Root/ trace

63

Youth of the Future

TBWorld

༡ མ་འོངས་པའི་གཞོན་ནུ་རྣམ་པ།
   འདོད་ཁམས་ཀྱི་འཇིག་རྟེན་ཡུལ་དུ།
   མི་རྟག་པའི་ནོར་ལ་མ་ཆགས།
   སེམས་ཁམས་འདི་དགྲ་བོས་གནན་ཡོང་།

༢ དུས་སྐབས་ཀྱི་སྤུན་ཟླ་རྣམ་པ།
   ཞི་བདེ་བའི་འཕྲིན་ཞིག་བཤད་དེ།
   གདོན་འདྲེ་ཡི་ལས་སྣ་ཚོགས་ནས།
   ཤིང་རྒྱ་གྲམ་གྱི་དབང་གིས་རྒྱལ་སོང་།
   ཨ་་་ཨ་་་གཙོ་བོ་ཡེ་ཤུ་ཁོང་ཉིད།
   ཨ་་་ཨ་་་གདོན་འདྲེ་ཡི་དབང་ནས་རྒྱལ་སོང་།

༣ འཛམ་གླིང་ཁམས་ཀྱི་རྒྱལ་པོ།
   མི་རིགས་ཚང་མའི་སྐྱབས་གནས།
   མཐའ་མེད་ཐར་བའི་ལམ་སྟོན།
   དྲིན་ཆེན་ཡེ་ཤུ་ཡིན་ནོ།།
   ཨ་་་ཨ་་་སྐྱབས་མགོན་མཐར་འདྲེན་ཡེ་ཤུ།
   ཨ་་་ཨ་་་ནམ་རྒྱུན་གསོན་པོར་བཞུགས་ཡོད།

63

Amdo Tibetan

63

Leave a Reply