• ༡ དཀོན་མཆོག་ཡ་དཀོན་མཆོག་ང་ཡི་སྐྱབས་མགོན། ནམ་མཁའ་ལ་བཞུགས་པའི་དཀོན་མཆོག ཁྱེད་ནི་སྙིང་རྗེ་དང་བྱམས་པ་ཡི་བདག་པོ། འཛམ་གླིང་འདི་ཁྱེད་ཀྱིས་བཀོད་དོ། ང་ཚོ་སྡིག་ཅན་རྣམས་ཀྱི་དོན་དུ། སྐུ་སྲོག་ནི་ཕངས་མེད་དུ་བཏང་སོང་། ང་ཚོའི་སྡིག་པ་ནི་ཁོང་གིས་བསལ་སོང་། ཨེ་མ་འདི་དེ་འདྲ་སྐྱིད་པ། ༢ གྲོགས་པོ་ཡ་གྲོགས་མོ་བདག་གི་སྤུན་ཟླ། དཀོན་མཆོག་ལ་གསོལ་བ་ཐོབས་དང་། ཁོང་གི་ཐར་བའི་ལམ་དེ་འཐོབ་ཡོང་། ངའི་ཡིད་སེམས་དེ་འདྲ་དགའ་བ། ཁོང་གི་རིན་ཆེན་སྐུ་ཁྲག་དེ་ཡིས། ང་ཚོ་ཡི་སྡིག་པ་རྣམས་བསལ་སོང་། མཐའ་མེད་པའི་སྲོག་དེ་ཁྱོད་ལ་འཐོབ་ཡོང་། ཨེ་མ་ང་དེ་འདྲ་སྐྱིད་པ། ༢

    God My Saviour

  • ༡ དཀོན་མཆོག་གིས་ཉིད་ཀྱི་སྲས་གནང་ནས། འཇིག་རྟེན་འདི་ལ་བྱམས་པར་མཛད་དོ། ཁོང་ལ་དད་པ་བྱེད་མཁན་རྣམས་ལ། མཐའ་མེད་པའི་སྲོག་འཐོབ་ཡོང་། བྱམས་པ་ངོ་ཐོག་དེ་ཅི་ཡིན་ཟེར་ན། ངེད་དཀོན་མཆོག་ལ་བྱམས་པ་མ་ཡིན། ཁོང་གིས་ངེད་ལ་བྱམས་པར་མཛད་ཅིང་། སྐྱབས་མགོན་ཡེ་ཤུ་གནང་བ་ཡིན། ༢ ཡེ་ཤུ་ནི་དཀོན་མཆོག་གི་སྲས་ཡིན། ཁོང་གིས་ངེད་ལ་བྱམས་པ་གནང་བས། ང་ཚོ་སྡིག་པ་ནས་ཐར་བར་མཛད། ནམ་མཁའ་ནས་འདིར་ཕེབས་སོ། ཁོང་མ་གཏོགས་སྐྱབས་མགོན་གཞན་ཞིག་མེད། ཁོང་ཁྱོད་ཀྱི་དོན་དུ་སྡུག་བསྔལ་མྱོང་སོང་། ད་ཁོང་གིས་བྱམས་པས་འབོད་བཞིན་འདུག སྡིག་ཅན་རྣམས་ངའི་རྩར་ཤོག

    God Gave His Own Son

  • ༡ དཀོན་མཆོག་གི་དྲུང་དུ་ལོག དེ་ནས་ཁྱོད་རང་ཐར་ཡོང་། འཕྲིན་བཟང་འདི་དཀོན་མཆོག་གིས། མི་ཐམས་ཅད་ལ་བཏང་ངོ་།། ༢ ༢ ཇག་པ་དང་ཁ་ཆོས་མཁན། སྡིག་ཅན་དང་དྲང་པོ་རྣམས། ཡེ་ཤུའི་དྲུང་དུ་འོང་ན། ཁོང་གིས་ཐམས་ཅད་འདྲེན་ཡོང་།། ༢ ༣ ས་གཞི་ཡོངས་ཀྱི་ཕྱིར། གསོལ་སྟོན་ཆེན་པོ་བཤམས་འདུག སུ་ཡང་འོང་འདོད་པ་རྣམས། ད་ལྟ་མགྱོགས་པོར་ཤོག་ཅིག། ༢ ༤ དཀོན་མཆོག་གི་སྲས་དེ་ལ། ཁྱོད་ཀྱི་སྡིག་པ་བཤགས་ན། ཁོང་གིས་ཡོངས་སུ་བསལ་ཞིང་། མཐའ་མེད་པའི་སྲོག་གནང་ཡོང་།། ༢ ༥ ཁྱོད་ཀྱི་སེམས་ང་ལ་གནང་། ངས་ཁྱོད་སྐྱིད་པོ་བྱེད་ཡོང་། ཁོང་གིས་བྱམས་པའི་སྐད་ཀྱིས། ཁྱོད་ལ་འདི་ལྟར་བསྐུལ་ལོ།། ༢ ༦ ཁྱོད་ཀྱི་ཡབ་ཀྱི་དྲུང་དུ། ད་ལྟ་མགྱོགས་པོར་ཤོག་ཅིག ཁོང་ལ་ཁྱོད་འཇིགས་མི་དགོས། ཁོང་གིས་ཁྱོད་ལ་གཅེས་སོ།། ༢ ༧ ཡེ་ཤུའི་དྲུང་དུ་འོང་མཁན། དེ་ཚོར་ཐར་པ་འཐོབ་ཡོང་། འཕྲིན་བཟང་འདི་དཀོན་མཆོག་གིས། ཡུལ་ཐམས་ཅད་ལ་བཏང་ངོ་།། ༢

    Come Back To God

    2017

    4

  • ༡ ཀྱེ། མི་རིགས་ཀུན་ཡ་ཝཱེར་བསྟོད་སྔོགས་ཤིག ཀྱེ། མི་སྡེ་རྣམས་ཁོང་ལ་བསྟོད་སྔོགས་ཤིག ༢ ངེད་ལ་ཁོང་གི་ཐུགས་རྗེ་ཆེ་ལགས་ཤིང་། ཡ་ཝཱེའི་བདེན་ཉིད་རྒྱུན་དུ་གནས་པས་སོ། ༣ ཡ་ཧོ་ཝ་ལ་བསྟོད་པར་གྱིས་ཤིག་ཨང་། ༢

    Praise the Lord all Peoples

  • Cover image

    Psalm 103

  • Cover image

    Munbay Yokpay

  • Cover image

    Cham Tang Nyingje Denbay

  • Cover image

    My First Love

  • Cover image

    Ngay Tanda

  • Cover image

    My Heart’s Support

  • Cover image

    No Eng Title

  • Show full

    All Nations Will Bring You Glory

    2021

    218