• 1 Thank you Lord for this fine day Thank you Lord for this fine day Thank you Lord for this fine day Right where we are. 2 Thank you Lord for this good food (etc…) 3 Thank you Lord for blessing us (etc.)

    Thank You Lord For This Fine Day

    2021

    12

  • Ah Lord God Thou hast made the heavens And the earth by Thy great power. Ah Lord God Thou hast made the heavens And the earth by Thine outstretched arm. Nothing is too difficult for Thee Nothing is too difficult for Thee. O great and mighty God Great in counsel and mighty in deed Nothing, nothing, absolutely nothing Nothing is too difficult for Thee.

    Ah, Lord God

    2003

    1

  • ༡ ཡ་ཧོ་ཝཱ་ལ་ཀུན་གྱིས་བསྟོད་པར་ཤོག ཁོང་གི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝཱ་ཡི་ཞབས་ཕྱི་ཁྱོད་རྣམས་ཀྱིས། ཁོང་གི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝཱ་ཡི་མཚན་ལ་བསྟོད་འོས་ཏེ། ཁོང་གི་མཚན་ལ་བསྟོད་པར་ཤོག དེ་རིང་དུས་ནས་རྟག་ཏུ་བསྟོད་འོས་སོ།། ཁོང་གི་མཚན་ལ་བསྟོད་པར་ཤོག ༢ ཉི་མ་ཤར་ནས་ནུབ་ལ་བཞུད་པའི་བར། ཁོང་གི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝཱ་ཡི་མཚན་ལ་བསྟོད་འོས་སོ།། ཁོང་གི་མཚན་ལ་བསྟོད་པར་ཤོག ཁོང་ནི་སྐྱེ་བོ་ཀུན་ལས་བླ་ན་མཐོ། ཁོང་གི་མཚན་ལ་བསྟོད་པར་ཤོག ཁོང་གི་གཟི་བརྗིད་ནམ་མཁའ་ལས་ཀྱང་མཐོ། ཁོང་གི་མཚན་ལ་བསྟོད་པར་ཤོག ༣ སུ་ཞིག་རང་ཅག་དཀོན་མཆོག་བཞིན་དང་མཚུངས། ཁོང་གི་མཚན་ལ་བསྟོད་པར་ཤོག བླ་ན་མེད་པའི་གནས་སུ་དཀོན་མཆོག་བཞུགས། ཁོང་གི་མཚན་ལ་བསྟོད་པར་ཤོག གནམ་ས་ཡོངས་ཀྱི་དོན་ལ་གཟིགས་པའི་ཕྱིར། ཁོང་གི་མཚན་ལ་བསྟོད་པར་ཤོག ཁོང་གིས་རང་ཉིད་ལ་ནི་དམའ་བར་འཛིན། ཁོང་གི་མཚན་ལ་བསྟོད་པར་ཤོག ༤ ཁོང་གིས་སྙིགས་རྡུལ་ཚོགས་ལས་དབུལ་པོ་སྐྱོབ། ཁོང་གི་མཚན་ལ་བསྟོད་པར་ཤོག ཁོང་གིས་གད་སྙིགས་ཚོགས་ལས་སྤྲང་པོ་སྐྱོང༌། ཁོང་གི་མཚན་ལ་བསྟོད་པར་ཤོག རྒྱལ་སྲས་དང་ནི་མཉམ་དུ་སྡོད་པ་སྟེ། ཁོང་གི་མཚན་ལ་བསྟོད་པར་ཤོག ས་གནས་རྒྱལ་པོའི་སྲས་དང་སྡོད་པའི་ཕྱིར། ཁོང་གི་མཚན་ལ་བསྟོད་པར་ཤོག ༥ ཕྲུ་གུ་མེད་པ་ལ་ནི་ཁྱིམ་གཞི་དང༌། ཁོང་གི་མཚན་ལ་བསྟོད་པར་ཤོག ཕྲུ་གུ་མང་བའི་བདེ་སྐྱིད་གནང་བ་ཡིན། ཁོང་གི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝཱ་ལ་ཀུན་གྱིས་བསྟོད་པར་ཤོག ཁོང་གི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝཱ་ལ་ཀུན་གྱིས་བསྟོད་པར་ཤོག ཁོང་གི་མཚན་ལ་བསྟོད་པར་ཤོག

    Psalm 113

  • ༡ ང་ཡི་སེམས་ཀྱིས་ཡ་ཧོ་ཝཱ་ལ་བསྟོད། ཁོང་གི་བཀའ་དྲིན་གཏན་ནས་བརྗེད་མི་རུང་། ཁོང་གིས་ང་ཡི་སྡིག་པ་ཐམས་ཅད་བསལ་ཞིང་། ང་རང་ན་ཚ་ཀུན་ལས་ཡོངས་སུ་དྲག་པར་མཛད། ཨོ་་་་་་་་ཨོ། དཀོན་མཆོག་ཡ་ཝཱེ། ང་ཡི་སེམས་ཀྱིས་དཀོན་མཆོག་ལ་བསྟོད། ཁོང་གི་བཀའ་དྲིན་བརྗེད་མི་རུང་། གཏན་ནས་བརྗེད་མི་རུང་། ཁོང་གིས་ང་རང་འཆི་བ་ནས་བསྐྱབས། བྱམས་དང་སྙིང་རྗེ་ང་ཡི་ཅོད་པན་དུ་གནང་། ༢ ཁོང་གིས་ང་ལ་བཅངས་པའི་བྱམས་བརྩེ་དེ་ནི། ནམ་མཁའི་དབྱིངས་ལས་ཤིན་ཏུ་མཐོ་བ་ཡིན། ཁོང་གིས་ང་ཡི་སྡིག་པ་ང་དང་གྱེས་པར་མཛད། ཤར་ནུབ་གཉིས་ཀྱི་བར་ཐག་བཞིན་ཏུ་གྱེས་པར་མཛད། ཨོ་་་་་ཨོ། དཀོན་མཆོག་ཡ་ཝཱེ། ཁྱེད་ནི་སྙིང་རྗེའི་བྱམས་པ་དང་ལྡན། ཕུན་སུམ་ཚོགས་པའི་ཐུགས་རྗེ་ཡོད། ཐུགས་རྗེ་ཆེན་པོ་ཡོད། ཡ་ཧོ་ཝཱ་ནི་ཇི་སྲིད་བར་དུ་ང་ཡི་དཀོན་མཆོག ང་ཡི་དཀོན་མཆོག་ཡིན། ༢

    Psalm 103

  • ༡ ཤོག་ཤོག་ཤོག་ཤོག སྤུན་ཟླ་ཚོ། ཡ་ཧོ་ཝཱ་ལ་བསྟོད་དབྱངས་ཕུལ། བསྟོད་དབྱངས་ཕུལ།རང་ཅག་སྐྱོབ་པའི་བྲག་རི་ཆེན་པོ་ལ་ཡེ། དགའ་ཞིང་སྤྲོ་བའི་ཀི་སྒྲ་ཡང་ཡང་སྒྲོགས། ཡང་ཡང་སྒྲོགས། རང་ཅག་རྣམས་ཀྱིས་ཁོང་ལ་དྲིན་ལན་འཇལ། སྤུན་ཟླ་ཚོ། སྙན་ཚིག་ལམ་ནས་ཁོང་ལ་བསྟོད་བསྔགས་བརྗོད། བསྟོད་བསྔགས་བརྗོད། ༢ ལྟོས་ལྟོས་ལྟོས་ལྟོས། སྤུན་ཟླ་ཚོ། ཡ་ཧོ་ཝཱ་ནི་དཀོན་མཆོག་ཆེན་པོ་རེད། ཆེན་པོ་རེད། ལྷ་ཚོགས་ཀུན་ལས་མཆོག་གྱུར་རྒྱལ་པོ་ཡིན། བླ་ན་འཕགས་ཤིང་ངོ་མཚར་ཆེ་བའི་ཕྱིར། ཆེ་བའི་ཕྱིར། ས་གཞིའི་ནང་སྙིང་ཁོང་གི་ཕྱག་ཏུ་མཆིས། སྤུན་ཟླ་ཚོ། རི་རྩེ་མཐོན་པོ་དག་ཀྱང་ཁོང་ལ་དབང༌། ཁོང་ལ་དབང༌། ༣ ལྟོས་ལྟོས་ལྟོས་ལྟོས། ཡུལ་མི་ཚོ། རྒྱ་མཚོ་ཆེན་པོ་ཁོང་ལ་དབང་བ་སྟེ། དབང་བ་སྟེ། ཁོང་གིས་དངོས་སུ་བསྐྲུན་པའི་རྒྱ་མཚོ་ལགས། སྐམ་ས་ཆེན་པོ་སོགས་ཀྱང་ཁོང་གིས་བསྐྲུན། ཁོང་གིས་བསྐྲུན། ང་ཚོ་ཚང་མ་ཁོང་གིས་བསྐྲུན་པ་རེད། ཡུལ་མི་ཚོ། ང་ཚོ་ཚང་མས་ཁོང་ལ་བསྟོད་པ་འབུལ། བསྟོད་པ་འབུལ།

    Psalm 95 Come, come, come

  • ༡ ཁྱེད་ལས་མཐོ་བའི་དཀོན་མཆོག་མེད། ཁྱེད་ནི་བྱམས་པ་ཆེན་པོ་ཡིན། ང་ཚོར་བྱིན་གྱིས་རླབས་རོགས་གནང་། ཁྱེད་ཀྱི་ཞལ་མཇལ་གསུང་ཐོས་ཤོག འཇིག་རྟེན་མི་རིགས་ཐམས་ཅད་ཀྱིས། ཁྱེད་ལ་བསྟོད་པ་འབུལ་བར་ཤོག ༢ ༢ ཁྱེད་ལས་མཐོ་བའི་དཀོན་མཆོག་མེད། མི་རིགས་ཡོངས་ལ་བྱིན་གྱིས་རློབས། ཁྱེད་ཀྱི་ཐར་ལམ་སྟོན་རོགས་གནང་། ཁྱེད་ཀྱི་རྒྱལ་སྲིད་ཡོང་བར་ཤོག འཇིག་རྟེན་མི་རིགས་ཐམས་ཅད་ཀྱིས། ཁྱེད་ལ་བསྟོད་པ་འབུལ་བར་ཤོག ༢ ༣ ཁྱེད་ལས་མཐོ་བའི་དཀོན་མཆོག་མེད། མི་རིགས་ཡོངས་ལ་ལམ་སྟོན་གནང་། ཁྱེད་ལ་བསྟོད་པའི་གླུ་དབྱངས་འབུལ། རབ་ཏུ་དགའ་བའི་བསྟོད་དབྱངས་འབུལ། འཇིག་རྟེན་མི་རིགས་ཐམས་ཅད་ཀྱིས། ཁྱེད་ལ་བསྟོད་པ་འབུལ་བར་ཤོག ༢

    Psalm 67A Rajpur

  • ཀྱེ་ཀྱེ་བླ་མེད་དཀོན་མཆོག བདག་ལ་ཡིད་སེམས་གཙང་མ། ངེས་པར་མཛོད་ཅིག་དཀོན་མཆོག ཨོ། ཡིད་སེམས་བརྟན་པོར་གནང་རོགས། ཡིད་སེམས་བརྟན་པོར་གནང་རོགས། བདག་ནི་སྐྲོད་པར་མི་མཛོད། ཁྱེད་དང་འབྲལ་བར་མི་མཛོད། ཨོ། བདག་གི་སེམས་ལས་ཐུགས་ཉིད། ཨོ། སླར་ཡང་ལེན་པར་མི་མཛོད། སླར་ཡང་ལེན་པར་མི་མཛོད། བདག་ལ་ཐར་བའི་དགའ་སྤྲོ། ཐུགས་ཉིད་སླར་ཡང་གནང་རོགས། ཐར་བའི་ཆོས་ལ་བརྟེན་ཕྱིར། ཨོ། སྡིག་ཅན་བསླབ་བྱ་བསྟན་ནས། ཉེས་ཅན་ཁྱེད་ཕྱོགས་འཁོར་ཡོང༌།

    Psalm 51

    270, 250

  • ཀ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། འཇིག་རྟེན་ཁམས་འདི་ཇི་ལྟར་བྱུང༌།། འཇིག་རྟེན་མཛད་མཁན་སུ་ཡིན་ཤོད།། ཐོག་མར་མཛད་པ་ཅི་ཞིག་ཡིན།། བཟང་ངན་དབྱེ་བ་ཡོད་དམ་མེད།། ངས་མ་ཤེས་གླུ་བར་དྲིས་ནི་ཡིན།། ཁ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། འཇིག་རྟེན་ཁམས་འདི་སྟོང་བ་ཡིན།། འཇིག་རྟེན་མཛད་མཁན་དཀོན་མཆོག་ཡིན།། སྔོན་ལ་མཛད་པ་ཕོ་ཉ་ཡིན།། དུས་དེར་ཡོད་ཚད་བཟང་པོ་ཡིན།། ངན་པ་ཅི་ཡང་ཡོད་པ་མིན།། ཀ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། ངན་པའི་ཐོག་མ་ཅི་ལྟར་བྱུང༌།། ངན་པའི་འབྱུང་ཁུངས་སུ་ཡིན་ཤོད།། ངན་པའི་འབྲས་བུ་ཅི་ཡིན་ཤོད།། ངས་མ་ཤེས་གླུ་བར་དྲིས་ནི་ཡིན།། ཁ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། ནམ་མཁའི་ཞིང་ཁམས་ཁྱོན་ཡོངས་ན།། ངན་པའི་མིང་ཡང་ཡོད་པ་མིན།། ཕོ་ཉ་གཅིག་ལས་ངན་པ་བྱུང༌།། ངན་པའི་འབྱུང་ཁུངས་ཕོ་ཉ་ཡིན།། ངན་པའི་འབྲས་བུ་གདོན་འདྲེར་གྱུར།། ནམ་མཁའི་དབྱིངས་ནས་གཡུག་པ་ཡིན།། ཀ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། འོད་དང་ནམ་མཁའ་ཅི་ཡང་མེད།། འོད་དང་མུན་པ་འབྱེད་མཁན་སུ་ཡིན་ཤོད།། གནམ་དང་ས་གཉིས་ཅི་ལྟར་བྱུང༌།། ངས་མ་ཤེས་གླུ་བར་དྲིས་ནི་ཡིན།། ཁ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། འོད་ནི་དཀོན་མཆོག་བཀའ་ལྟར་བྱུང༌།། ཁོང་གིས་འོད་དང་མུན་པ་ཕྱེ།། གནམ་ས་གཉིས་ཀ་གསར་དུ་བསྐྲུན།། ཀ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། ས་དང་རྒྱ་མཚོ་ཅི་ཡང་མེད།། ས་ཆེན་པོ་དེ་ནི་ཅི་ལྟར་བྱུང༌།། མཚོ་ཆེན་པོ་འདི་ཡང་ཅི་ལྟར་བྱུང༌།། ས་ལས་རྩྭ་དང་རྩི་ཤིང་ཅི་ལྟར་བྱུང༌།། ངས་མ་ཤེས་གླུ་བར་དྲིས་ནི་ཡིན།། ཁ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། ས་དང་རྒྱ་མཚོ་ཅི་ཡང་མེད།། དཀོན་མཆོག་བཀའ་ལས་ས་གཞི་བྱུང༌།། རྩྭ་དང་རྩི་ཤིང་བསྐྱེད་དུ་བཅུག། རྒྱ་མཚོ་ཐམས་ཅད་ཁོང་ནས་བྱུང༌།། ཀ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། ཉི་ཟླ་སྐར་གསུམ་ཅི་ཡང་མེད།། ཉི་ཟླ་སྐར་གསུམ་ཅི་ལྟར་བྱུང༌།། འདི་ཡི་མཛད་མཁན་སུ་ཡིན་ཤོད།། ངས་མ་ཤེས་གླུ་བར་དྲིས་ནི་ཡིན།། ཁ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། ཉི་མ་མེད་ལ་ཟླ་བ་མེད།། ཉི་ཟླ་སྐར་གསུམ་སྐྲུན་མཁན་དེ།། བླ་ན་མེད་པའི་དཀོན་མཆོག་ཡིན།། དཀོན་མཆོག་བཀའ་ཡིས་ཐམས་ཅད་བསྐྲུན།། ཀ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། བྱ་དང་ཉ་ཡི་རིགས་ནི་ཅི་ཡང་མེད།། བྱ་དང་ཉ་ཡི་རིགས་ནི་ཅི་ལྟར་བྱུང༌།། དེ་དག་རིགས་བཞིན་ཅི་ལྟར་སྤེལ།། ངས་མ་ཤེས་གླུ་བར་དྲིས་ནི་ཡིན།། ཁ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། བྱ་དང་ཉ་གཉིས་མེད་པ་བདེན།། དཀོན་མཆོག་ཁོང་གིས་དེ་གཉིས་མཛད།། དེ་དག་རང་རང་རིགས་བཞིན་སྤེལ།། འདི་ཡང་དཀོན་མཆོག་ཁོང་གིས་མཛད།། ཀ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། ཕྱུགས་དང་ཉ་རིགས་འབུ་སྲིན་མེད།། དེ་དག་ཐམས་ཅད་ཅི་ལྟར་བྱུང༌།། དེ་དག་རིགས་རྒྱུད་ཅི་ལྟར་བྱུང༌།། ངས་མ་ཤེས་གླུ་བར་དྲིས་ནི་ཡིན།། ཁ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། དུད་འགྲོ་སྲོག་དང་རི་དྭགས་མེད།། ས་དང་ནམ་མཁའི་འབུ་སྲིན་མེད།། དཀོན་མཆོག་བཀའ་ལས་དེ་དག་བྱུང༌།། དེ་རང་རང་རིགས་བཞིན་སྤེལ་དུ་བཅུག། ཀ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། ཁྱོད་ནི་མེད་ལ་ང་ཡང་མེད།། འཇིག་རྟེན་མི་རིགས་སུ་ཡིས་མཛད།། མི་ཡི་གཟུགས་འདི་ཇི་ལྟར་བྱུང༌།། མི་ཡི་རང་གཤིས་གང་ནས་བྱུང༌།། ངས་མ་ཤེས་གླུ་བར་དྲིས་ནི་ཡིན།། ཁ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། ཁྱོད་ནི་མེད་ལ་ང་ཡང་མེད།། དཀོན་མཆོག་ཁོང་གི་གཟུགས་བརྙན་ལྟར།། འཇིག་རྟེན་མིའི་རིགས་མཛད་པ་ཡིན།། མི་ཡི་རང་གཤིས་བཟང་པོ་ཡིན།། ཀ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། ཁྱོད་ནི་མེད་ལ་ང་ཡང་མེད།། ཕོ་མོའི་དབྱེ་བ་ཇི་ལྟར་བྱུང༌།། མི་ཡི་ལས་ཀ་ཅི་ཡིན་ཤོད།། བཀའ་ལུང་དང་པོ་ཅི་ཞིག་ཡིན།། ངས་མ་ཤེས་གླུ་བར་དྲིས་ནི་ཡིན།། ཁ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། ཁྱོད་ནི་མེད་ལ་ང་ཡང་མེད།། ཁོང་གིས་སྔོན་ལ་ཕོ་ཞིག་མཛད།། ཕོ་ཡིས་རྩིབ་རུས་གཅིག་བླངས་ནས།། སྐྱེས་པ་དེ་ལ་ཆུང་མ་མཛད།། ཕོ་མོ་གཉིས་ཀྱི་ལས་ཀ་དེ།། འཇིག་རྟེན་ཁམས་འདི་སྐྱོང་བ་ཡིན།། བཟང་ངན་ཤེས་བའི་ཤིང་ཏོག་མི་བཟའ།། ཁོང་གི་བཀའ་ལུང་དང་པོ་ཡིན།། ཀ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། སྡིག་པ་མེད་ལ་འཆི་བ་མེད།། སྡིག་པའི་ཐོག་མ་གང་ནས་བྱུང༌།། སྡིག་པའི་འབྲས་བུ་ཅི་ཡིན་ཤོད།། ངས་མ་ཤེས་གླུ་བར་དྲིས་ནི་ཡིན།། ཁ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། སྡིག་པ་མེད་ལ་འཆི་བ་མེད།། བཀའ་དང་འགལ་ནས་ཤིང་ཏོག་ཟོས།། སྡིག་པའི་ཐོག་མ་དེ་ནས་བྱུང༌།། སྡིག་པའི་འབྲས་བུ་འཆི་བ་ཡིན།། ཀ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། མི་ལ་ཐར་བ་ཡོད་དམ་མེད།། སྡིག་པ་སེལ་མཁན་ཡོད་དམ་མེད།། ཐར་ལམ་སྟོན་མཁན་སུ་ཡིན་ཤོད།། ངས་མ་ཤེས་གླུ་བར་དྲིས་ནི་ཡིན།། ཁ ས་བསྐལ་བ་མ་ཆགས་ཡར་སྔོན་ན།། འཇིག་རྟེན་མི་ལ་ཐར་བ་མེད།། དཀོན་མཆོག་ཐུགས་རྗེ་ཆེན་པོ་ལས།། ལུང་སྟོན་བཞིན་དུ་སྐྱབས་མགོན་ཞིག། མི་ཡི་རིགས་རྒྱུད་བརྒྱུད་ནས་བྱུང༌།། ཁོང་གི་མཚན་ནི་ཡེ་ཤུ་ཡིན།། ཁོང་ནི་ཐར་ལམ་སྟོན་མཁན་ཡིན།། སྡིག་པ་ཐམས་ཅད་སེལ་མཁན་ཡིན།། གླུ་ཤེས་ནི་མིན་འདྲ་བདེན་པ་རེད།།

    No Eng Title

  • ༡ ཨིམ་མ་ནུ་ཨེལ་ཡེ། གཟུགས་ལང་ཚོ་སྐྱིད་ཀྱི་དཔལ་ཡོན་ཅན། སྟེང་ནམ་མཁར་འཕགས་ནས་གསེར་ཁྲིར་བཞུགས། ཨིམ་མ་ནུ་ཨེལ་ཡེ། མར་བྱོན་ནས་བྱམས་པའི་སྐྱབས་མགོན་གནང་། ཁྱེད་མེད་ན་མི་སེམས་འདོད་ལ་རྔམ། ཨིམ་མ་ནུ་ཨེལ་ཡེ། ཁྱེད་མེད་ན་མི་སེམས་འདོད་ལ་རྔམ། ཁྱེད་མེད་ན་མི་སེམས་འདོད་ལ་རྔམ། ༢ ཨིམ་མ་ནུ་ཨེལ་ཡེ། གསུང་སྙན་མོ་ཁུ་བྱུག་འགྱུར་ཁུག་ཅན། ཡར་འཕགས་ནས་ནམ་མཁར་གསུང་སྒྲས་ཁྱབ། ཨིམ་མ་ནུ་ཨེལ་ཡེ། མར་ཞབས་སར་བཅགས་ནས་འཕྲིན་བཟང་བསྒྲགས། ཁྱེད་མེད་ན་མི་ལ་ཞི་བདེ་མེད། ཨིམ་མ་ནུ་ཨེལ་ཡེ། ཁྱེད་མེད་ན་མི་ལ་ཞི་བདེ་མེད། ཁྱེད་མེད་ན་མི་ལ་ཞི་བདེ་མེད། ༣ ཨིམ་མ་ནུ་ཨེལ་ཡེ། ཕྱོགས་ཀུན་ལ་འཕྲོས་པའི་ཉི་མའི་འོད་སྐོར་ཅན། མཐོ་ཨ་སྔོན་དབྱིངས་ནས་འཛུམ་དམུལ་བྱུང་། ཨིམ་མ་ནུ་ཨེལ་ཡེ། མིའི་འཇིག་རྟེན་ཁམས་སུ་འོད་སྣང་སྦྱིན། ཁྱེད་མེད་ན་འཇིག་རྟེན་མུན་ནག་རེད། ཨིམ་མ་ནུ་ཨེལ་ཡེ། ཁྱེད་མེད་ན་འཇིག་རྟེན་མུན་ནག་རེད། ཁྱེད་མེད་ན་འཇིག་རྟེན་མུན་ནག་རེད།

    Emmanuel (2)

  • ༡ ལྷོ་འཛམ་གླིང་ཉི་མ་རི་ལ་བརྒལ། ནུབ་ཟླ་བ་དཀར་པོ་སྤྲིན་གྱིས་བསྒྲིབས། དགུང་སྐར་ཚོགས་ཆར་སྤྲིན་དཀྱིལ་དུ་ལྷུང་། ཁྱེད་ཡེ་ཤུ་མ་མཇལ་ཡིད་རེ་སྐྱོ། ༢ ཨཱ་་་ཉི་ཟླ་སྐར་གསུམ། དགུང་སྐར་ཚོགས་ཆར་སྤྲིན་དཀྱིལ་དུ་ལྷུང་། ཁྱེད་ཡེ་ཤུ་མ་མཇལ་ཡིད་རེ་སྐྱོ། ༢ ༢ ཐར་བའི་འཕྲིན་བཟང་བདེན་པའི་བཀའ། ཐོས་ནས་དད་པ་ཁྱེད་རྣམས་ལའང་། ཞལ་གྱིས་བཞེས་པའི་ཐུགས་ཉིད་ཀྱི། ཕྱག་རྒྱ་བཏབ་པར་མཛད་པའོ།། ༢ ཨཱ་་་སྐྱབས་མགོན་ཡེ་ཤུ། ཁྱེད་མཚན་དམ་པར་སྲུང་བར་ཤོག ཁྱེད་ཀྱི་རྒྱལ་སྲིད་འོང་བར་ཤོག ༢ ༣ ངེད་ཀྱིས་གཞན་ཉེས་བསལ་བ་ཇི་བཞིན་དུ། ངེད་ཀྱི་སྡིག་པ་བསལ་བར་མཛོད། ཉམས་ཚོད་ནང་དུ་མི་འཁྲིད་པར། ངན་པ་ལས་ང་ཐར་བར་མཛོད། ༢ ཨཱ་་་སྐྱབས་མགོན་ཡེ་ཤུ། བདག་གི་ཁྱེད་ཀྱི་བཀའ་དྲིན། ང་ཉམ་ཆུང་གིས་དྲིན་ལན་ཞུ། ༢

    Hallowed be Your Name

  • ༡ ཧ་ལེ་ལོའུ་ཡཱ་གཙོ་བོ་ལ་བསྟོད། ༢ ཧ་ལེ་ལོའུ་ཡཱ། ༢ ཧ་ལེ་ལོའུ་ཡཱ་གཙོ་བོ་ལ་བསྟོད། ༢ ཡེ་ཤུ་ནི་ཐམས་ཅད་ཀྱི་གཙོ་བོ། ༢ ཡེ་ཤུ་ནི་གཙོ་བོ་ཡིན། ༢ ཡེ་ཤུ་ནི་ཐམས་ཅད་ཀྱི་གཙོ་བོ། ༣ ཡེ་ཤུ་གྲོངས་པ་ནས་སླར་ཡང་གསོན། ༢ ཡེ་ཤུ་སླར་གསོན་པ་ཡིན། ༢ ཡེ་ཤུ་གྲོངས་པ་ནས་སླར་ཡང་གསོན། ༤ ཡེ་ཤུ་སླར་ཕེབས་པའི་དམ་བཅའ་ཡོད། ༢ ཡེ་ཤུ་སླར་ཕེབས་ཡོང་། ༢ ཡེ་ཤུ་སླར་ཕེབས་པའི་དམ་བཅའ་ཡོད།

    Sing Hallelujah to the Lord

  • ༡ སོའོ་ང་ཚོ་ཚང་མའི་ངན་པ། སོའོ་དགེ་བའི་ལས་ཀྱིས་མི་དག ང་ཚོ་ཚང་མའི་ངན་པ་ཡེ་ཤུའི་སྐུ་ཁྲག་གིས་འདག་ཡོང་། སོའོ་ཡ་འ་ལ། ཡེ་ཤུའི་སྐུ་ཁྲག་གིས་འདག་ཡོང་། ༢ སོའོ་ང་ཚོ་ཚང་མའི་ཉེས་པ། སོའོ་གནས་སྐོར་ཕྱིན་ཀྱང་མི་དག ང་ཚོ་ཚང་མའི་ཉེས་པ་ཡེ་ཤུའི་སྐུ་ཁྲག་གིས་འདག་ཡོང་། སོའོ་ཡ་འ་ལ། ཡེ་ཤུའི་སྐུ་ཁྲག་གིས་འདག་ཡོང་། ༣ སོའོ་ང་ཚོ་ཚང་མའི་སྡིག་པ། སོའོ་སྦྱིན་པ་བཏང་ཡང་མི་དག ང་ཚོ་ཚང་མའི་སྡིག་པ་ཡེ་ཤུའི་སྐུ་ཁྲག་གིས་འདག་ཡོང་། སོའོ་ཡ་འ་ལ། ཡེ་ཤུའི་སྐུ་ཁྲག་གིས་འདག་ཡོང་།

    All Our Sins