Root/ trace

237

The Lord’s Outlook

TBWorld

༡ འཚོ་བ་སྐྱིད་པོ་མིན་ན།།
   སྐྱབས་མགོན་ཡེ་ཤུའི་མདུན་ནས།།
   དམ་པའི་གསུང་རབ་ཀློག་དང་།།
   ཡ་ཧོ་ཝཱ་ཡིས། ང་ཚོར་སྐྱིད་པོ་སྦྱིན་གི།
༢ དཀའ་སྡུག་གནས་སུ་ལྷུང་ན།།
   དཀོན་མཆོག་ཡེ་ཤུའི་མདུན་ནས།།
   སྨོན་ལམ་བརྟན་པོས་ཞུས་དང་།།
   ཡ་ཧོ་ཝཱ་ཡིས། ང་ཚོར་ཐར་བ་གནང་གི།

༣ སེམས་ལ་དགའ་སྤྲོ་མེད་ན།།
   གཙོ་བོ་ཡེ་ཤུའི་མདུན་ནས།།
   སྙན་པའི་བསྟོད་དབྱངས་ཕུལ་དང་།།
   ཡ་ཧོ་ཝཱ་ཡིས། ང་ཚོར་སྤྲོ་སྐྱིད་གནང་གི།

༤ སེམས་ལ་ཞི་བདེ་མེད་ན།།
   དམ་པའི་ཐུགས་ཉིད་མདུན་ནས།།
   མིང་སྲིང་ཁ་བརྡ་བྱོས་དང་།།
   ཡ་ཧོ་ཝཱ་ཡིས། ང་ཚོར་བདེན་པའི་ལམ་སྟོན།།

237

Amdo Tibetan

237

Leave a Reply