Songs
Resources for the songs
Celebration & SeasonsChildrenChristian LifeChristmasDanceEasterFaithFeaturedFolk SongFuneral and DeathGod FatherHopeInstrumentalJesus ChristKhammaps-no-listMarriageMission biographyMusicNewPrayerSalvationScriptureSongWorship
Amdo TibetanBuryatCentral TibetanChineseChinese PinyinDolpoDzongka Roman ScriptDzongkhaEnglishHindiHyolmoInner MongolianInstrumentalKham TibetanKhengkhaKoreanLepchaLhomiLowaLowa Roman ScriptMongolianNaabaNepaliNepali Roman ScriptNubriSekeSherpaSherpa Roman ScriptSikkimeseSpanishTibetanTibetan Roman ScriptTshangla
-
སྐྱབས་མགོན་གཙོ་བོ་ཡེ་ཤུ་ལགས། ཁོང་ལ་བསྟོད་དབྱངས་ཕུལ་ཞིག ༢ དབང་དང་ལྡན་པའི་དམ་པའི་ཐུགས་ཉིད། ཁོང་ལ་བསྟོད་དབྱངས་ཕུལ་ཞིག ༢ ནམ་མཁར་བཞུགས་པའི་ང་ཚོའི་ཡབ། ཁོང་ལ་བསྟོད་དབྱངས་ཕུལ་ཞིག ། ༢
Gyamgon Tsowa
117
-
༡ སྐྱབས་མགོན་གཙོ་བོ་ཡེ་ཤུ། ༤ ཞི་བདེ་རང་དབང་ང་ཚོར་གནང་བར་ཕེབས་པ་རེད། སྡུག་དང་དཀའ་ངལ་ཁོང་རང་མྱོང་བར་ཕེབས་པ་རེད།། ༢ ཧཱ་ལེ་ལུ་ཡཱ། ཨ་མེན། ༣ ཧཱ་ལེ་ལུ་ཡཱ། ཨ་མེན།། ༣ ༢ སྐྱབས་མགོན་གཙོ་བོ་ཡེ་ཤུ། ༤ ང་ཚོ་ཚང་མས་ཁོང་ལ་ཡིད་ཆེས་བྱེད་དང། ཁོང་ནས་ང་ཚོ་སྐྱོབ་པར་ཕེབས་པ་རེད།། ༢ ཧཱ་ལེ་ལུ་ཡཱ། ཨ་མེན། ༣ ཧཱ་ལེ་ལུ་ཡཱ། ཨ་མེན།། ༣
Lord and Savior Jesus
115
-
༡ ཨོ་་་བཀྲ་ཤིས་ཤོག ཨོ་་་རྟེན་འབྲེལ་ཞུ། བཀྲ་ཤིས་ཤོག རྟེན་འབྲེལ་ཞུ། བཀྲ་ཤིས་ཤོག རྟེན་འབྲེལ་ཞུ། ལ་ལ་་་ལ་་་ལ་་་ལ། ཡེ་ཤུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ། རྟེན་འབྲེལ་ཞུ། ང་ཚོས་དགའ་བའི་བསྟོད་དབྱངས་འབུལ། བསྟོད་དབྱངས་འབུལ། ང་ཚོས་སྐྱིད་པའི་བྲོ་གར་འཁྲབ། བྲོ་གར་འཁྲབ། ཀུན་ལ་ཁ་བྲོ་བཀྲ་ཤིས་ཤོག བཀྲ་ཤིས་ཤོག ༢ ༢ ཨོ་་་དུས་ཆེན་གྱི་མཆོག ཨོ་་་རྟེན་འབྲེལ་ཞུ། དུས་ཆེན་མཆོག རྟེན་འབྲེལ་ཞུ། དུས་ཆེན་མཆོག རྟེན་འབྲེལ་ཞུ། ལ་ལ་་་ལ་་་ལ་་་ལ། ང་ཚོའི་ཆེད་ལ་མགོན་ཞིག་འཁྲུངས། མགོན་ཞིག་འཁྲུངས། ཁོང་གི་མཚན་ལ་ཡེ་ཤུ་གསོལ། ཡེ་ཤུ་གསོལ། དབང་དང་ནུས་ཤུགས་ཁོང་ལ་འཛོམས། ཁོང་ལ་འཛོམས། ཁོང་ཉིད་ང་ཚོའི་རྒྱལ་པོ་ཡིན། རྒྱལ་པོ་ཡིན། ༣ ཨོ་་་དུས་ཆེན་གྱི་མཆོག ཨོ་་་བཀྲ་ཤིས་ཤོག དུས་ཆེན་མཆོག བཀྲ་ཤིས་ཤོག དུས་ཆེན་མཆོག བཀྲ་ཤིས་ཤོག ལ་ལ་་་ལ་་་ལ་་་ལ། ང་ཚོ་ཚང་མའི་སྐྱབས་མགོན་འཁྲུངས། སྐྱབས་མགོན་འཁྲུངས། ཁོང་གིས་ང་ཚོར་ཚེ་སྲོག་གནང་། ཚེ་སྲོག་གནང་། དགའ་སྤྲོའི་བསྟོད་དབྱངས་ཀུན་ལ་ཁྱབ། ཀུན་ལ་ཁྱབ། གཟི་བརྗིད་བསྟོད་པ་ཁོང་ལ་འབུལ། ཁོང་ལ་འབུལ། ཡེ་ཤུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ། ང་ཚོས་དགའ་བའི་བསྟོད་དབྱངས་འབུལ། ང་ཚོས་སྐྱིད་པའི་བྲོ་གར་འཁྲབ། ཀུན་ལ་ཁ་བྲོ་བཀྲ་ཤིས་ཤོག བཀྲ་ཤིས་ཤོག བཀྲ་ཤིས་ཤོག བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །
Congratulations for Jesus Birthday
-
བཀའ་དྲིན་གྱི་ཡིད་སེམས་ཡར་ལ་འབུལ། བླ་མེད་དཀོན་མཆོག་ལ་འབུལ། ཁོང་གིས་ཉིད་ཀྱི་སྲས་གཅིག་པུ་གཙོ་བོ་ཡེ་ཤུ་གནང་། ༢ ད་ལྟ། སྟོབས་ཆུང་རྣམས་ལ་སྟོབས་ཤུགས་གནང་། དབུལ་ཕོངས་རྣམས་ཕྱུག་པོ་ལ་གྱུར། གཙོ་བོས་དོན་ཆེན་དེ་བསྒྲུབས་པས་དེ་ལྟར་བྱུང་། ༢ བཀའ་དྲིན་ཞུ།།
Give Thanks With a Grateful Heart
109
-
དཀོན་མཆོག་ནི་ཁྱེད་ཀྱི་སྲུང་སྐྱོབ་གནང་མཁན་ཡིན། ཁྱེད་ཀྱི་གཡས་ཕྱོགས་སུ་ཡོད་པའི་དཔུང་གྲོགས་ཡིན། ཉིན་མོའི་ཉི་མ་དང་མཚན་མོའི་ཟླ་བས། ཁྱེད་ལ་གནོད་སྐྱོན་བྱེད་མི་ཐུབ། དཀོན་མཆོག་ནི་ཁྱེད་ཀྱི་སྲུང་སྐྱོབ་གནང་མཁན་ཡིན། ཁྱེད་སྡུག་བསྔལ་ལས་སྐྱོབ་གནང་མཁན་ཡིན། ཁོང་གིས་ཁྱེད་ལ་རོགས་རམ་གནང་བར་མཛད། ཁྱེད་ཀྱི་འགྲོ་བའི་ལམ་བུ་ཁོང་གིས་སྲུང་བར་གནང་། རི་བོ་མཐོ་པོ་རྣམས་ལ་ཡར་གཟིགས་དང་། ཁྱེད་ལ་རོགས་རམ་གང་ནས་ཡོང་བར་ཡིན། གནམ་ས་གཉིས་མཛད་པའི། ཁྱེད་ཐམས་ཅད་མཛད་པའི། ཡ་ཝཱེ་དཀོན་མཆོག་གི་ཕྱོགས་ནས་ཡོང་ངོ་།།
Korean Song
107
-
༡ དཀོན་མཆོག་ཉིད་ཀྱི་སྲས་ཡེ་ཤུ། ལུག་བརྫི་བཟང་པོ་ཡིན་པ་ལ། ཁོང་གི་གསུང་སྐད་ཉན་ནས། ང་ཡི་མིང་ལ་འབོད་ཀྱིན་འདུག ༢ ཡེ་ཤུའི་གསུང་སྐད་སྙན་པོ། སེམས་ལ་དགའ་སྤྲོ་ཆེན་པོ། ང་ཚོར་ལམ་བཟང་བསྟན་ནས། ཁོང་གི་རྗེས་ལ་འགྲོ་གི་ཡོད། ༢ ༢ བརྩེ་བའི་སྐྱབས་མགོན་ཡེ་ཤུ། ང་ཚོར་གསུངས་རོགས་གནང་དང་། ཁྱེད་ཀྱི་གསུང་སྐད་གོ་བའི་དུས། སེམས་ཤུགས་ཆེ་རུ་འགྲོ་ཡོང་།། ༢
The Voice of Jesus
106
-
༡ དཀོན་མཆོག་ཁྱེད་དང་མཇལ་ན། ཞི་བདེ་གང་ནས་ཡོང་ངམ། དཀོན་མཆོག་ཁྱེད་ཀྱི་དྲུང་དུ། དགའ་སྤྲོ་ང་ལ་ཡོད་རེད། ༢ ངའི་དཀོན་མཆོག དཀོན་མཆོག དཀོན་མཆོག ངའི་དཀོན་མཆོག ། ༢ དཀོན་མཆོག་ཁྱེད་དང་མཉམ་དུ། སྙིང་རྗེ་ཚེ་གང་གནང་ཡོད། དམ་པའི་ཐུགས་ཉིད་ཀྱི་སྟོབས་ཤུགས། ད་ལྟ་ངས་ཞུ་གི་ཡིན། ༢ ངའི་དཀོན་མཆོག དཀོན་མཆོག དཀོན་མཆོག ངའི་དཀོན་མཆོག ། ༣ དཀོན་མཆོག་ཁྱེད་ཀྱི་སྟོབས་ཤུགས། ད་ལྟ་ངས་ཞུ་གི་ཡིན། དཀོན་མཆོག་ཁྱེད་ཀྱི་ཐུགས་རྗེའི་རྒྱལ་ཁ། ངས་ཞུ་གི་ཡིན། ༢ ངའི་དཀོན་མཆོག དཀོན་མཆོག དཀོན་མཆོག ངའི་དཀོན་མཆོག །
This Melody different text
102
-
༡ དཀོན་མཆོག་གིས་ཐུགས་རྗེ་བཀའ་དྲིན་དེ། གང་འདྲའི་ཧ་ལས་ཡ་རེད། ཡེ་ཤུ་ཡི་བྱམས་པ་གཞི་ནས་ཧོ་གོ་ཞིང་། མི་ཚེ་གསར་པ་ཐོབ་སོང་། ༢ གཙོ་བོ་ཡེ་ཤུ་ཡི་བཀའ་དྲིན་ཆེན་པོས། མི་སྡིག་ཅན་ང་ཡང་རྙེད། ཐར་པ་གནང་ནས་མི་ཚེ་གསར་པ་གནང་སོང་། ཡེ་ཤུ་ལ་ཐུགས་རྗེ་ཆེ། ༣ དཀའ་ངལ་མང་པོའི་མི་ཚེ་འདིའི་ནང་། ཁོང་གི་བཀའ་དྲིན་བརྒྱུད་ནས། ད་ལྟ་ང་འདི་ལ་ཡོད། འདི་ནས་ནམ་མཁའི། རྒྱལ་སྲིད་དུ་ཁྲིད་གནང་ཡོང་། ༤ དཀོན་མཆོག་གི་ཐུགས་རྗེ་བརྒྱུད་ནས། ནམ་མཁའི་རྒྱལ་སྲིད་དུ་བསླེབས། ཇི་སྲིད་བར་དུ་གཟི་བརྗིད་ཀྱི་འོད་ཤར། དཀོན་མཆོག་ལ་བསྟོད་དབྱངས་ཕུལ། ༥ ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ་ཡཱ། ཨ་མེན།། ༢
Amazing Grace
103
-
༼ཀློག་པ་པོ།༽ ཡབ་ཆེན་དཀོན་མཆོག་ཁོང་ཉིད་ཀྱིས། སྔོན་མར་ལུང་སྟོན་རྣམས་ཀྱི་བརྒྱུད། ཁོང་གི་སྲས་མཆོག་ཡེ་ཤུའི་སྐོར། འདི་སྐད་གསལ་བསྒྲགས་གནང་བ་ཡིན། ༼མཉམ།༽ ༡ གཙོ་བོས་ཐོག་མར་ས་གཞི་བཀོད། གནམ་རྣམས་ཕྱག་གིས་མཛད། ཁྱེད་ཀྱི་རྒྱལ་ཁྲི་རྟག་ཏུ་གནས། དྲང་པོའི་དབང་ཆ་ཡོད། ༢ དྲང་པོར་བྱམས་ཀྱང་ངན་པར་སྡང་། དེའི་ཕྱིར་དཀོན་མཆོག་གིས། གྲོགས་པོ་རྣམས་ལས་ལྷག་པར་ཁྱེད་ལ། དགའ་སྤྲོའི་སྣུམ་གྱིས་བྱུགས། ༣ ཁྱེད་ནི་བདག་གི་སྲས་ཡིན་ཞིང་། དེ་རིང་ང་ལས་འཁྲུངས། ང་ནི་དེ་ཡི་ཡབ་ཡིན་ཞིང་། དེ་ངའི་སྲས་སུ་འགྱུར།། ༄༅།། ས་བཅད་གཉིས་པ།
Hebrews 1:5, 8-10
100
-
༼ཀློག་པ་པོ།༽ ཡེ་ཤུ་དཀོན་མཆོག་གི་སྲས་ཡིན། དེའི་སྐོར་སྐུ་ཚབ་པའུ་ལུ་ཡིས། འདི་ལྟར་འཕྲིན་ཡིག་བྲིས་པ་ཡིན། ༼མཉམ།༽ ༡ མཐོང་དུ་མེད་པའི་དཀོན་མཆོག་གི འདྲ་དབྱིབས་ཡིན་པའི་མཱ་ཤི་ཀ གཙོ་བོ་སྐྱབས་མགོན་ཡེ་ཤུ་ཡིན། ༢ གནམ་ས་གཉིས་ལ་ཡོད་པ་ཀུན། མིག་གིས་མཐོང་དང་མི་མཐོང་བ། ཡེ་ཤུའི་སྒོ་ནས་བྱུང་བ་ཡིན། ༣ སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀ བཀོད་པ་ཡོངས་ཀྱི་སྔོན་འཁྲུངས་སོ། ཁོང་ལ་བརྟེན་ནས་ཐམས་ཅད་གནས། ༤ སྐུ་ལུས་ཡིན་པའི་ཆོས་ཚོགས་ཀྱི། ཁོང་ནི་དབུ་དང་འབྱུང་ཁུངས་ཡིན། ཁོང་ནི་དབུ་དང་འབྱུང་ཁུངས་ཡིན། ༥ ཤི་བའི་དབང་ལས་རྒྱལ་བ་ཡིན། ཁོང་ནི་ཀུན་ལས་བླ་མེད་མཆོག རྣམ་པ་ཀུན་ལས་བླ་མེད་མཆོག ༦ ཡེ་ཤུ་དཀོན་མཆོག་གི་སྲས་ཡིན། ཁོང་གི་ནང་དུ་དཀོན་མཆོག་ཉིད། རབ་ཏུ་ཚང་བར་བཞུགས་པ་ཡིན། ༧ ཁོང་གི་སྐུ་ཁྲག་བརྒྱུད་ནས་ནི། གནམ་ས་གཉིས་སུ་ཡོད་པ་ཀུན། ཁོང་དང་སྡུམ་པར་རབ་ཏུ་དགྱེས། ༨ མཐོང་དུ་མེད་པའི་དཀོན་མཆོག་གི འདྲ་དབྱིབས་ཡིན་པའི་མཱ་ཤི་ཀ གཙོ་བོ་སྐྱབས་མགོན་ཡེ་ཤུ་ཡིན།།
Colossians 1:14-20
-
༡ སྐྱབས་མགོན་གཙོ་བོ་ཡེ་ཤུ་ནི། ཀུན་དབང་གི་དཀོན་མཆོག་ཡིན་ན་ཡང་། འཇིག་རྟེན་མི་ཡི་རྣམ་པ་བཟུང་། ༢ ཕལ་བའི་རྣམ་འགྱུར་བཟུང་བས་ན། དཀོན་མཆོག་ཉིད་ཀྱི་བཀའ་ལུང་བཞིན། རྒྱངས་ཤིང་དེ་ཡི་ཁ་ལ་གྲོངས། ༣ དེ་འདྲ་ཡིན་ཙང་དཀོན་མཆོག་གིས། ཀུན་ལས་མཐོ་བའི་གནས་སུ་དྲངས། ཀུན་ལས་འཕགས་པའི་མཚན་ཡང་གནང་། ༤ ས་འོག་ས་སྟེང་ས་བླ་གསུམ། ཡེ་ཤུ་ཁོང་གི་ཞབས་དྲུང་དུ། པུས་མོ་བཙུགས་ནས་ཕྱག་འཚལ་བྱེད། ༥ དཀོན་མཆོག་ཡབ་ལ་བསྟོད་པའི་ཕྱིར། ཀུན་གྱི་ངག་ལས་མཱ་ཤི་ཀར། གཙོ་བོ་ལགས་ཞེས་ཁས་ལེན་བརྗོད། ༦ སྐྱབས་མགོན་ཡེ་ཤུ་ཁྱེད་རང་ལ། ང་ཚོས་པུས་མོ་སར་བཙུགས་ནས། ཁྱེད་ནི་གཙོ་བོ་ཡིན་ཞེས་ཞུ།།
Philippians 2:6-11
-
༼ཀློག་པ་པོ།༽ སེམས་ནས་སྐྱབས་མགོན་ཡེ་ཤུ་ལ། དད་ན་ཐར་པ་ཐོབ་ངེས་རེད།། དེའི་སྐོར་གསལ་པོར་རྟོགས་པའི་ཕྱིར། ཚིག་བཅད་འདི་རྣམས་ཀློགས་རོགས་གནང་།། ༼མཉམ།༽ ༡ སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི། དཀོན་མཆོག་ཡབ་ལ་བསྟོད་པར་ཤོག སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི། དཀོན་མཆོག་ཡབ་ལ་བསྟོད་པར་ཤོག ༢ མཱ་ཤི་ཀའི་ངང་དཀོན་མཆོག་གིས། ང་ཚོ་དམ་པར་འགྱུར་བའི་ཕྱིར། འཇིག་རྟེན་མ་བཀོད་སྔོན་རོལ་དུ། མཱ་ཤི་ཀ་ལ་ང་ཚོ་བདམས། ༣ ཉིད་ཀྱི་བྱམས་བརྩེའི་དགོངས་པ་བཞིན། ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས། ཁོང་གི་སྲས་སུ་རང་ཅག་ལ། འགྱུར་བར་གདོད་ནས་ཐུགས་ཐག་བཅད། ༤ དཔག་ཏུ་མེད་པའི་ཐུགས་རྗེ་ཡི། ཡེ་ཤུའི་སྐུ་ཁྲག་གི་སྒོ་ནས། ཐར་པ་ང་ཚོ་ལ་གནང་བས། སྡིག་ཉེས་ཐམས་ཅད་སེལ་བར་མཛད། ༥ སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི། དཀོན་མཆོག་ཡབ་ལ་བསྟོད་པར་ཤོག སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀའི། དཀོན་མཆོག་ཡབ་ལ་བསྟོད་པར་ཤོག ༦ བསྐལ་པ་ཡོངས་སུ་རྫོགས་འགྱུར་ཏེ། གནམ་ས་གཉིས་ནང་གནས་པ་ཀུན། མཱ་ཤི་ཀ་ཡི་དབང་ལ་བསྡུ། ཉིད་ཀྱི་དགོངས་པ་སྒྲུབ་པར་འགྱུར། ༧ ཐར་པའི་འཕྲིན་བཟང་བདེན་པའི་བཀའ། ཐོས་ནས་དད་པ་ཁྱེད་རྣམས་ལའང་། ཞལ་གྱིས་བཞེས་པའི་ཐུགས་ཉིད་ཀྱི། ཕྱག་རྒྱ་བཏབ་པར་མཛད་པའོ། ༨ དེ་ནི་ཐར་པའི་རེ་བ་དེ། ང་ཚོར་ཐོབ་པའི་གཏེ་མ་ཡིན། དཀོན་མཆོག་དཔལ་ལ་བསྟོད་པར་ཤོག དཀོན་མཆོག་དཔལ་ལ་བསྟོད་པར་ཤོག །
Ephesians 1:3-14