Root/ trace
5
God Gave His Own Son
༡ དཀོན་མཆོག་གིས་ཉིད་ཀྱི་སྲས་གནང་ནས། འཇིག་རྟེན་འདི་ལ་བྱམས་པར་མཛད་དོ།། ཁོང་ལ་དད་པ་བྱེད་མཁན་རྣམས་ལ། མཐའ་མེད་པའི་སྲོག་འཐོབ་ཡོང་། བྱམས་པ་དངོས་དེ་གང་ཡིན་ཟེར་ན། ངེད་དཀོན་མཆོག་ལ་བྱམས་པ་མ་ཡིན། ཁོང་གིས་ངེད་ལ་བྱམས་པར་མཛད་ཅིང་། སྐྱབས་མགོན་ཡེ་ཤུ་གནང་ངོ་།། ༢ ཡེ་ཤུ་ནི་དཀོན་མཆོག་གི་སྲས་ཡིན། ཁོང་གིས་ངེད་ལ་བྱམས་པ་གནང་བས། ང་ཚོ་སྡིག་པ་ནས་ཐར་བར་མཛད། ནམ་མཁའ་ནས་འདིར་ཕེབས་སོ།། ཁོང་མ་གཏོགས་སྐྱབས་མགོན་གཞན་ཞིག་མེད། ཁོང་གིས་ཁྱོད་ཆེད་དུ་སྡུག་བསྔལ་མྱངས་སོ།། ད་ཁོང་གིས་བྱམས་པས་འབོད་ཀྱིན་འདུག སྡིག་ཅན་རྣམས་ངའི་རྩར་ཤོག
5
5