Language:
Art & Music MinistryArticleBhutanBible PortionsBuddhismCelebration & SeasonsCentral TibetChildrenChristian BodyChristian LifeChristian TeachingChristmasCounsellingCovid-19DanceDevotionDictionariesDiscipleshipEasterEthnomusicologyEvangelizationFaithFeaturedFolk SongFuneral and DeathGlobal Prayer DayHealth WorkJesus ChristJoin The DanceKhamLinguisticsMission biographyNepalNewPastoral CarePicturalPostersPrayerSalvationScriptureSharing and OutreachSocial DevelopmentSongSongbooksStory Telling and StoriesTestimonyThankasTheologyTibetan Buddhist WorldWorship
Amdo TibetanCentral TibetanChineseDzongka Roman ScriptDzongkhaEnglishInner MongolianInstrumentalKham TibetanSpanishTibetanTibetan Roman ScriptTshangla
-
༡ བུ་ཆུང་ང་རང་སྤྲོ། སྤྲིན་པ་དཀར་པོའི་ངང་ཚུལ། ས་ཕྱོགས་གང་ལ་ཐོན་ཀྱང༌། ཐར་བའི་འཕྲིན་བཟང་བསྒྲགས་ཡོད། ༢ བུ་ཆུང་ང་རང་སྤྲོ། ནུབ་ཁའི་ཉི་མའི་ངང་ཚུལ། མཚམས་སྤྲིན་དམར་པོའི་བར་ནས། ལས་དབང་ཁོང་ལ་བཅོལ་ཡོད། ༣ བུ་ཆུང་ང་རང་སྐྱོ། སྟོན་ཁའི་སྡོང་ལོའི་ངང་ཚུལ། སིལ་སིལ་རླུང་བུའི་ཁྲོད་ནས། ཁྱེད་ཀྱི་བཀའ་དྲིན་དྲན་བྱུང༌། ༢
Thankfulness Song
205
-
༡ བུ་ངའི་འཇིག་རྟེན་འཁོར་བ་འདི་ནང་ལ། བཀའ་དྲིན་ཅན་ཀྱི་ཡབ་ཀྱིས། བདག་ལ་མི་ལུས་རིན་ཆེན་གནང་བྱུང་། ཁྱེད་ཀྱི་བཀའ་དྲིན་འཇལ་ཆོག ༢ ༢ ཡབ་ལགས་ཁྱེད་རང་གང་ནས་བཞུགས་ཡོད། ཉི་ཟླ་སྐར་གསུམ་ཤར་ཡང་། བུ་ངའི་མིག་ཟུང་ནང་ལ། ཁྱེད་རང་ཡང་ཡང་མཇལ་ཆོག ༢ ༣ བུ་ངའི་འཁོར་བ་འདི་ནང་ལ། ཡབ་ཁྱེད་རང་ཡོད་ཅིང་། བུ་ང་སེམས་པ་དགའ་ཞིང་། སེམས་ལ་བདེ་བ་ཐོབ་བྱུང་། ༢ ༤ བུ་ངའི་མི་ཚེ་འདི་ནང་ལ། ཡབ་ཁྱེད་ཀྱི་བཀའ་དྲིན། བུ་ངའི་སེམས་ཀྱི་ནང་ལ། ཡང་ཡང་དྲན་བཞིན་ཡོད། ༤
No Eng Title
204
-
༡ ལོ་རྒྱུས་བཤད་མཁན་དེས་ཁྲིད་པའི།། ཐང་ཀར་ང་ཡིས་བལྟ་སྐབས་སུ།། ལོ་རྒྱུས་ནང་དོན་ཤེས་མ་སོང་།། འོན་ཀྱང་སེམས་ལ་ཞི་བདེ་ཐོབ།། ༢ ༢ རྣམ་ཐར་ང་ཡི་སེམས་ལ་བབས།། བཤད་མཁན་དེ་ལ་ངས་མ་བལྟས།། སེམས་སུ་དད་པ་བརྟན་པོ་སྐྱེས།། ཡེ་ཤུས་ང་ལ་གསུངས་པ་ཡིན།། ༢ ཨོ་་་ཨ་ཕ་་་ཨ་མ་ལགས།། གླུ་འདིར་ཉོན་དང་།། འདི་ནི་དགའ་སྤྲོའི་གླུ་དབྱངས་རེད།། ༢ ༣ སྐྱབས་མགོན་ཡེ་ཤུ་གྲོངས་ན་ཡང་།། སླར་ཡང་གསོན་པོར་བཞེངས་པ་ཡིན།། ཁོང་ནི་མི་རྣམས་སྐྱོབ་པར་ཕེབས།། ང་ཡིས་ཁོང་ལ་འགྱོད་བཤགས་འབུལ།། ༢ ༤ བྱ་སྤྱོད་ཙམ་ལས་སྡིག་ཅན་ང་།། ཁོང་གིས་ཞི་བདེའི་བྱིན་རླབས་གནང་།། སེམས་ཀྱི་གཏིང་ནས་དགའ་སྤྲོའི་ངང་།། ཁོང་ལ་བསྟོད་དབྱངས་ང་ཡིས་འབུལ།། ༢ ཨོ་་་སྐྱབས་མགོན་ཡེ་ཤུ།། གླུ་འདིར་གསན་རོགས།། འདི་ནི་དགའ་སྤྲོའི་གླུ་དབྱངས་རེད།། ༢
Song of Salvation & Resurrection
203
-
༡ ཕེབས་ཤོག་ཕེབས་ཤོག་ཕེབས་ཤོག སྐྱབས་མགོན་ཡེ་ཤུ་ཕེབས་ཤོག བསྟོད་དབྱངས་འབུལ། སྐོར་བྲོ་ལྡིང་། སྐྱབས་མགོན་ཡེ་ཤུ་ཕེབས་ཤོག་ལ། ༢ ཕེབས་ཤོག་ཕེབས་ཤོག་ཕེབས་ཤོག དམ་པའི་ཐུགས་ཉིད་ཕེབས་ཤོག བསྟོད་དབྱངས་འབུལ། སྐོར་བྲོ་ལྡིང་། དམ་པའི་ཐུགས་ཉིད་ཕེབས་ཤོག་ལ།
Come, Lord Jesus Come Pep Sho
202
-
༡ མནའ་མ་གསར་བ་མག་པ་གསར་བ། དཀོན་མཆོག་གི་དྲུང་དུ་འབུལ་རྒྱུ་ཡིན། བྱིན་རླབས་བཀྲ་ཤིས་སྨོན་ལམ། དཀོན་མཆོག་གི་དྲུང་དུ་ཞུ་རྒྱུ་ཡིན། ༢ ༢ ཚེ་རིང་བ། ནད་མེད་པ། ཁྱེད་རང་གཉིས་ལ་ཡོང་བར་ཤོག ངན་པ་ཕྱོགས་ནས་བར་ཆད་རྣམས། ཁྱེད་རང་གཉིས་ལ་མེད་པར་ཤོག ༢ ༣ ཁྱེད་རང་གཉིས་ཀྱི་མི་ཚེའི་ནང་། བདེན་དཔང་བཟང་པོ་མཐོང་བར་ཤོག དཀོན་མཆོག་ཁོང་གི་ཞབས་ཕྱི་འདི། ཁྱེད་རང་གཉིས་ཀྱིས་སྒྲུབ་པར་ཤོག ༢
Repentance Song #8
201
-
༡ གནམ་ས་གཉིས་ཀྱི་བདག་པོ།། ཀུན་དབང་དཀོན་མཆོག་ཉིད་ཀྱིས།། རེ་བ་དང་མ་འོངས་པ།། གནང་བའི་ཐུགས་དགོངས་བཅངས་ཡོད།། གནང་བའི་ཐུགས་དགོངས་བཅངས་ཡོད།། ༢ ང་ཚོས་ཁོང་ཉིད་འབོད་ཅིང་།། སྙིང་ནས་ཁོང་ཉིད་བཙལ་ན།། ཁོང་གིས་ང་ཚོར་གསན་ཞིང་།། ང་ཚོས་ཁོང་ཉིད་རྙེད་ཡོང་།། ང་ཚོས་ཁོང་ཉིད་རྙེད་ཡོང་།། ༣ སྐྱབས་མགོན་ཡེ་ཤུ་མཆོག་གིས།། བྱམས་དང་སྙིང་རྗེ་ཆེན་པོས།། བོད་རིགས་ས་ཕྱོགས་ཀུན་ལ།། སྙིང་རྗེའི་ཆར་བ་ཕབ་རོགས།། ཐར་བའི་ཆར་བ་ཕབ་རོགས།། ༢
Lord of Heaven and Earth
200
-
༡ ནམ་མཁའི་ཨ་ཕ། ང་འདི་ལྟར་གྲང་པ་ཅི་ཞིག་ཡིན་ནམ། ངས་ཅིའི་ཕྱིར་དེ་རིང་གི་ཁ་ཟས་མ་རྙེད་དམ། ང་ལ་ཉིན་རེའི་ཁ་ཟས་དེ་རིང་གནང་བར་མཛོད། འདི་ནི་ང་ཡི་ཞུ་བ་ཡིན། ༢ ནམ་མཁའི་ཨ་ཕ། ཅི་ཞིག་ལ་འཐབ་འཁྲུག་ལངས་དགོས་པ་ཡིན། ཅི་ཞིག་ལ་བྱིས་པ་འཐབ་འཁྲུག་ལ་ཞུགས་དགོས་སམ། མུན་པའི་འཇིག་རྟེན་ངན་པ་འདི་རང་འགོག་པའི་ཆེད། ང་ལ་ཤེས་རབ་གནང་བར་མཛོད། ཡུལ་མེད་བྱིས་པ་རྣམས་ནི། འཐབ་འཁྲུག་གིས་ཁེངས་པའི། འཛམ་གླིང་ཡུལ་ཕྱོགས་ཀུན་ཏུ། འཁྱམས་ནས་འགྲོ་བཞིན་འདུག དྭ་ཕྲུག་ཞིག་ལ་ཕ་མ་མེད་པ་དང་། ཅི་བྱེད་མི་ཤེས་ཡུལ་གྲུ་ཀུན་ལ་ཉུལ། སྐྱབས་བཅོལ་བྱིས་པ་ཆ་མེད་ཞིག་གིས། འཇིག་རྟེན་འདི་ལ། སྐད་ཆུང་ངུས་འདི་ལྟར་དྲིས་བྱུང་། ང་རང་ཁྱེད་དང་མཉམ་དུ་བསྡད་ཆོག་གམ། ༣ ནམ་མཁའི་ཨ་ཕ། ཅི་ཞིག་ལ་ངས་ལས་ཀ་བྱེད་དགོས་སམ། ཅི་ཕྱིར་བྱིས་པ་བཟོ་གྲྭར་འགྲོ་དགོས་པ་ཡིན་ནམ། ང་ལ་དགེ་རྒན་ཞིག་དང་སློབ་གྲྭ་གནང་བར་མཛོད། ང་རང་དེ་རུ་འགྲོ་བར་འདོད། ༤ ནམ་མཁའི་ཨ་ཕ། ཅི་ཞིག་ལ་སྡུག་བསྔལ་ཡོད་དགོས་པ་ཡིན། ཅི་ཕྱིར་བྱིས་པ་སྡུག་བསྔལ་དང་ངོ་ཚར་སྦྱར་བ་ཡིན། ང་ལ་ཨ་མ་ཨ་ཕ་ཡུལ་བཅས་གནང་བར་མཛོད། ང་རང་རྩེད་མོ་ལ་དགའོ།།
Katulapsi
199
-
༡ ནམ་མཁའི་དམག་མི་ས་གཞི་འདི་ལ་བསླེབས་སོང༌། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། གདོན་འདྲེ་ཡི་རྒྱལ་པོ་དབང་ཤུགས་མེད་པར་གྱུར་སོང༌། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། རྒྱལ་ཁ། བསྟོད་དབྱངས། གཟི་བརྗིད། སྟོབས་ཤུགས་ལྡན་པའི་ཡེ་ཤུ་ལ། ༢ ༢ ཆུ་ལོག་ནང་བཞིན་མུན་ནག་གི་དབང་བསླེབས་དུས། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། གཙོ་བོ་ཡེ་ཤུ་ཡི་སྐུ་ཁྲག་ལ་དད་པ་བྱོས། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། ༣ བདུད་གྱི་བར་ཆད་ཁྱོད་ཀྱིས་འགོག་ཐུབ་པ་མིན། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། གཙོ་བོ་ཡེ་ཤུའི་ཤིང་རྒྱ་གྲམ་ལ་དད་པ་བྱོས། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། ༤ གཙོ་བོ་ཡེ་ཤུས་ང་ལ་རྒྱལ་ཁ་གནང་སོང༌། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། ཧ་ལེ་ལོའུ་ཡཱ། ཡེ་ཤུ་ནི་འདི་ལ་བཞུགས་ཡོད། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད།
The Battle Belongs to the Lord
198
-
འདས་པའི་ཤི་བོ་དེ་དག་སྙིང་རེ་རྗེ།། གསོན་པའི་ཡུགས་མོ་དེ་དག་སྙིང་རེ་རྗེ།། ཕ་མེད་མ་མེད་དེ་དག་སྙིང་རེ་རྗེ།། དྭ་ཕྲུག་དམར་རྗེན་དེ་དག་སྙིང་རེ་རྗེ།། ཐུགས་རྗེ་ཅན་གྱིས་གངས་རིའི་རྩེ་ནས་གཟིགས།། རང་སེམས་དྲོད་དུ་འཁོལ་བར་བྱིན་གྱིས་རློབས།།
Compassionate One
197
-
༡ བདུད་ཀྱི་དོན་རྣམས་རྩ་ནས་མེད་པར་བཟོས། མུན་པའི་རྒྱལ་ཁམས་ཡོངས་ལ་འོད་ཟེར་འཕྲོས། མི་རྣམས་བཀའ་ཁྲིམས་དང་སྡིག་པ་ནས་བསྐྱབས། འདི་མ་ཤི་ཀའི་འཕྲིན་བཟང་ཡིན། ༢ ཁོང་གི་འཕྲིན་བཟང་དབུལ་བོ་རྣམས་ལ་བསྒྲགས། སྡུག་བསྔལ་བ་ལ་ཚེ་སྲོག་གསར་བ་གནང་། མྱ་ངན་བ་ལ་སྐྱབས་མགོན་ཡེ་ཤུ་འཁྲུངས། འདི་མ་ཤི་ཀའི་འཕྲིན་བཟང་ཡིན། བསྟོད་བསྔགས་དཀོན་མཆོག་ལ་འབུལ། ༣ འདི་མ་ཤི་ཀའི་འཕྲིན་བཟང་ཡིན། ༣ མི་རིགས་སྐད་རིགས་རུས་རྒྱུད་ཐམས་ཅད་ནས། མི་རྣམས་སྐྱོབ་ཅིང་ཁོང་གི་འབངས་སུ་འབོད། བྱམས་པའི་ངང་ནས་སྐུ་ཁྲག་བཞུར་ཅིང་བླུས། འདི་མ་ཤི་ཀའི་འཕྲིན་བཟང་ཡིན། ༤ གྲོངས་ནས་སླར་གསོན་འཆི་བ་ཉིད་ལས་རྒྱལ། འོད་ཟེར་འཕྲོ་བ་བཞིན་དུ་ཕེབས་པར་འགྱུར། རྒྱུན་ནས་རྒྱུན་དུ་ཁོང་གིས་དབང་སྒྱུར་བྱེད། འདི་མ་ཤི་ཀའི་འཕྲིན་བཟང་ཡིན། བསྟོད་བསྔགས་དཀོན་མཆོག་ལ་འབུལ། ༣ འདི་མ་ཤི་ཀའི་འཕྲིན་བཟང་ཡིན། ༥
This is the Gospel of Christ
196
-
ངའི་ཞི་བདེ། འཇིག་རྟེན་གྱི་ཞི་བདེ་མིན། ངའི་སེམས་ནས་བྱུང༌། ངའི་བྱམས་པ། འཇིག་རྟེན་གྱི་བྱམས་པ་མིན། ངའི་སེམས་ནས་བྱུང༌། ངས་ཁྱོད་དྭ་ཕྲུག་བཞིན་མི་བསྐྱུར། ང་ཁྱོད་གམ་དུ་ཡོང༌། བདག་གིས་རྒྱལ་ཁ་བླངས་ཟིན་པས། ཁྱོད་ཀྱི་སེམས་མ་འཇིགས། འཇིག་རྟེན་འདི་ཡིས་ཁྱོད་ལ་ཡོད་པའི། ཞི་བདེ་དེར་སྒུག་ཅིང༌། འཇིག་རྟེན་འདི་ཡིས་ཁྱོད་ཀྱིས་བཅངས་པའི། བྱམས་པ་ལ་སྒུག་ཡོད།
My Peace
195
-
གདོད་མ་ཉིད་ནས་ཇི་སྲིད་འཚོ་བའི་བར། སྔོན་ལ་ཇི་ལྟར་བཞུགས་པ་ཡིན་ན་ཡང་། ད་ལྟ་དེ་ལྟར་བཞུགས་བཞིན་ཡོད་པའི་སྐབས། ཁོང་ཉིད་འགྱུར་ལྡོག་གཏན་ནས་མེད་པ་ལགས། གཙོ་བོ་ང་ཡི་རྫི་བོ་ལགས། ཁྱེད་མཚན་དམ་པར་སྲུང་བར་ཤོག རྩྭ་ཁ་ཞིམ་སར་བསྙལ་བར་མཛད། ཆུ་མིག་བཟང་སར་ཁྲིད་པར་མཛད། ཐར་བ་ཡང་ནི་གནང་བར་མཛད། སེམས་ཅན་ལམ་ཕྲེང་སྟོན་པར་མཛད། འཆི་ཉེན་ཡོད་སར་འགྲོ་དགོས་ན། ང་ལ་འཇིགས་པ་གང་ཡང་མེད། གདོད་མ་ཉིད་ནས་ཇི་སྲིད་འཚོ་བའི་བར། སྔོན་ཆད་ཁོང་ཉིད་ཀུན་དབང་དཀོན་མཆོག་ཡིན། ད་ལྟ་དེ་ལྟར་ཀུན་དབང་སྐྱབས་མགོན་ཡིན། ཁོང་ཉིད་འགྱུར་ལྡོག་གཏན་ནས་མེད་པ་ལགས། གཙོ་བོ་ང་ཡི་རྫི་བོ་ལགས། ཁྱེད་མཚན་དམ་པར་སྲུང་བར་ཤོག རྩྭ་ཁ་ཞིམ་སར་བསྙལ་བར་མཛད། ཆུ་མིག་བཟང་སར་ཁྲིད་པར་མཛད། ཐར་བ་ཡང་ནི་གནང་བར་མཛད། སེམས་ཅན་ལམ་ཕྲེང་སྟོན་པར་མཛད། འཆི་ཉེན་ཡོད་སར་འགྲོ་དགོས་ན། ང་ལ་འཇིགས་པ་གང་ཡང་མེད། གདོད་མ་ཉིད་ནས་ཇི་སྲིད་འཚོ་བའི་བར། སྔོན་ཆད་ཁོང་ཉིད་སྙིང་རྗེ་བྱམས་པ་ཡིན། ད་ལྟ་དེ་ལྟར་བྱམས་པའི་བདག་པོ་ཡིན། ཁོང་ཉིད་འགྱུར་ལྡོག་གཏན་ནས་མེད་པ་ལགས། ༢
Unchanging
194