-
Salvation’s Day Has Dawned
-
Hebrews 1:5, 8-10
2016
100
-
༡ སུ་ནམ་མཁའ་ནས་ཕེབས་པ་ཡིན། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༢ བྱམས་ལྡན་ངང་ནས་འཁྲུངས་པ་སུ། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༣ སུ་རྒྱ་གྲམ་ཐོག་གྲོངས་པ་ཡིན། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༤ ང་ཚོ་བླུ་བའི་དོན་ལ་གྲོངས། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༥ སུ་ཡིས་སྡིག་ཉེས་བསལ་ཐུབ་བམ། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༦ སུ་ནམ་མཁའ་ལ་ད་ལྟ་བཞུགས། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༧ སུ་ནམ་མཁའ་ནས་སླར་ཕེབས་ཡོང་། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༨ ནམ་མཁར་རང་གི་མི་འདྲེན་ཡོང་། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢
Who Came Down?
-
༡ གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ། ཁྱེད་ནས་ལ་ནི་ང་ལ་ཡ་འ་ལ་ཐར་བ་བྱུང་། ༢ ༢ གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ། ང་ཡིས་ལ་ནི་ཁྱེད་ལ་ཡ་འ་ལ་བསྟོད་པ་འབུལ། ༢ ༣ ཧ་ལེ་ལོའུ་ཡཱ། ཡེ་ཤུ་མཱ་ཤི་ཀ་ལ། ཁྱེད་ནས་ལ་ནི་ང་ལ་ཡ་འ་ལ་ཐར་བ་བྱུང་། ༢ ༤ ཧ་ལེ་ལོའུ་ཡཱ། ཡེ་ཤུ་མཱ་ཤི་ཀ་ལ། ང་ཡིས་ལ་ནི་ཁྱེད་ལ་ཡ་འ་ལ་བསྟོད་པ་འབུལ། ༢
O Lord Jesus Christ Messiah
67
-
༡ དེ་རིང་སྐྱབས་མགོན་འཁྲུངས་སོང་། དགའ་བ་ལ། སྐྱབས་མགོན་ཡེ་ཤུ་འཁྲུངས་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༢ པེད་ལེ་ཧེམ་དུ་འཁྲུངས་སོང་། དགའ་བ་ལ། རྟ་རའི་ནང་ལ་བཞུགས་འདུག སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༣ ལུག་རྫིས་ཕོ་ཉ་མཐོང་སོང་། དགའ་བ་ལ། དགའ་བའི་གནས་ཚུལ་བཤད་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༤ ཤར་ནས་སྐར་མ་ཤར་སོང་། དགའ་བ་ལ། སྐར་མས་ལམ་ཁ་བསྟན་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༥ ཐང་ནས་ལུག་རྫི་བསླེབས་བྱུང་། དགའ་བ་ལ། ལུག་རྫིས་བསྟོད་དབྱངས་ཕུལ་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༦ ཤར་ནས་མཁས་པ་བསླེབས་བྱུང་། དགའ་བ་ལ། མཁས་པས་གསེར་དངུལ་ཕུལ་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༧ ནམ་མཁའ་ཕོ་ཉས་ཁེངས་སོང་། དགའ་བ་ལ། ཕོ་ཉས་སྐྱིད་གླུ་བླངས་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༨ སྐྱིད་པའི་ཉི་མ་ཤར་བྱུང་། དགའ་བ་ལ། སྙན་པའི་གླུ་དབྱངས་བླངས་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༢
The Saviour Was Born Today
-
དཀོན་མཆོག་ལ་དགའ་བར་ཤོག ཁོང་ལ་བསྟོད་པ་ཕུལ་དང་། ཧ་ལེ་ལོའུ་ཡཱ།
Jubilate Deo
2017
6
-
༡ དཀོན་མཆོག་བཀའ་དྲིན་ཆེན་པོ། ༣ བཀའ་དྲིན་ཆེན་པོ་རེད། ༢ ང་ཡི་སྡིག་པ་བསལ་སོང་། ༣ བཀའ་དྲིན་ཆེན་པོ་རེད། ༣ ང་ལ་རང་དབང་ཐོབ་བྱུང་། ༣ བཀའ་དྲིན་ཆེན་པོ་རེད། ༤ དཀོན་མཆོག་བཀའ་དྲིན་ཆེན་པོ། ང་ཡི་སྡིག་པ་བསལ་སོང་། ང་ལ་རང་དབང་ཐོབ་བྱུང་། བཀའ་དྲིན་ཆེན་པོ་རེད།
God Is So Good
2017
3
-
ཀྱེ། དཀོན་མཆོག ནམ་མཁའ་དང་ས་གཞི། ཁྱེད་ཀྱི་དབང་གིས་བཀོད་པ་རེད། ཀྱེ། དཀོན་མཆོག ནམ་མཁའ་དང་ས་གཞི། ཁྱེད་ཀྱི་ཕྱག་གིས་བཀོད་པ་རེད། ཁྱེད་ལ་དཀའ་ལས་གང་ཡང་མེད། ཁྱེད་ལ་དཀའ་ལས་གང་ཡང་མེད། ང་ཚོའི་ཀུན་དབང་གི་དཀོན་མཆོག བཀའ་དང་མཛད་པ་རྣམས་ཆེན་པོ་ཡིན། གང་ཡང་། གང་ཡང་། རྩ་བ་ནས་གང་ཡང་། ཁྱེད་ལ་ དཀའ་ལས་གང་ཡང་མེད།
Ah, Lord God
2017
1
-
༡ ཁྱེད་ལས་མཐོ་བའི་དཀོན་མཆོག་མེད། ཁྱེད་ནི་བྱམས་པ་ཆེན་པོ་ཡིན། ང་ཚོར་བྱིན་གྱིས་རླབས་རོགས་གནང་། ཁྱེད་ཀྱི་ཞལ་མཇལ་གསུང་ཐོས་ཤོག འཇིག་རྟེན་མི་རིགས་ཐམས་ཅད་ཀྱིས། ཁྱེད་ལ་བསྟོད་པ་འབུལ་བར་ཤོག ༢ ༢ ཁྱེད་ལས་མཐོ་བའི་དཀོན་མཆོག་མེད། མི་རིགས་ཡོངས་ལ་བྱིན་གྱིས་རློབས། ཁྱེད་ཀྱི་ཐར་ལམ་སྟོན་རོགས་གནང་། ཁྱེད་ཀྱི་རྒྱལ་སྲིད་ཡོང་བར་ཤོག འཇིག་རྟེན་མི་རིགས་ཐམས་ཅད་ཀྱིས། ཁྱེད་ལ་བསྟོད་པ་འབུལ་བར་ཤོག ༢ ༣ ཁྱེད་ལས་མཐོ་བའི་དཀོན་མཆོག་མེད། མི་རིགས་ཡོངས་ལ་ལམ་སྟོན་གནང་། ཁྱེད་ལ་བསྟོད་པའི་གླུ་དབྱངས་འབུལ། རབ་ཏུ་དགའ་བའི་བསྟོད་དབྱངས་འབུལ། འཇིག་རྟེན་མི་རིགས་ཐམས་ཅད་ཀྱིས། ཁྱེད་ལ་བསྟོད་པ་འབུལ་བར་ཤོག ༢
Psalm 67A Rajpur
271
-
The Lord’s Outlook
237