-
༡ སྐྱབས་མགོན་གཙོ་བོ་ཡེ་ཤུ་ནི།། ཀུན་དབང་དཀོན་མཆོག་ཡིན་ན་ཡང་།། འཇིག་རྟེན་མི་ཡི་རྣམ་པ་བཟུང་།། ༢ ཕལ་བའི་རྣམ་འགྱུར་བཟུང་བས་ན།། དཀོན་མཆོག་ཉིད་ཀྱི་བཀའ་ལུང་བཞིན།། རྒྱ་གྲམ་ཤིང་གི་རྩེ་ནས་གྲོངས།། ༣ དེ་འདྲ་ཡིན་པས་དཀོན་མཆོག་གིས། ཀུན་ལས་མཐོ་བའི་གནས་སུ་དྲངས།། ཀུན་ལས་འཕགས་པའི་མཚན་ཡང་གནང་།། ༤ ས་འོག་ས་སྟེང་ས་བླ་གསུམ།། ཡེ་ཤུ་ཁོང་གི་ཞབས་དྲུང་དུ།། པུས་མོ་བཙུགས་ནས་ཕྱག་འཚལ་བགྱི།། ༥ དཀོན་མཆོག་ཡབ་ལ་བསྟོད་པའི་ཕྱིར།། ཀུན་གྱི་ངག་ལས་མ་ཤི་ཀར།། གཙོ་བོ་ལགས་ཞེས་ཁས་ལེན་བརྗོད།། ༦ སྐྱབས་མགོན་ཡེ་ཤུ་ཁྱེད་རང་ལ།། ང་ཚོས་པུས་མོ་སར་བཙུགས་ནས།། ཁྱེད་ནི་གཙོ་བོ་ཡིན་ཞེས་ཞུ།།
Philippians 2:6-11
98
-
༼ཀློག་པ་པོ།༽ སེམས་ནས་སྐྱབས་མགོན་ཡེ་ཤུ་ལ།། དད་ན་ཐར་བ་ཐོབ་ངེས་རེད།། དེའི་སྐོར་གསལ་པོར་རྟོགས་པའི་ཕྱིར།། ཚིག་བཅད་འདི་རྣམས་ཀློག་རོགས་གནང་།། ༼མཉམ།༽ ༡ སྐྱབས་མགོན་ཡེ་ཤུ་མ་ཤི་ཀའི།། དཀོན་མཆོག་ཡབ་ལ་བསྟོད་བསྔགས་བརྗོད།། སྐྱབས་མགོན་ཡེ་ཤུ་མ་ཤི་ཀའི།། དཀོན་མཆོག་ཡབ་ལ་བསྟོད་བསྔགས་བརྗོད།། ༢ མ་ཤི་ཀའི་ངང་དཀོན་མཆོག་དྲུང་།། སྐྱོན་མེད་དམ་པར་འགྱུར་བའི་ཕྱིར།། འཇིག་རྟེན་མ་བཀོད་སྔོན་རོལ་དུ།། མ་ཤི་ཀའི་ནང་ང་ཚོ་བདམས།། ༣ ཉིད་ཀྱི་བྱམས་བརྩེའི་དགོངས་པ་བཞིན། ཡེ་ཤུ་མ་ཤི་ཀ་བརྒྱུད་ནས།། ཁོང་གི་སྲས་སུ་རང་ཅག་རྣམས།། འགྱུར་བར་གདོད་ནས་ཐུགས་ཐག་བཅད།། ༤ ཐུགས་རྗེ་དཔག་ཏུ་མེད་པ་ཡི།། ཡེ་ཤུའི་སྐུ་ཁྲག་བཞུར་བརྒྱུད་ནས།། ཐར་བ་ང་ཚོར་གནང་བ་སྟེ།། སྡིག་ཉེས་ཐམས་ཅད་བསལ་བར་མཛད།། ༥ སྐྱབས་མགོན་ཡེ་ཤུ་མ་ཤི་ཀའི།། དཀོན་མཆོག་ཡབ་ལ་བསྟོད་བསྔགས་བརྗོད།། སྐྱབས་མགོན་ཡེ་ཤུ་མ་ཤི་ཀའི།། དཀོན་མཆོག་ཡབ་ལ་བསྟོད་བསྔགས་བརྗོད།། ༦ ཁོང་ལ་དབང་བའི་དུས་ཐོན་ཚེ།། གནམ་ས་གཉིས་ཀྱི་གནས་པ་ཀུན།། མ་ཤི་ཀ་ཡི་དབང་ལ་བསྡུ།། ཉིད་ཀྱི་དགོངས་པ་སྒྲུབ་པར་འགྱུར།། ༧ ཐར་བའི་འཕྲིན་བཟང་བདེན་པའི་བཀའ།། ཐོས་ནས་དད་པ་ཁྱེད་རྣམས་ལའང་།། ཞལ་གྱིས་བཞེས་པའི་ཐུགས་ཉིད་ཀྱི།། ཕྱག་རྒྱ་བཏབ་པར་མཛད་པའོ།། ༨ དེ་ནི་ཐར་བའི་རེ་བ་དེ།། ང་ཚོར་ཐོབ་པའི་གཏའ་མ་ཡིན།། དཀོན་མཆོག་དཔལ་ལ་བསྟོད་བསྔགས་བརྗོད།། དཀོན་མཆོག་དཔལ་ལ་བསྟོད་བསྔགས་བརྗོད།།
Ephesians 1:3-14
-
༼འགོ༽ སྐྱབས་མགོན་ཡེ་ཤུའི་མཚན་ཞིག་ནི། དཀོན་མཆོག་ཉིད་ཀྱི་བཀའ་དེ་ཡིན། བཀའ་དེ་སྐོར་ནི་གང་ཞེ་ན། མགུར་གླུ་འདི་ལ་ཉན་རོགས་གནང་། ༼མཉམ༽ ༡ ཐོག་མར་བཀའ་ཡོད་ལགས་པ་དང་། བཀའ་དེ་དཀོན་མཆོག་མཉམ་དུ་བཞུགས། བཀའ་དེ་དཀོན་མཆོག་ལགས་པ་དང་། གདོད་ནས་དཀོན་མཆོག་མཉམ་དུ་བཞུགས། ༢ དངོས་པོ་ཐམས་ཅད་བཀའ་དེས་མཛད། ཁོང་མེད་ཅི་ཡང་མ་བྱུང་ངོ་།། ཁོང་གི་ནང་ན་གསོན་པ་སྟེ། གསོན་པ་མི་ཡི་འོད་དེ་ཡིན། ༣ དཀོན་མཆོག་ཉིད་ཀྱི་བཀའ་དེ་ལ། ང་ཚོས་སེམས་ནས་བསྟོད་པ་འབུལ། སྐྱབས་མགོན་གཙོ་བོ་ཡེ་ཤུ་ལ། དགའ་སྤྲོའི་བསྟོད་དབྱངས་འདི་འབུལ་ལོ།། ༤ འོད་དེ་མུན་པའི་ནང་དུ་ཤར། མུན་པས་གནན་པར་མ་ནུས་སོ།། བཀའ་དེ་སྐུ་ལུས་ལྡན་པར་གྱུར། ང་ཚོའི་ཁྲོད་དུ་བཞུགས་མཛད་དོ།། ༥ ཡབ་ནས་བྱུང་བའི་སྲས་གཅིག་པོ། ཐུགས་རྗེ་དང་བདེན་པས་གང་བ་ཡི། གཟི་བརྗིད་ཁོ་ན་ང་ཚོས་མཐོང་། གཟི་བརྗིད་ཁོ་ན་ང་ཚོས་མཐོང་། ༦ དཀོན་མཆོག་ཉིད་ཀྱི་བཀའ་དེ་ལ། ང་ཚོས་སེམས་ནས་བསྟོད་པ་འབུལ། སྐྱབས་མགོན་གཙོ་བོ་ཡེ་ཤུ་ལ། དགའ་སྤྲོའི་བསྟོད་དབྱངས་འདི་འབུལ་ལོ།།
John 1:1- 18
-
༡ ཨ་ཧ་ཨ་ཧ་ཨ་ཧ་ལགས་ནི། སྡིག་པའི་མུན་པའི་ནང་དུ། སྟོར་བའི་སྡིག་ཅན་སྐྱོབ་ཕྱིར་ཨ་ཧ་ལགས་ནི། ཞིང་མཆོག་བདེ་ཆེན་སྤངས་ནས་ཨ་ཧ་ལགས་ནི། དཀོན་མཆོག་མི་ཡི་རྣམ་པ་བཟུང་། མཐའ་ཡས་ཐུགས་བརྩེ་འདི་བཞིན། སེམས་ནས་མ་བརྗེད་བརྩེ་བའི་བོད་མི་རྣམས། ༢ ཨ་ཧ་ཨ་ཧ་ཨ་ཧ་ལགས་ནི། རང་གཤིས་རྙིང་བའི་སྡིག་པ། དགེ་བའི་ལས་ཀྱིས་མི་དག་ཨ་ཧ་ལགས་ནི། སྡིག་པའི་གཡུལ་ལས། རྒྱལ་ཕྱིར་ཨ་ཧ་ལགས་ནི། རང་གཤིས་གསར་བ་ཞིག་དགོས་ཤིང་། ལུས་རྟེན་འདི་གར་སྐྱེ་བ་གསར་བ་ལེན་ཕྱིར། ཡེ་ཤུར་དད་མོས་ཞུས། ༣ ཨ་ཧ་ཨ་ཧ་ཨ་ཧ་ལགས་ནི། མེས་པོའི་རྒྱུད་ནས་བསགས་པའི། སྡིག་པ་ཇི་ལྟར་ཚབས་ཆེའང་ཨ་ཧ་ལགས་ནི། ཡེ་ཤུར་འགྱོད་བཤགས། འབུལ་ན་ཨ་ཧ་ལགས་ནི། ཁོང་གི་སྐུ་མཚལ་རིན་པོ་ཆེས། སྡིག་པ་བསལ་ཞིང་ཐར་ལམ། ཐོབ་པར་ངེས་པས། ཁོང་ལ་སྐྱབས་སུ་ཞུས།
In the Darkness of Sin
93
-
ཨ་ཧ་ལ་ནི་ཡེ་ཤུ་ངའི་སེམས་ལ་ཡོད། ༤ ༡ (འགོ) དཀོན་མཆོག་གི་རྒྱལ་སྲིད་འདི་རུ་ཡོད། (མཉམ) ཡེ་ཤུ་ངའི་སེམས་ལ་ཡོད། (འགོ) ཁོང་གི་གཟི་བརྗིད་ཐག་ཉེ་པོར་ཡོད། (མཉམ) ཡེ་ཤུ་ངའི་སེམས་ལ་ཡོད། (འགོ) ཁོང་མཉམ་དུ་དགའ་སྤྲོ་ཆེན་པོ་ཡོད། (མཉམ) ཡེ་ཤུ་ངའི་སེམས་ལ་ཡོད། (འགོ) དམ་པའི་འོད་ཟེར་མཐའ་འཁོར་ལ་ཡོད། (མཉམ) ཡེ་ཤུ་ངའི་སེམས་ལ་ཡོད། ༢ མཐའ་མེད་པའི་སྲོག་ངར་གནང་བའི་ཕྱིར། ཡེ་ཤུ་ངའི་སེམས་ལ་ཡོད། རང་ཉིད་ཀྱི་སྐུ་སྲོག་ངའི་དོན་འབུལ། ཡེ་ཤུ་ངའི་སེམས་ལ་ཡོད། ཡེ་ཤུ་ནི་ངའི་བློ་འགེལ་ས་ཡིན། ཡེ་ཤུ་ངའི་སེམས་ལ་ཡོད། ཐར་བ་འཐོབ་པའི་རེ་བ་ཡེ་ཤུ་ཡིན། ཡེ་ཤུ་ངའི་སེམས་ལ་ཡོད། ༣ ང་ཚོ་ནི་ཁོང་གི་མཆོད་ཁང་ཡིན། ཡེ་ཤུ་ངའི་སེམས་ལ་ཡོད། མཆོད་ཁང་གི་རྨང་གཞི་ཡེ་ཤུ་ཡིན། ཡེ་ཤུ་ངའི་སེམས་ལ་ཡོད། ང་ཚོ་ནམ་མཁར་འཁྲིད་པར་ཕེབས་ཡོང་། ཡེ་ཤུ་ངའི་སེམས་ལ་ཡོད། ཐུགས་ཉིད་དང་བག་མས་ཕེབས་ཤོག་ཟེར། ཡེ་ཤུ་ངའི་སེམས་ལ་ཡོད།
O Heaven, is in My Heart
-
ཨ་ཧ་ནམ་མཁའི་བཞུགས་ཁྲི་སྟེང་ལ། ཡབ་དང་སྲས་དང་དམ་པའི་ཐུགས་ཉིད་ཡོད། ལ་ནི་ང་ཚོས་ཁྱེད་ལ་བསྟོད་བསྔགས་ཏེ། ཁྱེད་ཀྱི་བཞུགས་ཁྲིའི་ཀ་བར་འགྱུར་བར་ཤོག ཨ་ཧ་ཁྱེད་རང་གི་འོད་ཟེར་ཆེན་པོ་དེ། ལ་ནི་ཁྱེད་རང་གི་གཟི་བརྗིད་ལ་བལྟས་ནས། ཨ་ཧ་ཕོ་ཉ་ཡི་ཚོགས་མཉམ་འཛོམས་པ་དང་། ལ་ནི་དམ་པའི་མཚན་དེ་ལ་བསྟོད་དབྱངས་འབུལ། ཞུས་ནས། གཙོ་བོ་ནི་དམ་པ་དམ་པ་དམ་པ་ཡིན། ༢ ཡབ་ཆེན་ནི་དམ་པ་དམ་པ་དམ་པ་ཡིན། ༢ ཡེ་ཤུ་ནི་དམ་པ་དམ་པ་དམ་པ་ཡིན། ༢ ཐུགས་ཉིད་ནི་དམ་པ་དམ་པ་དམ་པ་ཡིན། ༢
Let Our Praise to You Be as Incense
91
-
༡ ཧོ་ཟན་ནཱ། ཧོ་ཟན་ནཱ། བླ་མེད་དཀོན་མཆོག་ལ་ཧོ་ཟན་ནཱ། ༢ ངའི་སེམས་ལ་བསྟོད་པ་ཡོད། ཡེ་ཤུའི་མཚན་མཐོ་ཤོས་རེད། ངེད་ཀྱི་གཙོ་བོ་ཡ་ཧོ་ཝཱ་ལ། བླ་མེད་དཀོན་མཆོག་ལ་ཧོ་ཟན་ནཱ། ༢ བསྟོད་པར་ཤོག བསྟོད་པར་ཤོག རྒྱལ་པོའི་རྒྱལ་པོ་ལ་བསྟོད་པར་ཤོག ༢ ངའི་སེམས་ལ་བསྟོད་པ་ཡོད། ཡེ་ཤུའི་མཚན་མཐོ་ཤོས་རེད། ངེད་ཀྱི་གཙོ་བོ་ཡ་ཧོ་ཝཱ་ལ། རྒྱལ་པོའི་རྒྱལ་པོ་ལ་བསྟོད་པར་ཤོག
Hosanna, Hosanna!
90, 44
-
སོའོ། གཙོ་བོ་སྐྱབས་མགོན་ཡེ་ཤུ་ལ། སོའོ། ཉིད་ཀྱི་འཁྲུངས་སྐར་དུས་ཆེན་ལ། བདེ་སྐྱིད་ལྡན་པའི་ཉི་མ། སྤུན་ཟླ་རྣམས་ལ་ཤར། བཀྲ་ཤིས་བདེ་ལེགས་ཡོང་དུས། དགའ་སྤྲོའི་གླུ་དབྱངས་ལེན།
O Saviour Lord Jesus
-
༡ སུ་ནམ་མཁའ་ནས་ཕེབས་པ་ཡིན། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༢ བྱམས་ལྡན་ངང་ནས་འཁྲུངས་པ་སུ། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༣ སུ་རྒྱ་གྲམ་སྟེང་གྲོངས་པ་ཡིན། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༤ ང་ཚོ་བླུ་བའི་ཕྱིར་གྲོངས་སོ།། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༥ སུ་ཡིས་སྡིག་ཉེས་བསལ་ཐུབ་བམ། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༦ སུ་ནམ་མཁའ་རུ་ད་ལྟ་བཞུགས། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༧ སུ་ནམ་མཁའ་ནས་སླར་ཕེབས་ཡོང་། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢ ༨ ནམ་མཁར་རང་གི་མི་འདྲེན་ཡོང་། ཡེ་ཤུ་ང་ཚོའི་སྐྱབས་མགོན། ༢
Who Came Down?
-
(ཕོ) ས་གཞི་འདི་ཐམས་ཅད། (མོ) ངའི་དཀོན་མཆོག་གི་རེད། (ཕོ) དེའི་ནང་ཡོད་པ་ཀུན། (མོ) ངའི་དཀོན་མཆོག་གི་རེད། (ཕོ) ས་གཞི་འདི་ཐམས་ཅད། (མོ) ངའི་དཀོན་མཆོག་གི་རེད། (མཉམ) ཁོང་གི་གཟི་བརྗིད་ཀྱི་དོན་ལ་བཀོད་པ་རེད། (ཕོ) གངས་རི་དང་ལུང་པ། (མོ) རྒྱ་མཚོ་དང་གླིང་ཕྲན། (ཕོ) གྲོང་ཁྱེར་དང་མི་སྡེ། (མོ) རྩྭ་ཐང་དང་སེམས་ཅན། (ཕོ) དངོས་པོ་ཚང་མ་ནི། (མོ) ངའི་དཀོན་མཆོག་གི་རེད། (མཉམ) མི་ཐམས་ཅད་ཀྱིས་ཁོང་ལ་བསྟོད་པར་ཤོག
The Earth is the Lord’s
87
-
༡ གཙོ་བོ་ཡེ་ཤུའི་འོད་ཟེར་འཕྲོ་བཞིན་འདུག ཁྱེད་ཀྱི་འོད་མུན་པའི་ནང་དུ་འཕྲོ་བཞིན་འདུག ཡེ་ཤུ་ཁྱེད་རང་གི་བྱམས་པ་དེ་གནང་རོགས་ཞུ། ཁྱེད་རང་གི་བདེན་པ་ཉིད་ཀྱིས་ཐར་བ་སྟོན་རོགས་གནང་། ཀྱེ། གཙོ་བོ། ང་ལ་ཤར། ཤར་ཡེ་ཤུ་ཤར། ཡབ་ཆེན་གྱི་གཟི་བརྗིད། མངོན་པར་བསྟོད་ཅིག ཐུགས་ཉིད་ཀྱི་མེས། སེམས་ཁམས་འདིར་ཁེངས་ཤོག བྱིན་རླབས་ཀྱི་ཆུས། མི་རིགས་ཐམས་ཅད་ལ། ཁྲུས་གསོལ་གནང་ཤོག གཙོ་བོའི་བཀའ་དེས། འཇིག་རྟེན་འདི་བསྒྱུར་བར་ཤོག ༢ སྐྱབས་མགོན་ཁྱེད་རང་ལ་སྨོན་ལམ་ཞུས་ནས། མུན་ནག་ནས་ཁྱེད་རང་གི་འོད་ཟེར་ལ་ཡོང་གིན་ཡོད། སྐུ་ཁྲག་གི་དབང་གིས་ཁྱེད་ཀྱི་དྲུང་དུ་མཇལ་ན་ཆོག ཉམས་སད་ལས་ཐར་བ་དང་། བློའི་མུན་པ་བསལ་བར་མཛོད། ཀྱེ། གཙོ་བོ། ང་ལ་ཤར། ༣ གཙོ་བོ་ཡབ་ཆེན་གྱི་བཀའ་དང་ནུས་ཤུགས་ཀྱིས། ང་ཚོའི་མི་རྒྱུད་ནི་རིམ་པ་ནས་རིམ་པར་འགྱུར། ཡེ་ཤུའི་མཚན་ལ་དད་པ་བྱེད་མཁན་བདེ་ལ་བཀོད། གཙོ་བོའི་འཕྲིན་བཟང་དེར་ཐམས་ཅད་ཀྱིས་བསྟོད་པར་ཤོག ཀྱེ། གཙོ་བོ། ང་ལ་ཤར།
Shine, Jesus, Shine
86
-
༡ ལོངས་ཤིག་ལོངས་ཤིག་དམག་མི་རྣམས། ཤིང་རྒྱ་གྲམ་རྒྱབ་ཏུ་འཁུར། ཁོང་གི་རྒྱལ་མཚན་ཡར་འཕྱར་ཏེ། དེ་ཉིད་གནོད་པ་ལས་སྲུངས། ཁོང་དགྲ་ལས་རྣམ་པར་རྒྱལ་ཏེ། རང་གི་དམག་མི་རྣམས་འཁྲིད་ནས། དགྲ་བོ་རྣམས་ཕམ་པར་བརྒྱབ་སྟེ། མ་ཤི་ཀ་གཙོ་བོར་འགྱུར། ༢ ལོངས་ཤིག་ལོངས་ཤིག་དམག་མི་རྣམས། དམག་དུང་གི་སྐད་ལ་ཉོན། དམག་དཔུང་གི་ཁྲོད་དུ་ཞུགས་ནས། དགྲ་རྣམས་ཕམ་པར་བྱེད་དགོས། མི་ཡི་རིགས་སུ་གྱུར་བ་རྣམས། དགྲའི་ཚོགས་ལ་དམག་སྣ་དྲོངས། བར་ཆད་བྱུང་ཡང་སྤོབས་པ་སྐྱེད། དགྲ་རྣམས་ཟིལ་གྱིས་ནོན་ཞིག ༣ ལོངས་ཤིག་ལོངས་ཤིག་དམག་མི་རྣམས། ཁོང་གི་ནུས་པར་བརྟེན་དགོས། ཤའི་དམག་ཆས་རྒྱལ་ཁ་མི་ལོན། རང་སྟོབས་ལ་བརྟེན་མི་ནུས། འཕྲིན་བཟང་གི་གོ་ཁྲབ་གྱོན་ཞིག སེམས་མ་གཡེངས་པར་སྨོན་ལམ་ཐོབས། ཉེན་ཁ་ག་ཚོད་ཡོད་ན་ཡང་། དེ་ནས་ཁ་མ་འབྲལ་ཞིག ༤ ལོངས་ཤིག་ལོངས་ཤིག་དམག་མི་རྣམས། དམག་འཁྲུག་ཡུན་རིང་མི་གནས། དེ་རིང་དམག་གི་འུར་སྒྲ་ཡོད། སང་ཉིན་རྒྱལ་ཁའི་གླུ་བླང་ཡོང་། སུ་ཡང་རྒྱལ་བར་གྱུར་ན་ནི། ཚེ་ཡི་ཅོད་པན་འཐོབ་ཡོང་། ཁོང་བཀྲ་ཤིས་པའི་རྒྱལ་པོ་ཡིན། རྟག་ཏུ་རྒྱལ་སྲིད་བཟུང་བར་འགྱུར།
Stand Up, Stand Up for Jesus
85