• ལག་པ་མཐོན་པོར་བཀྱགས་ནས་གཙོ་བོར་བསྟོད་དབྱངས། ལག་པ་གནམ་ལ་བཀྱགས་ནས་གཙོ་བོར་བསྟོད་དབྱངས། དངོས་པོ་ཐམས་ཅད་ཀྱིས་གཙོ་བོར་བསྟོད་དབྱངས་ཕུལ། རྒྱལ་པོའི་རྒྱལ་པོ་ཡེ་ཤུ། གཙོ་བོའི་གཙོ་བོ་ཡེ་ཤུ། ཚེ་སྲོག་གནང་མཁན་ལ་བསྟོད་དབྱངས་ཕུལ། ཧ་ལེ་ལོའུ་ཡཱ། གཙོ་བོར་བསྟོད་དབྱངས། ཧ་ལེ་ལོའུ་ཡཱ། གཙོ་བོར་བསྟོད་དབྱངས། ཚེ་སྲོག་གནང་མཁན་ལ་བསྟོད་དབྱངས་ཕུལ། བསྟོད་དབྱངས་ཕུལ། ཧ་ལེ་ལོའུ་ཡཱ། གཙོ་བོར་བསྟོད་དབྱངས། ཧ་ལེ་ལོའུ་ཡཱ། གཙོ་བོར་བསྟོད་དབྱངས། ཚེ་སྲོག་གནང་མཁན་ལ་བསྟོད་དབྱངས་ཕུལ།

    Praise Him on the Trumpet

  • ཡེ་ཤུའི་མཚན་ལ་བསྟོད་པར་ཤོག ༢ ཁོང་ངའི་བྲག་རི། ཁོང་ངའི་བཙན་རྫོང༌། ཁོང་ངའི་སྐྱབས་མགོན། ངས་ཁོང་ལ་དད་པ་བྱེད། ཡེ་ཤུའི་མཚན་ལ་བསྟོད་པར་ཤོག

    Praise the Name of Jesus

  • ཡེ་ཤུའི་བྱམས་པའི་སྒོ་ནས་ཁྱེད་ལ་དགའ་གི་ཡོད། ཡེ་ཤུའི་བྱམས་པའི་སྒོ་ནས་ཁྱེད་ལ་དགའ་གི་ཡོད། སྤུན་ཟླ་ཁྱེད་རང་ནང་ལ། གཙོ་བོའི་གཟི་བརྗིད་མཐོང་འོང་། ཡེ་ཤུའི་བྱམས་པའི་སྒོ་ནས་ཁྱེད་ལ་དགའ་གི་ཡོད།

    I Love You with the Love of the Lord

  • ཡེ་ཤུ། ཡེ་ཤུ། དམ་པ་ཉིད་དང་སྣུམ་གྱིས་བྱུགས་པའི་ཡེ་ཤུ།71 ཡེ་ཤུ། ཡེ་ཤུ། སླར་གསོན་པ་དང་མཐོན་པོར་བསྒྲེངས་པའི་ཡེ་ཤུ། ཁྱེད་ཀྱི་མཚན་ནི་ངའི་མཆུ་སྒྲོས་སྟེང་གི་སྦྲང་རྩི་དང་། ཁྱེད་ཀྱི་ཐུགས་ཉིད་ངའི་སེམས་ཀྱི་རྟེན་ས་ཡིན། ཁྱེད་ཀྱི་བཀའ་ནི་ངའི་ལམ་གྱི་སྒྲོན་མེ་ཡིན། ཡེ་ཤུ་ང་ཁྱེད་ལ་དགའ། ང་ཁྱེད་ལ་དགའ།

    Jesus, Jesus, Holy and Anointed

  • ༡ ཡེ་ཤུ། ཡེ་ཤུ། ངའི་སེམས་ནང་ཕེབས་ཤོག ༣ ༢ ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཁྱེད་ངའི་སེམས་ནང་བཞུགས་ཡོད། ༣

    Jesus Please Come to my Heart

  • ༡ ཡབ་ཆེན་དཀོན་མཆོག་གི་བྱམས་པ། མི་རིགས་ཀུན་ལ་གནང་སོང་། ཁོང་གིས་སྲས་གཅིག་ཡེ་ཤུ། སྡིག་ཅན་ཀུན་ལ་གནང་སོང་། ལ་ལ་ལ་ལ་ལ་ལ་ལ་ལ་ལ་ལ། ༢ ཁོང་གིས་སྲས་གཅིག་ཡེ་ཤུ། སྡིག་ཅན་ཀུན་ལ་གནང་སོང་། ༢ ༢ སྡིག་ཅན་ཐར་བའི་དོན་ལ། སྐྱབས་མགོན་ཡེ་ཤུ་འཁྲུངས་སོང་། སྐྱབས་མགོན་ཡེ་ཤུའི་ཐར་པ། སྡིག་ཅན་ཀུན་ལ་གནང་སོང་། ལ་ལ་ལ་ལ་ལ་ལ་ལ་ལ་ལ་ལ། ༢ སྐྱབས་མགོན་ཡེ་ཤུའི་ཐར་པ། སྡིག་ཅན་ཀུན་ལ་གནང་སོང་། ༢ ༣ སྡིག་ཅན་ཤི་བའི་ཚབ་ལ། སྐྱབས་མགོན་ཡེ་ཤུ་གྲོངས་སོང་། སྐྱབས་མགོན་ཡེ་ཤུའི་ཞི་བདེ། སྡིག་ཅན་ཀུན་ལ་གནང་སོང་། ལ་ལ་ལ་ལ་ལ་ལ་ལ་ལ་ལ་ལ། ༢ སྐྱབས་མགོན་ཡེ་ཤུའི་ཞི་བདེ། སྡིག་ཅན་ཀུན་ལ་གནང་སོང་། ༢

    A Father’s Heart

    2017

    244

  • ༡ ཡབ་དཀོན་མཆོག་ལ་གཟི་བརྗིད་ཡོང་བར་ཤོག འཇིག་རྟེན་མི་རིགས་ཚང་མས་ཁྱེད་ལ་བསྟོད་དབྱངས་འབུལ། ༢ སྲས་ཡེ་ཤུ་ལ་གཟི་བརྗིད་ཡོང་བར་ཤོག འཇིག་རྟེན་མི་རིགས་ཚང་མས་ཁྱེད་ལ་བསྟོད་དབྱངས་འབུལ། ༣ དམ་པའི་ཐུགས་ཉིད་ལ་གཟི་བརྗིད་ཡོང་བར་ཤོག འཇིག་རྟེན་མི་རིགས་ཚང་མས་ཁྱེད་ལ་བསྟོད་དབྱངས་འབུལ། ༤ རྣམ་པ་གསུམ་གཅིག་འདུས་པའི་དཀོན་མཆོག་ལ། འཇིག་རྟེན་མི་རིགས་ཚང་མས་ཁྱེད་ལ་བསྟོད་དབྱངས་འབུལ། ༢

    To Father, Son and Holy Spirit

  • ཡ་ཧོ་ཝ་ཡི་བྱམས་པ་མཐའ་མེད་པ་ཡིན། ཁོང་གི་སྙིང་རྗེ་ནམ་ཡང་ཆད་པར་མི་འགྱུར། ཞོགས་པ་རེ་རེར་གསར་པ་གནང༌། རྒྱུན་དུ་གསར་པ་གནང༌། ཁོང་ལྷག་བསམ་རྣམ་དག་ཡིན། ཁོང་ལྷག་བསམ་རྣམ་དག་ཡིན།

    The Steadfast Love of the Lord

  • ༡ ཡ་ཧོ་ཝ་དཀོན་མཆོག་གིས། འཛམ་གླིང་ཚང་མ་བཀོད་པར་མཛད། ༢ ཉི་མ། ཟླ་བ། སྐར་མ། རི་བོ། གཙང་པོ། རྒྱ་མཚོ། ༢ ཡ་ཧོ་ཝ་དཀོན་མཆོག་གིས། འཛམ་གླིང་ཚང་མ་བཀོད་པར་མཛད། ༢ སྤྲེའུ། ཁྱི། བ་ཕྱུགས། ང་། ཁྱོད། ཚང་མ། ༣ ཡ་ཧོ་ཝ་དཀོན་མཆོག་ལ་བསྟོད་དབྱངས་ཕུལ། ཡ་ཧོ་ཝ་དཀོན་མཆོག་ལ་ཞབས་བྲོ་འཁྲབ། ཡ་ཧོ་ཝ་དཀོན་མཆོག་ལ་ཀི་སྒྲ་སྒྲོགས། ཡ་ཧོ་ཝ་དཀོན་མཆོག་ལ་ཐུགས་རྗེ་ཞུ། ༤ ལ་ལ་ལ་ལ་་་་་།

    Happy Creator

  • མཛེས་པའི་རི་སྒང་དུ། གནས་པའི་དུས་སུའམ། མུན་ནག་གཏིང་རིམ་ནས། ས་རུ་འགྱེལ་སྐབས་སུ། མགོ་ཡར་འཇོག་པའི་དུས། གཙོ་བོས་ང་ཚོའི་ཆེད། གྲ་སྒྲིག་མཛད་པ་ཁྱེད་ཀྱིས་མཐོང་ཡོང་། ཆར་ཆུ་ངོ་གདོང་ལ། གཏོར་བ་ཡིན་ན་ཡང་། སྤྲིན་ཐོག་ཉི་མ། ནམ་ཡང་འགྱུར་བ་མེད། ཆར་ཆུ་ངོ་གདོང་ལ། གཏོར་བ་ཡིན་ན་ཡང་། ཨོ། ཨོ། ཁོང་འགྱུར་བ་མེད།

    Sun Above the Clouds

  • (མཉམ) ཨ་ཕས་ཡུལ་ནས་སྒུག་ཡོད། ང་ནི་ཡུལ་ལ་ལོག་རྒྱུ་ཡིན། ༢ (འགོ) མཚམས་མཚམས་དཀའ་ངལ་འཕྲད་འདུག ཐ་མག་འཐེན་ན་སྐྱིད་ཡོང་བསམ་སོང་། ཆང་རག་འཐུང་ན་སྐྱིད་ཡོང་བསམ་སོང་། ནག་པོ་འཐུང་ན་སྐྱིད་ཡོང་བསམ་སོང་། དགའ་བདེ་རོལ་ན་སྐྱིད་ཡོང་བསམ་སོང་། ཕྱི་རྒྱལ་འགྲིམ་ན་སྐྱིད་ཡོང་བསམ་སོང་། ཞབས་བྲོ་འཁྲབ་ན་སྐྱིད་ཡོང་བསམ་སོང་། རྒྱག་རེས་བྱས་ན་སྐྱིད་ཡོང་བསམ་སོང་། (མཉམ) ཨ་ཕས་ཡུལ་ནས་སྒུག་ཡོད། ང་ནི་ཡུལ་ལ་ལོག་རྒྱུ་ཡིན། ༢ (འགོ) ཨ་ཕ་ཡི་བཀའ་དྲིན་ནམ་ཡང་མི་བརྗེད། ཨ་ཕ་ཡི་བརྩེ་བ་བདེན་པའི་བརྩེ་བ། ཨ་ཕ་ཡི་སྙིང་རྗེ་བདེན་པའི་སྙིང་རྗེ། ཨ་ཕ་ཡི་བསླབ་བྱ་བདེན་པའི་བསླབ་བྱ། (མཉམ) ཨ་ཕས་ཡུལ་ནས་སྒུག་ཡོད། ང་ནི་ཡུལ་ལ་ལོག་རྒྱུ་ཡིན། ༢

    Rap Tsam Tsam

  • ༡ བརྩེ་ལྡན་གངས་ཕྲུག་གཞོན་ནུ་ཚོ། འཇིགས་རུང་མུན་པའི་གཏིང་རིམ་ནས། འོད་ཟེར་འཕྲོ་བའི་ལམ་དུ་འགྲོ། ང་ནི་ཡེ་ཤུའི་ཕོ་ཉ་ཡིན། ༢ ༢ མཛེས་པའི་གངས་ཅན་ཡུལ་ལྗོངས་ནས། སྙན་པའི་བསྟོད་དབྱངས་ལེན་བཞིན་འགྲོ། དགའ་བའི་འཕྲིན་བཟང་བཤད་བཞིན་འགྲོ། ང་ནི་ཡེ་ཤུའི་ཕོ་ཉ་ཡིན། ༢ ༣ ཆུ་བོ་རིང་མོའི་འགྲམ་རྒྱུད་ནས། ཡེ་ཤུའི་མཚན་སྙན་སྒྲོག་བཞིན་འགྲོ། སྤུན་ཟླར་ཐར་ལམ་སྟོན་བཞིན་འགྲོ། ང་ནི་ཡེ་ཤུའི་ཕོ་ཉ་ཡིན། ༢

    Messenger of Jesus