• ༡ ཡབ་ཆེན་དཀོན་མཆོག་གི་བྱམས་པ། མི་རིགས་ཀུན་ལ་གནང་སོང་། ཁོང་གིས་སྲས་གཅིག་ཡེ་ཤུ། སྡིག་ཅན་ཀུན་ལ་གནང་སོང་། ལ་ལ་ལ་ལ་ལ་ལ་ལ་ལ་ལ་ལ། ༢ ཁོང་གིས་སྲས་གཅིག་ཡེ་ཤུ། སྡིག་ཅན་ཀུན་ལ་གནང་སོང་། ༢ ༢ སྡིག་ཅན་ཐར་པའི་དོན་ལ། སྐྱབས་མགོན་ཡེ་ཤུ་འཁྲུངས་སོང་། སྐྱབས་མགོན་ཡེ་ཤུའི་ཐར་པ། སྡིག་ཅན་ཀུན་ལ་གནང་སོང་། ལ་ལ་ལ་ལ་ལ་ལ་ལ་ལ་ལ་ལ། ༢ སྐྱབས་མགོན་ཡེ་ཤུའི་ཐར་པ། སྡིག་ཅན་ཀུན་ལ་གནང་སོང་། ༢ ༣ སྡིག་ཅན་ཤི་བའི་ཚབ་ལ། སྐྱབས་མགོན་ཡེ་ཤུ་གྲོངས་སོང་། སྐྱབས་མགོན་ཡེ་ཤུའི་ཞི་བདེ། སྡིག་ཅན་ཀུན་ལ་གནང་སོང་། ལ་ལ་ལ་ལ་ལ་ལ་ལ་ལ་ལ་ལ། ༢ སྐྱབས་མགོན་ཡེ་ཤུའི་ཞི་བདེ། སྡིག་ཅན་ཀུན་ལ་གནང་སོང་།། ༢

    A Father’s Heart

  • ༡ ཡབ་དཀོན་མཆོག་གི་རྒྱལ་སྲིད། ཕ་ཡུལ་བོད་ལ་ཡོང་བར་ཤོག ཡབ་དཀོན་མཆོག་གི་རྒྱལ་སྲིད། ཕ་ཡུལ་བོད་ལ་ཡོང་བར་ཤོག ཡབ་དཀོན་མཆོག་གི་ཞི་བདེ། ཕ་ཡུལ་བོད་ལ་ཡོང་བར་ཤོག ཡབ་དཀོན་མཆོག་གི་ཞི་བདེ། ཕ་ཡུལ་བོད་ལ་ཡོང་བར་ཤོག ། ༢ ཡབ་དཀོན་མཆོག་གི་བྱམས་པ། ཕ་ཡུལ་བོད་ལ་གནང་བར་ཤོག ཡབ་དཀོན་མཆོག་གི་བྱམས་པ། ཕ་ཡུལ་བོད་ལ་གནང་བར་ཤོག ཡབ་དཀོན་མཆོག་གི་བྱིན་རླབས། ཕ་ཡུལ་བོད་ལ་གནང་བར་ཤོག ཡབ་དཀོན་མཆོག་གི་བྱིན་རླབས། ཕ་ཡུལ་བོད་ལ་གནང་བར་ཤོག ༣ ཡབ་དཀོན་མཆོག་གི་རེ་བ། ཕ་ཡུལ་བོད་ལ་གནང་བར་ཤོག ཡབ་དཀོན་མཆོག་གི་རེ་བ། ཕ་ཡུལ་བོད་ལ་གནང་བར་ཤོག ཡབ་དཀོན་མཆོག་གི་ཐར་པ། ཕ་ཡུལ་བོད་ལ་གནང་བར་ཤོག ཡབ་དཀོན་མཆོག་གི་ཐར་པ། ཕ་ཡུལ་བོད་ལ་གནང་བར་ཤོག ༤ ཡབ་དཀོན་མཆོག་གི་རྒྱལ་སྲིད། ཕ་ཡུལ་བོད་ལ་གནང་བར་ཤོག ཡབ་དཀོན་མཆོག་གི་བྱམས་པ། ཕ་ཡུལ་བོད་ལ་གནང་བར་ཤོག ཕ་ཡུལ་བོད་ལ་གནང་བར་ཤོག ཕ་ཡུལ་བོད་ལ་གནང་བར་ཤོག ཕ་ཡུལ་བོད་ལ་གནང་བར་ཤོག །

    Kingdom Come

  • ཡ་ཧོ་ཝའི་བྱམས་པ་ནི་འགྱུར་བ་མེད་པ། ཁོང་གི་སྙིང་རྗེ་མེད་པ་ཆགས་མི་ཡོང༌། ཞོགས་པ་རེ་རེ་གསར་པ་གནང༌། རྟག་པར་གསར་པ་གནང༌། ཁོང་ལྷག་བསམ་རྣམ་དག་རེད། ཁོང་ལྷག་བསམ་རྣམ་དག་རེད།།

    The Steadfast Love of the Lord

  • ༡ ཡ་ཧོ་ཝཱ་དཀོན་མཆོག་གིས། འཛམ་གླིང་ཚང་མ་བཀོད་གནང་སོང༌། ༢ ཉི་མ། ཟླ་བ། སྐར་མ། རི་བོ། གཙང་པོ། རྒྱ་མཚོ། ༢ ཡ་ཧོ་ཝཱ་དཀོན་མཆོག་གིས། འཛམ་གླིང་ཚང་མ་བཀོད་གནང་སོང༌། ༢ སྤྲེའུ། ཁྱི། བ་ཕྱུགས། ང་། ཁྱེད། ཚང་མ། ༣ ཡ་ཧོ་ཝཱ་དཀོན་མཆོག་ལ་བསྟོད་དབྱངས་ཕུལ། ཡ་ཧོ་ཝཱ་དཀོན་མཆོག་ལ་ཞབས་བྲོ་འཁྲབ། ཡ་ཧོ་ཝཱ་དཀོན་མཆོག་ལ་སྐྱིད་སྒྲ་རྒྱོབས། ཡ་ཧོ་ཝཱ་དཀོན་མཆོག་ལ་ཐུགས་རྗེ་ཞུ། ༤ ལ་ལ་ལ་ལ་་་་་།།

    Happy Creator

  • ༡ ཡ་ཝེ་ང་ཡི་ལུག་རྫི་བཟང་པོ། ང་ལ་དགོས་ཡ་གང་ཡང་མེད། དཀོན་མཆོག་ང་ཡི་རྩེ་བའི་རྒྱལ་པོ། ང་ཡིས་ཁོང་ལ་བསྟོད་དབྱངས་ཕུལ།། ༢ ཁོང་གིས་སྔོན་པོའི་རྩ་ཐང་སྟེང་ལ། ཡ་ཝེས་ང་ཉལ་བཅུག་པ་དང་། ཁ་ཁུ་སིམ་པོའི་ཆུ་ཡི་འགྲམ་དུ། ཡ་ཝེས་ང་ལ་འཁྲིད་པར་གནང་།། ༣ ནག་ཁུང་ནང་ལ་འགྲོ་དགོས་བྱུང་ནའང་། དེ་ལ་ཞེད་སྣང་གང་ཡང་མེད། ཡ་ཝེས་མི་ཚེ་གསར་པ་གནང་ནས། ཁོང་གི་ལམ་བཟང་ནང་དུ་འཁྲིད།། ༤ གཙང་པོའི་དཀྱིལ་ནས་འགྲོ་དགོས་བྱུང་ནའང་། མེ་ཡི་ནང་ལ་སླེབས་པ་ཡིན་ནའང་། ཁྱེད་དང་མཉམ་དུ་ང་ནི་ཡོད་པས། ཁྱེད་ལ་ཞེད་དགོས་གང་ཡང་མེད། ༥ ཡ་ཝེ་ང་ཡི་ལུག་རྫི་བཟང་པོ་་་་་་་་།།

    Psalm 23

  • མཛེས་པའི་རི་སྒང་དུ། གནས་པའི་དུས་སུའམ། མུན་ནག་གཏིང་རིམ་ནས། ས་རུ་འགྱེལ་སྐབས་སུ། མགོ་ཡར་འཇོག་པའི་དུས། གཙོ་བོས་ང་ཚོའི་ཆེད། གྲ་སྒྲིག་མཛད་པ་ཁྱེད་ཀྱིས་མཐོང་ཡོང་། ཆར་ཆུ་ངོ་གདོང་ལ། གཏོར་བ་ཡིན་ན་ཡང་། སྤྲིན་ཐོག་ཉི་མ། ནམ་ཡང་འགྱུར་བ་མེད། ཆར་ཆུ་ངོ་གདོང་ལ། གཏོར་བ་ཡིན་ན་ཡང་། ཨོ། ཨོ། ཁོང་འགྱུར་བ་མེད།།

    Sun Above the Clouds

  • ༡ འཚོ་བ་སྐྱིད་པོ་མེད་དུས།། སྐྱབས་མགོན་ཡེ་ཤུའི་མདུན་ནས།། དམ་པའི་གསུང་རབ་ཀློག་དང་།། ཡ་ཧོ་ཝཱ་ཡིས། ང་ཚོར་སྐྱིད་པོ་གནང་ཡོང་།། ༢ དཀའ་སྡུག་གནས་སུ་ལྷུང་དུས།། དཀོན་མཆོག་ཡེ་ཤུའི་མདུན་ནས།། སྨོན་ལམ་བརྟན་པོས་ཞུས་དང་།། ཡ་ཧོ་ཝཱ་ཡིས། ང་ཚོར་ཐར་པ་གནང་ཡོང་།། ༣ སེམས་ལ་དགའ་སྤྲོ་མེད་དུས།། གཙོ་བོ་ཡེ་ཤུའི་མདུན་ནས།། སྙན་པའི་བསྟོད་དབྱངས་ཕུལ་དང་།། ཡ་ཧོ་ཝཱ་ཡིས། ང་ཚོར་སྤྲོ་སྐྱིད་གནང་ཡོང་།། ༤ སེམས་ལ་ཞི་བདེ་མེད་དུས།། དམ་པའི་ཐུགས་ཉིད་མདུན་ནས།། མིང་སྲིང་ཁ་བརྡ་བྱོས་དང་།། ཡ་ཧོ་ཝཱ་ཡིས། ང་ཚོར་བདེན་པའི་ལམ་སྟོན།།

    The Lord’s Outlook

  • (མཉམ) པཱ་ལགས་ནི་ནང་ལ་སྒུག་ཡོད། ང་ནི་ནང་ལ་ལོག་གི་ཡིན།། ༢ Rap (འགོ) མཚམས་མཚམས་དཀའ་ངལ་འཕྲེད་འདུག ཐ་མག་འཐེན་ནས་སྐྱིད་པ་བསམ་སོང་། ཆང་རག་བཏུངས་ནས་སྐྱིད་པ་བསམ་སོང་། ནག་པོ་བཏུངས་ནས་སྐྱིད་པ་བསམ་སོང་། དགའ་པོ་བྱས་ནས་སྐྱིད་པ་བསམ་སོང་། ཕྱི་རྒྱལ་ལ་འགྲོ་ནས་སྐྱིད་པ་བསམ་སོང་། ཞབས་བྲོ་བརྒྱབ་ནས་སྐྱིད་པ་བསམ་སོང་། རྒྱག་རེས་བརྒྱབ་ནས་སྐྱིད་པ་བསམ་སོང་། (མཉམ) པཱ་ལགས་ནི་ནང་ལ་སྒུག་ཡོད། ང་ནི་ནང་ལ་ལོག་གི་ཡིན།། ༢ Rap (འགོ) པཱ་ལགས་ཀྱི་བཀའ་དྲིན་ནམ་ཡང་མི་བརྗེད། པཱ་ལགས་ཀྱི་བརྩེ་བ་བདེན་པའི་བརྩེ་བ། པཱ་ལགས་ཀྱི་སྙིང་རྗེ་བདེན་པའི་སྙིང་རྗེ། པཱ་ལགས་ཀྱི་བསླབ་བྱ་བདེན་པའི་བསླབ་བྱ། (མཉམ) པཱ་ལགས་ནི་ནང་ལ་སྒུག་ཡོད། ང་ནི་ནང་ལ་ལོག་གི་ཡིན།། ༢

    Rap Tsam Tsam

  • ༡ བརྩེ་ལྡན་གངས་ཕྲུག་གཞོན་ནུ་ཚོ། འཇིགས་རུང་མུན་པའི་གཏིང་རིམ་ནས། འོད་ཟེར་འཕྲོ་བའི་ལམ་དུ་འགྲོ། ང་ནི་ཡེ་ཤུའི་ཕོ་ཉ་ཡིན། ༢ ༢ མཛེས་པའི་གངས་ཅན་ཡུལ་ལྗོངས་ནས། སྙན་པའི་བསྟོད་དབྱངས་ལེན་བཞིན་འགྲོ། དགའ་བའི་འཕྲིན་བཟང་བཤད་བཞིན་འགྲོ། ང་ནི་ཡེ་ཤུའི་ཕོ་ཉ་ཡིན། ༢ ༣ ཆུ་བོ་རིང་པོའི་འགྲམ་བརྒྱུད་ནས། ཡེ་ཤུའི་མཚན་སྙན་སྒྲོག་བཞིན་འགྲོ། སྤུན་ཟླར་ཐར་ལམ་སྟོན་བཞིན་འགྲོ། ང་ནི་ཡེ་ཤུའི་ཕོ་ཉ་ཡིན།། ༢

    Messenger of Jesus

  • ༡ གཙོ་བོ་ཡེ་ཤུའི་སྐུ་ཁྲག་ལ། བཀའ་དྲིན་དང་བདེན་པ་ཡོད། ངའི་སྡིག་པ་སེལ་བའི་ཡེ་ཤུས། ཚུར་ཤོག་གསུངས་གི་འདུག རྒྱངས་ཤིང་གི་མདུན་དུ། ད་ལྟ་ཡོང་གི་ཡོད། ཁྱེད་ཀྱི་སྐུ་ཁྲག་བརྒྱུད་ནས། ངའི་སྡིག་པ་སེལ་རོགས་གནང༌། ༢ ཐང་ཆད་ནས་ཤུགས་མེད་དུས། ཡེ་ཤུས་ང་ཡི་མིང་བོས་ནས། ང་ཡི་སེམས་ལ་ཤུགས་གནང་ནས། ང་གསར་པ་བཟོས་གནང་སོང༌། ༣ བྱམས་པ་དང་ཞི་བདེ། ང་ལ་གནང་བའི་ཆེད་དུ། ངའི་མིང་འབོད་མཁན་ཡེ་ཤུ་ལ། ངས་དད་པ་བྱེད་ཀྱི་ཡིན། ༤ སྡིག་པ་ཁེངས་པའི་ངའི་སེམས། ཡེ་ཤུས་སྡིག་སེལ་གནང་སོང༌། ནམ་མཁའ་ལས་ཞིང་ཆེ་བའི། ཡེ་ཤུ་ཡི་བྱམས་པ། ༥ གཙོ་བོ་ཡེ་ཤུའི་སྐུ་ཁྲག་ནི། ངའི་སེམས་ཀྱི་དཔང་པོ་ཡིན། སེམས་གཏིང་ནས་ཞུས་པའི་ངའི་སྨོན་ལམ། བཀའ་ལེན་གནང་རོགས་གནང༌།།

    I Hear Thy Welcome Voice

  • གཙོ་བོའི་གཟི་བརྗིད་ནི་ནམ་མཁར་ཁྱབ་སོང༌། གཙོ་བོའི་གཟི་བརྗིད་ཀྱིས་ས་གཞི་ཐམས་ཅད་གཡོ། ཕོ་ཉ་རྣམས་མཉམ་དུ་འཚོགས། ཁོང་ལ་བསྟོད་པ་འབུལ། པུས་མོ་ཀུན་སར་བཙུགས་ནས། དམ་པའི་མཚན་དེ་ཁས་ལེན་ཞུས། ཨོ། ཧཱ་ལེ་ལུ་ཡཱ། གྲོངས་ནས་སླར་གསོན་པ་ཉིད། ཨོ། ཧཱ་ལེ་ལུ་ཡཱ། ཁོང་ལ་བསྟོད་པ་འབུལ། ཨོ། ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ་ཡཱ།།

    The Glory of the Lord

  • ༡ གཙོ་བོ་ཡེ་ཤུའི་མཚན་ལ་དབང་ཤུགས་ཡོད། ༢ གཙོ་བོ་ཡེ་ཤུའི་མཚན་བརྒྱུད་ནས། གདོན་འདྲེ་རྣམས་ཀྱི་དབང་ཤུགས་ཉམས། ༢ གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ་ང་ཚོ་རྒྱལ་པོ། ༢ ཡེ་ཤུ། ༢ གཙོ་བོ་ཡེ་ཤུའི་སློབ་གསོ་ལ་དྲང་བདེན་ཡོད། ༢ གཙོ་བོ་ཡེ་ཤུའི་སློབ་གསོ་བརྒྱུད་ནས། ང་ཚོ་མི་ཚེ་འབྲས་བུ་བྱུང༌། ༢ གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ་ང་ཚོ་རྒྱལ་པོ། ༢ ཡེ་ཤུ། ༣ གཙོ་བོ་ཡེ་ཤུའི་སྐུ་ཁྲག་ལ་དབང་ཤུགས་ཡོད། ༢ གཙོ་བོ་ཡེ་ཤུའི་སྐུ་ཁྲག་བརྒྱུད་ནས། ང་ཡི་སྡིག་པ་མེད་པར་གྱུར། ༢ གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ་ང་ཚོ་རྒྱལ་པོ། ༢ ཡེ་ཤུ།།

    There is Power in the Name of Jesus