྐྱིད་པ་གསུམ་གསུམ། (ཨ་མེན།)
No Eng Title
143
-
༡ ང་ཚོ་དཀོན་མཆོག་གིས་བྱམས་པའི། ཁོང་གི་བུ་དང་བུ་མོ། ང་ཚོ་སྔ་མོ་ལངས་ནས་སྨོན་ལམ་ཞུ་རྒྱུ་ཡིན། ༢ དཀོན་མཆོག་གི་གསུང་རབ་རྒྱུན་དུ་ཀློག་རྒྱུ་ཡིན། ༢ ༢ ང་ཚོ་དཀོན་མཆོག་གིས་བྱམས་པའི། ཁོང་གི་བུ་དང་བུ་མོ། དཀོན་མཆོག་གི་བཀའ་ལ་རྒྱུན་དུ་ཉན་རྒྱུ་ཡིན། ༢ དཀོན་མཆོག་ལ་རྒྱུན་དུ་བསྟོད་དབྱངས་འབུལ་རྒྱུ་ཡིན། ༢ ༣ ང་ཚོ་དཀོན་མཆོག་གིས་བྱམས་པའི། ཁོང་གི་བུ་དང་བུ་མོ། དཀོན་མཆོག་གི་གསུང་རབ་མི་ལ་བཤད་རྒྱུ་ཡིན། ༢ ང་ཚོས་མི་ཚེ་དཀོན་མཆོག་གི་ཕྱག་ལ་འབུལ་རྒྱུ་ཡིན། ༢
Repentance Song #4
142
-
༡ ང་ནི་ཁྱོད་ཚོའི་དཀོན་མཆོག་ཡིན་ལ། ཁྱོད་ཚོར་དཀོན་མཆོག་གཞན་མི་དགོས། དཀོན་མཆོག་གཅིག་པོ་དེ་ང་ཡིན། ང་རང་གཙོ་བོ་ཨ་ཕ་དེ་ཡིན། ཡ་རེ་ལོ། ཞང་ཡ་རེ་ལོ། ང་རང་གཙོ་བོ་ཨ་ཕ། ཨ་ཕ་དེ་ཡིན། ༢ ཁྱོད་ཚོས་ལྷ་སྐུ་གཟུགས་བརྙན་དག་ལ། ལུས་ངག་ཡིད་གསུམ་གྱིས་ཕྱག་མ་འཚལ། བསྟོད་དབྱངས་སྨོན་ལམ་ཁོང་ལ་ཐོབས་དང་། ཁོང་ང་ཚོའི་དྲིན་ཆེན་ཨ་ཕ་དེ་རེད། ཡ་རེ་ལོ། ཞང་ཡ་རེ་ལོ། ཁོང་ང་ཚོའི་དྲིན་ཆེན་ཨ་ཕ། ཨ་ཕ་དེ་རེད། ༣ ཁྱོད་ཀྱིས་སྐྱབས་མགོན་གསུང་ལ་ཉོན་དང་། ཁྱོད་དཀོན་མཆོག་ཐུགས་ཉིད་དབང་ཐོབ་ནས། དུས་དང་རྣམ་པ་ཀུན་ཏུ་ཁྱོད་ལ། བྱིན་རླབས་གནང་མཁན་ཨ་ཕ་དེ་རེད། ཡ་རེ་ལོ། ཞང་ཡ་རེ་ལོ། བྱིན་རླབས་གནང་མཁན་ཨ་ཕ། ཨ་ཕ་དེ་རེད། ༢
He is the Father
140
-
ང་ནི་ཡ་མཚན་སྒོ་ནས་མཛད་ཅིང་། ཁྱོད་ཀྱང་ཡ་མཚན་སྒོ་ནས་མཛད་པ་ཡིན། དཀོན་མཆོག་གིས་ང་ཚོ་ཁྱད་པར་ཅན་དུ་མཛད། ང་ཚོ་ཡ་མཚན་སྒོ་ནས་མཛད་པ་ཡིན།
I’m so Wonderfully Made
141
-
༡ ང་ནི་ཁྱོད་ཀྱི་ཨ་ཕ་ཡིན། ༢ གལ་སྲིད་ཁྱོད་ཀྱི་ཕ་མས་ཁྱོད་རང་དོར་ནའང་། ངས་ཁྱོད་རང་འདོར་རྒྱུ་མིན། ང་ནི་ཁྱོད་ཀྱི་ཨ་ཕ་ཡིན། ༢ ང་ནི་ཁྱོད་ཀྱི་ཨ་ཕ་ཡིན། ༢ ཁྱོད་ཡུལ་དུ་ལོག་ཤོག ངས་ཁྱོད་ལ་སྒུག་བསྡད་ཡོད། ངས་ཁྱོད་རང་འདོར་རྒྱུ་མིན། ང་ནི་ཁྱོད་ཀྱི་ཨ་ཕ་ཡིན། ༣
I am your Father
139
-
ང་ནི་ཁྱོད་ཀྱི་དཀོན་མཆོག་ཡིན། ནམ་ཡང་གཉིད་དུ་མི་ཡུར་བའི་དཀོན་མཆོག་ཡིན། ངས་བྱམས་པའི་མིག་ཟུང་གིས་རྒྱུན་དུ་ཁྱོད་ལ་གཟིགས། ངས་བྱམས་པའི་མིག་ཟུང་གིས་རྒྱུན་དུ་ཁྱོད་ལ་གཟིགས། ངས་མིག་ཆུ་ཐིགས་པ་རེ་རེ་གཟིགས་ཤིང་ཡོད་ཚད་རྟོགས། ངའི་བྱམས་པ་དུས་ནམ་ཡང་ཁྱོད་དང་མཉམ་དུ་ཡོད།
The Eyes of Love
138
-
༡ ང་ཅི་ལྟར་ཡོད་བཞིན་ཡོང་གི་ཡོད། ཁྱེད་ང་ཡི་དོན་ལ་གྲོངས་པ་ཡིན། ཁྱེད་ཀྱིས་ང་རང་འབོད་ཀྱིན་འདུག (གཙོ་བོ་ཡེ་ཤུ་ང་ཡོང་གི་ཡོད།) གཙོ་བོ་ང་ཡོང་གི་ཡོད། ༢ ང་ཅི་ལྟར་ཡོད་བཞིན་ཡོང་གི་ཡོད། ངའི་སྡིག་པ་ཐམས་ཅད་བསལ་རོགས་གནང་། ཁྱེད་གྲོངས་ནས་ང་བླུས་པ་ཡིན་པས། (གཙོ་བོ་ཡེ་ཤུ་ང་ཡོང་གི་ཡོད།) གཙོ་བོ་ང་ཡོང་གི་ཡོད། ༣ ང་ཅི་ལྟར་ཡོད་བཞིན་ཡོང་གི་ཡོད། ངའི་ཐེ་ཚོམ་དང་སྡིག་པ་ཚང་མ། སྐྱིད་སྡུག་དང་འཇིགས་པ་ཀུན་ཁྱེར་ནས། (གཙོ་བོ་ཡེ་ཤུ་ང་ཡོང་གི་ཡོད།) གཙོ་བོ་ང་ཡོང་གི་ཡོད། ༤ ང་ཅི་ལྟར་ཡོད་བཞིན་ཡོང་གི་ཡོད། ང་དབུལ་པོ་ཉམ་ཆུང་ལོང་བ་ཡིན། ཁྱེད་ཀྱིས་ངའི་སྡིག་པ་བསལ་རོགས་གནང་། (གཙོ་བོ་ཡེ་ཤུ་ང་ཡོང་གི་ཡོད།) གཙོ་བོ་ང་ཡོང་གི་ཡོད། ༥ ང་ཅི་ལྟར་ཡོད་བཞིན་ཡོང་གི་ཡོད། ཁྱེད་ཀྱིས་ངའི་སྡིག་པ་བསལ་བ་ཡིན། ཁྱེད་ཀྱི་བཀའ་ལ་དད་པ་བྱེད་ཅིང་། (གཙོ་བོ་ཡེ་ཤུ་ང་ཡོང་གི་ཡོད།) གཙོ་བོ་ང་ཡོང་གི་ཡོད། ༦ ང་ཅི་ལྟར་ཡོད་བཞིན་ཡོང་གི་ཡོད། ཁྱེད་ཀྱི་བྱམས་པས་ང་རང་ཐར་བར་མཛད། ད་ང་གཙོ་བོ་ཁྱེད་རང་གི་ཡིན། (གཙོ་བོ་ཡེ་ཤུ་ང་ཡོང་གི་ཡོད།) གཙོ་བོ་ང་ཡོང་གི་ཡོད།
Just As I Am
137
-
༡ འགྲོ། འགྲོ། འགྲོ། གསུང་རབ་བཤད་དུ་འགྲོ། ༣ ཕ་མ་སྤུན་ཟླ་ཚོ་ལ། གཙོ་བོ་ཡེ་ཤུ་སུ་རེད། ལ་ནི་ཐར་བ་གནང་མཁན་སུ་རེད། ཧ་གོ་བ་མ་རེད། ཧ་གོ་བ་མ་རེད། ༢ འགྲོ། འགྲོ། འགྲོ། གསུང་རབ་བཤད་དུ་འགྲོ། ༣ བདག་གི་ཁྱིམ་མཚེས་ཚོ་ལ། གཙོ་བོ་ཡེ་ཤུ་སུ་རེད། ལ་ནི་ཕྱི་མ་ལམ་དེ་སུ་རེད། ཧ་གོ་བ་མ་རེད། ཧ་གོ་བ་མ་རེད། ༣ འགྲོ། འགྲོ། འགྲོ། གསུང་རབ་བཤད་དུ་འགྲོ། ༣ གྲོགས་པོ་གྲོགས་མོ་ཚོ་ལ། གཙོ་བོ་ཡེ་ཤུ་སུ་རེད། ལ་ནི་སེམས་ཤུགས་གནང་མཁན་སུ་རེད། ཧ་གོ་བ་མ་རེད། འགྲོ། འགྲོ། འགྲོ། གསུང་རབ་བཤད་དུ་འགྲོ། ༣
Go While Singing
136
-
༡ དགའ་བསུ་ཞུ་བཞིན་ཡོད། དགའ་བསུ་ཞུ་བཞིན་ཡོད། གཙོ་བོ་ཡེ་ཤུའི་མཚན་བརྒྱུད་ནས་དགའ་བསུ་ཞུ་བཞིན་ཡོད། ༢ བྱིན་རླབས་ཡོང་བར་ཤོག བྱིན་རླབས་ཡོང་བར་ཤོག གཙོ་བོ་ཡེ་ཤུའི་མཚན་བརྒྱུད་ནས་བྱིན་རླབས་ཡོང་བར་ཤོག
We Welcome You
135
-
དགའ་བ་ལ། གཙོ་བོ་ཁྱེད་ཀྱི་འཕྲིན་བཟང་ཐོས། སྐྱིད་པ་ལ། བསྟོད་དབྱངས་གཙོ་བོ་ཁྱེད་ལ་འབུལ། ༡ མི་དམངས་འདི་ཐམས་ཅད། ཁྱེད་ལ་དད་པ་བྱས་ཆོག མདང་དགོང་རྨི་ལམ་ནང་དུ། སྐྱབས་མགོན་ཡེ་ཤུ་མཇལ་བྱུང་། གཙོ་བོ་ཁྱེད་ཀྱིས་གནང་བའི་དམ་པའི་གསུང་རབ། ཀློག་བཞིན་ཡོད། གཙོ་བོ་དྲན་པའི་སྐབས་སུ་ཁྱེད་ལ་བསྟོད་དབྱངས་འབུལ་ཆོག དགའ་བ་ལ། གཙོ་བོ་ཁྱེད་ཀྱི་འཕྲིན་བཟང་ཐོས། སྐྱིད་པ་ལ། བསྟོད་དབྱངས་གཙོ་བོ་ཁྱེད་ལ་འབུལ། ༢ ང་ཡི་ལུས་ལ་ནད་ཡོད། ཁྱེད་ཀྱིས་དྲག་གསོ་གནང་བྱུང་། ཁྱེད་ལ་སྨོན་ལམ་ཞུས་ནས་ལྷད་མེད་དད་པ་བསྐྱེད་བྱུང་། སེམས་ལ་འགྱུར་བ་མེད་པས་རྒྱུན་དུ་ཁྱེད་ལ་སྨོན་ལམ། ང་ཡི་བརྩེ་བའི་སྐྱབས་མགོན་ཁྱེད་ལ་སྨོན་ལམ་ཞུ་ཆོག དགའ་བ་ལ། གཙོ་བོ་ཁྱེད་ཀྱི་འཕྲིན་བཟང་ཐོས། སྐྱིད་པ་ལ། བསྟོད་དབྱངས་གཙོ་བོ་ཁྱེད་ལ་འབུལ། ༣ མི་དམངས་འདི་ཐམས་ཅད་ཁྱེད་ལ་དད་པ་བྱས་ཆོག མདང་དགོང་རྨི་ལམ་ནང་དུ། སྐྱབས་མགོན་ཡེ་ཤུ་མཇལ་བྱུང་། གཙོ་བོ་ཁྱེད་ཀྱིས་གནང་བའི་དམ་པའི་གསུང་རབ། ཀློག་བཞིན་ཡོད། གཙོ་བོ་དྲན་པའི་སྐབས་སུ་ཁྱེད་ལ་བསྟོད་དབྱངས་འབུལ་ཆོག དགའ་བ་ལ། གཙོ་བོ་ཁྱེད་ཀྱི་འཕྲིན་བཟང་ཐོས། སྐྱིད་པ་ལ། བསྟོད་དབྱངས་གཙོ་བོ་ཁྱེད་ལ་འབུལ།
Rejoice
134