-
༡ དགའ་བ་ལ་དང་། དགའ་བ་ལ། སྐྱིད་པ་ལ་དང་། སྐྱིད་པ་ལ། སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡིས། ཉི་མ་གསར་པ་གནང་བ་རེད། ཐུགས་རྗེ་ཆེ་བཀའ་དྲིན་ཆེ། ང་ཚོའི་སེམས་གཏིང་ནས། ཁྱེད་ལ་བསྟོད་དབྱངས་འབུལ། ༢ ༢ དེ་རིང་ཉི་མ་འདི་ལ། བཀྲ་ཤིས་པ་ཡོང་བར་ཤོག ང་ཚོས་ཁྱེད་ལ་བསྟོད་བསྔགས་འབུལ་བཞིན་ཡོད། ང་ཚོ་ལ་བྱམས་པ་གནང་བ་རེད། ༣ སྐྱབས་མགོན་ཡེ་ཤུས་ང་ཚོ་ལ། སྡིག་པ་ནས་ཐར་པ་གནང་རོགས་གནང་། ང་ཚོའི་མི་ཚེ་སྐྱིད་པོ་ཡོང་རྒྱུ་ཡི། ང་ཚོ་ལ་བྱིན་རླབས་གནང་རོགས་གནང་།
Joy, O Joy!
19
-
༡ གྲོགས་པོ་ཁྱེད་ལ། གཙོ་བོའི་མཚན་གྱི་བཀའ་ལན་གནང་བར་ཤོག ༢ ༢ གྲོགས་པོ་ཁྱེད་ལ། ཡེ་ཤུའི་མཚན་གྱི་ཐར་བ་གནང་བར་ཤོག ༢ ༣ གྲོགས་པོ་ཁྱེད་ལ། དམ་པའི་ཐུགས་ཉིད་དབང་གནང་བར་ཤོག ༢ ༤ གྲོགས་པོ་ཁྱེད་ཀྱིས། དམ་པ་ཁོང་ལ་བསྟོད་དབྱངས་འབུལ་བར་ཤོག ༢
O Friend, A Prayer of Blessings
18
-
༡ གངས་རི་དང་གནམ་ལ་བལྟས་ནས། འཛམ་གླིང་འདིའི་ལྡུམ་རའི་ནང་དུ། མེ་ཏོག་དང་སེམས་ཅན་བསྐྱེད་དོ། ཐམས་ཅད་གང་ནས་བྱུང་ངམ། ངའི་བརྩེ་བའི་སྐྱབས་མགོན། སྐྱབས་མགོན་ཡེ་ཤུ། ཐམས་ཅད་མཛེས་སྡུག་བཀོད་དོ། སྐྱབས་མགོན་ཡེ་ཤུ། ༢ ཕོ་གསར་པ་སྟག་ཤར་གཞོན་ནུ། མཛེས་པའི་དམན་ཆུང་བུ་མོ། ལོ་རྒན་པ་ཤེས་རབ་ལྡན་པ། ཐམས་ཅད་གང་ནས་བྱུང་ངམ། ངའི་བརྩེ་བའི་སྐྱབས་མགོན། སྐྱབས་མགོན་ཡེ་ཤུ། ཐམས་ཅད་མཛེས་པར་བཀོད་དོ། སྐྱབས་མགོན་ཡེ་ཤུ། ༣ བདེན་པ་ཡི་མི་ཚེ་གསར་པ། སེམས་ནག་པོ་འདི་བསལ་བ། དམ་པའི་ཐུགས་ཉིད་ཀྱི་ཁྲུས་གསོལ། ཐར་བ་གང་ནས་བྱུང་ངམ། ངའི་བརྩེ་བའི་སྐྱབས་མགོན། སྐྱབས་མགོན་ཡེ་ཤུ། ང་ཡི་དོན་ལ་ཕེབས་སོ། སྐྱབས་མགོན་ཡེ་ཤུ། ༢
Snow Mountains and Sky
17
-
༡ ཁྱོད་རང་སྡིག་པ་ནས་ཐར་པ་འཐོབ་འདོད་དམ། སྐུ་ཁྲག་ལ་དབང་ཡོད། ཁྲག་ལ་དབང་ཡོད། ཁྱོད་ངན་པ་ལས་རྒྱལ་ཁ་འཐོབ་པར་འདོད་དམ། སྐུ་ཁྲག་ལ་ཡ་མཚན་གྱི་དབང་ཡོད། དབང་ཡོད། དབང་། དབང་། ཡ་མཚན་ཅན་གྱི་དབང་། ལུ་གུའི་སྐུ་ཁྲག་ནང་ན། དབང་ཡོད། དབང་། དབང་། ཡ་མཚན་ཅན་གྱི་དབང་། ལུ་གུའི་སྐུ་ཁྲག་རིན་ཆེན་དེར་ཡོད། ༢ འདོད་ཆགས་དང་ང་རྒྱལ་ནས་ཐར་བར་འདོད་དམ། སྐུ་ཁྲག་ལ་དབང་ཡོད། ཁྲག་ལ་དབང་ཡོད། སེམས་འདག་པའི་ཕྱིར་སྐུ་ཁྲག་འདིའི་སར་ཤོག སྐུ་ཁྲག་ལ་ཡ་མཚན་གྱི་དབང་ཡོད། ༣ ཁྱོད་ཁ་བ་ལས་དཀར་པོར་འགྱུར་འདོད་དམ། སྐུ་ཁྲག་ལ་དབང་ཡོད། ཁྲག་ལ་དབང་ཡོད། རིན་ཆེན་ཁྲག་འདིས་སྡིག་སྒྲིབ་ཀུན་འདག་ཡོང་། སྐུ་ཁྲག་ལ་ཡ་མཚན་གྱི་དབང་ཡོད། ༤ ཁྱོད་ཀྱིས་ཡེ་ཤུ་ལ་ཞབས་ཕྱི་ཞུ་འདོད་དམ། སྐུ་ཁྲག་ལ་དབང་ཡོད། ཁྲག་ལ་དབང་ཡོད། ཁྱོད་ཀྱིས་རྒྱུན་དུ་ཁོང་ལ་བསྟོད་པར་འབུལ་འདོད་དམ། སྐུ་ཁྲག་ལ་ཡ་མཚན་གྱི་དབང་ཡོད།
Would You Be Free From Your Burden of Sin?
16
-
༡ ཁྱོད་ཀྱིས་ཡེ་ཤུ་ལ་དད་པ་བྱེད་དམ། ཁྱོད་ལ་སེམས་གསར་པ་ཐོབ་བམ། ཁྱོད་ཀྱི་མིང་ནམ་མཁའ་ལ་ཡོད་དམ། ཁྱོད་དེ་ན་གནས་པར་འགྱུར་རམ། ཁྱོད་ལ་སེམས་གསར་པ་དགོས་ན་ལེན་ལ་ཤོག། ༢ ཁྱོད་ནི་སྔར་བཞིན་ངོ་ཚ་དང་བྲལ་ནས། སྡིག་པའི་དོན་ལ་ཡིད་སེམས་སྤྲོ་ཞིང་། ཚེ་ཕྱི་མ་ཡང་བརྗེད་པར་འགྱུར་འགྲོ། དེའི་ཕྱིར་ངས་ཁྱོད་ལ་སྐུལ་དགོས། ཡེ་ཤུ་ནས་སེམས་གསར་པ་འདི་ལེན་ལ་ཤོག། ༣ འོ་ན་སྡིག་པའི་འབྲས་བུ་དེ་ནི། སེམས་ཀྱི་འཆི་བ་ངོ་མ་ཡིན། ཡེ་ཤུས་གནང་བའི་ཚེ་སྲོག་མེད་ན། ཁྱོད་ནི་འཆི་བར་འགྱུར་ངེས་ཡིན་ནོ།། མཐའ་མེད་པའི་སྲོག་དེ་ལེན་དུ་མགྱོགས་པོར་ཤོག། ༤ ཡེ་ཤུ་ང་ཡི་བྱམས་པའི་སྐྱབས་མགོན། ང་ཡི་སྡིག་པ་བསལ་རོགས་གནང་། ང་ལ་སེམས་གསར་པ་ཞིག་གནང་ཞིང་། མཐའ་མེད་པའི་སྲོག་གནང་རོགས་གནང་། འདི་འདྲས་ཡེ་ཤུ་ལ་ཞུས་ན་འཐོབ་ཡོང་ངོ་།།
Do You Believe In Jesus?
15
-
ཁྱེད་རང་ལ། གཙོ་བོའི་མཚན་ནས་ཞི་བདེ་ཡོང་བར་ཤོག ཁྱེད་རང་ལ། ཞི་བདེ་ཡི་རྒྱལ་པོའི་མཚན་ནས་ཞི་བདེ་ཡོང་བར་ཤོག ཡོང་བར་ཤོག
Peace to You
14
-
ཁྱེད་ནི་རྒུན་ཤིང་བདེན་པ། ང་ཚོ་ནི་ཡལ་ག་ཡིན། ཁྱེད་དང་འབྲེལ་བར་གནས་པར་ཤོག ༢ ཁྱེད་ཀྱི་བྱམས་པའི་མཚན་ལ། ངེད་རྣམས་ཡར་འགྲོ་བའི་དུས། ནད་དྲག་པ་དང་ཐར་བའི་དབང་། ཁྱེད་རང་གི་ཡིན་པ་ནི། འཇིག་རྟེན་པས་ཤེས་ཡོང་།
You Are The Vine
-
ཁོང་གཙོ་བོ་ལགས། ༢ ཁོང་གྲོངས་པ་ནས་ཡར་ལ་བཞེངས། ཁོང་གཙོ་བོ་ལགས། པུས་མོ་ཀུན་སར་འཛུགས་ཤིང་། མི་ཚང་མས་ཁས་ལེན་ཞུས་ནས། ཡེ་ཤུ་གཙོ་བོ་ལགས།
He Is Lord
-
༡ ཕོ སྐྱིད་གླུ་ལེན་ཤིག ཉི་མ་གསར་པ་ཤར་བྱུང་ལ། སོའོ་ཡ་ལ། མུན་པའི་དཀྱིལ་ལ་ཤར་བྱུང་ལ། ཕེབས་ཤོག་མཱ་ཤི་ཀ སྐྱིད་གླུ་ལེན་ཤིག མུན་པའི་དཀྱིལ་ལ་ཤར་བྱུང་ལ། སོའོ་ཡ་ལ། ང་ཚོའི་དོན་ལ་ཤར་བྱུང་ལ། ཕེབས་ཤོག་མཱ་ཤི་ཀ ༢ མོ སྐྱིད་གླུ་ལོངས་ཤིག སྐྱབས་མགོན་ཡེ་ཤུ་ཕེབས་བྱུང་ལ། སོའོ་ཡ་ལ། ཉིན་ཞིག་ཡང་བསྐྱར་ཕེབས་ཡོང་ལ། ཕེབས་ཤོག་མཱ་ཤི་ཀ སྐྱིད་གླུ་ལེན་ཤིག ཉིན་ཞིག་ཡང་བསྐྱར་ཕེབས་དུས་ལ། སོའོ་ཡ་ལ། འོད་ཟེར་འཕྲོས་ནས་ཕེབས་ཡོང་ལ། ཕེབས་ཤོག་མཱ་ཤི་ཀ ༣ ཕོ དགའ་བའི་ཞབས་བྲོ། དུང་སྐད་ཆེན་པོ་གོ་དུས་ལ། སོའོ་ཡ་ལ། སྤྲིན་གྱི་དཀྱིལ་ལ་མཐོང་ཡོང་ལ། ཕེབས་ཤོག་མཱ་ཤི་ཀ དགའ་བའི་ཞབས་བྲོ། སྤྲིན་གྱི་དཀྱིལ་ནས་མཐོང་དུས་ལ། སོའོ་ཡ་ལ། ཅི་འདྲའི་གཟི་བརྗིད་ཆེན་པོ་ལ། ཕེབས་ཤོག་མཱ་ཤི་ཀ ༤ མོ དགའ་བའི་ཞབས་བྲོ། ང་ཚོས་གྲ་སྒྲིག་བྱེད་དགོས་ལ། སོའོ་ཡ་ལ། ངས་སེམས་གྲ་སྒྲིག་བྱེད་ན་ལ། ཕེབས་ཤོག་མཱ་ཤི་ཀ དགའ་བའི་ཞབས་བྲོ། ངས་སེམས་གྲ་སྒྲིག་བྱེད་དུས་ལ། སོའོ་ཡ་ལ། ཁྱོད་ཚོས་གྲ་སྒྲིག་བྱེད་དམ་ལ། ཕེབས་ཤོག་མཱ་ཤི་ཀ ༥ མཉམ རྔ་ཞིག་རྡུངས་དང་། ང་ཚོས་གྲ་སྒྲིག་བྱེད་ན་ལ། སོའོ་ཡ་ལ། ཕེབས་མཁན་མཉམ་དུ་འགྲོགས་ཡོང་ལ། ཕེབས་ཤོག་མཱ་ཤི་ཀ རྔ་ཞིག་རྡུངས་དང་། ཕེབས་མཁན་མཉམ་དུ་འགྲོགས་ན་ལ། སོའོ་ཡ་ལ། ནམ་མཁའི་ཡབ་དྲུང་བསླེབ་ཡོང་ལ། ཕེབས་ཤོག་མཱ་ཤི་ཀ
Sing a Song of Joy
10
-
༡ སྐྱབས་མགོན་གཙོ་བོ་ཡེ་ཤུ། བླ་མེད་དཀོན་མཆོག་སྲས་དེ། ༢ དེ་རིང་འཛམ་བུ་གླིང་འདིར། ང་ཚོ་སྐྱོབ་པར་ཕེབས་སོ།། ༢ ༢ ཁོང་ལ་མཇལ་འདོད་ཡོད་ན། པེད་ལེ་ཧེམ་ལ་ཕེབས་ཤིག ༢ རྟ་རའི་བྲེས་དཀྱུ་ནང་ལ། སྐྱབས་མགོན་ཡེ་ཤུ་འཁྲུངས་འདུག། ༢ ༣ སུ་ཡང་ཁོང་ལ་དད་ན། ཁོང་གིས་ཐར་པ་གནང་ཡོང་། ༢ ཁྱོད་ལ་ཐར་པ་དགོས་ན། མ་འགོར་མགྱོགས་པོར་ཤོག་ཅིག། ༢ ༤ ང་ཚོ་ཚང་མ་འཛོམས་ནས། ཁོང་ལ་བསྟོད་པ་ཕུལ་ཞིག ༢ དེ་རིང་སྐྱིད་པའི་ཉི་མ། འཛམ་གླིང་ཀུན་ལ་ཁྱབ་སོང་།། ༣
Saviour Lord Jesus (2)
-
༡ སྐྱབས་མགོན་གཙོ་བོ་ཡེ་ཤུ། བླ་ན་མེད་པའི་དཀོན་མཆོག ཁོང་ནི་ང་ཚོ་ལ་ཅི་འདྲ་བྱམས་སོང་། ང་ཚོ་ཁོང་ལ་དགའ་ཞིང་། ཁོང་གི་བཀའ་ལ་ཉན་ན། ཁོང་གིས་ང་ཚོ་ལ་དབང་གནང་བར་འགྱུར། སྐྱབས་མགོན་གཙོ་བོ་ཡེ་ཤུ། བླ་ན་མེད་པའི་དཀོན་མཆོག ཁོང་ནི་ང་ཚོ་ལ་ཅི་འདྲ་བྱམས་སོང་། ང་ཚོའི་སྐྱབས་མགོན་ཡེ་ཤུ། ཁོང་ལ་དད་པ་བྱེད་ན། ང་ཚོའི་མི་ཚེ་སྐྱིད་པོ་ཡོང་བ་རེད། ཅི་འདྲ་བྱས་ནས་ཟེར་ན། ཁོང་ལས་གཟི་བརྗིད་ཆན་བ་སུ་ཡང་མེད། ༢ ཁོང་ལ་དད་པ་བྱེད་མཁན། སུ་ཡང་རིགས་མཐོ་དམན་མེད། ཁོང་གི་ཐར་ལམ་ཅི་འདྲ་བྱམས་པོ། ཁོང་གིས་ང་ཚོ་ཚང་མར། བྱིན་རླབས་གནང་བྱུང་། ང་ཚོས་ཁོང་ལ་གསོལ་བ་འདེབས་རྒྱུ་ཡིན།
Saviour Lord Jesus (1)
-
༡ དཀོན་མཆོག་ཡ་དཀོན་མཆོག་ང་ཡི་སྐྱབས་མགོན། ནམ་མཁའ་ལ་བཞུགས་པའི་དཀོན་མཆོག ཁྱེད་ནི་སྙིང་རྗེ་དང་བྱམས་པ་ཡི་བདག་པོ། འཛམ་གླིང་འདི་ཁྱེད་ཀྱིས་བཀོད་དོ། ང་ཚོ་སྡིག་ཅན་རྣམས་ཀྱི་དོན་དུ། སྐུ་སྲོག་ནི་ཕངས་མེད་དུ་བཏང་སོང་། ང་ཚོའི་སྡིག་པ་ནི་ཁོང་གིས་བསལ་སོང་། ཨེ་མ་འདི་དེ་འདྲ་སྐྱིད་པ། ༢ གྲོགས་པོ་ཡ་གྲོགས་མོ་བདག་གི་སྤུན་ཟླ། དཀོན་མཆོག་ལ་གསོལ་བ་ཐོབས་དང་། ཁོང་གི་ཐར་བའི་ལམ་དེ་འཐོབ་ཡོང་། ངའི་ཡིད་སེམས་དེ་འདྲ་དགའ་བ། ཁོང་གི་རིན་ཆེན་སྐུ་ཁྲག་དེ་ཡིས། ང་ཚོ་ཡི་སྡིག་པ་རྣམས་བསལ་སོང་། མཐའ་མེད་པའི་སྲོག་དེ་ཁྱོད་ལ་འཐོབ་ཡོང་། ཨེ་མ་ང་དེ་འདྲ་སྐྱིད་པ། ༢
God My Saviour
2017
7