Songs
Resources for the songs
Celebration & SeasonsChildrenChristian LifeChristmasDanceEasterFaithFeaturedFolk SongFuneral and DeathGod FatherHopeInstrumentalJesus ChristKhammaps-no-listMarriageMission biographyMusicNewPrayerSalvationScriptureSongWorship
Amdo TibetanBuryatCentral TibetanChineseChinese PinyinDolpoDzongka Roman ScriptDzongkhaEnglishHindiHyolmoInner MongolianInstrumentalKham TibetanKhengkhaKoreanLepchaLhomiLowaLowa Roman ScriptMongolianNaabaNepaliNepali Roman ScriptNubriSekeSherpaSherpa Roman ScriptSikkimeseSpanishTibetanTibetan Roman ScriptTshangla
-
ང་ཡི་དཀོན་མཆོག་ངས་ཁྱེད་ལ་བསྟོད། ང་རང་སེམས་གཏིང་ནས་ཁྱེད་ལ་དགའ། ཁྱེད་ཀྱི་བཞུགས་ཁྲི་མདུན་དུ། ངས་ཁྱེད་ཀྱི་བཀའ་དྲིན་དྲན་བྱུང་། ང་ཡིས་སེམས་ནས་ཁྱེད་ལ་བསྟོད་པ་འབུལ། ཁྱེད་ནི་ངའི་ཡིད་སེམས་ཀྱི་འདོད་མོས། ཁྱེད་ནི་ངའི་དགའ་སྤྲོ་ཁོ་ན་ཡིན། ཁྱེད་ཀྱི་བཞུགས་ཁྲི་མདུན་དུ། ངས་ཁྱེད་ཀྱི་བཀའ་དྲིན་དྲན་བྱུང་། ང་ཡི་དཀོན་མཆོག་ངས་ཁྱེད་ལ་བསྟོད།།
Oh My God I Worship You
150, 104
-
ང་ཚོས་རྒྱལ་ཁྲིའི་དྲུང་དུ་འཛོམས་སོང་། མཉམ་དུ་གཙོ་བོ་ལ་བསྟོད་དབྱངས་ཕུལ། དཀོན་མཆོག་གི་བྱམས་པས་ཁོང་གི་སྲས་ཡེ་ཤུ་གནང་བྱུང་། ཁོང་གི་སྐུ་ཁྲག་གིས་སྡིག་སེལ་གནང་སོང་། རྒྱངས་ཤིང་ཁ་རུ་གནང་བའི་བྱམས་པོ་དེས། གཙང་པོ་ནང་བཞིན་ས་གཞི་ཀུན་དུ་རྒྱུག མི་བརྒྱུད་དང་སྡེ་དང་མི་རིགས་སྐད་རིགས་ཐམས་ཅད། ཐར་པ་ཐོབ་ནས་གཙོ་བོ་ལ་བསྟོད་དབྱངས་ཕུལ། ཐར་པ་ནི་རྒྱལ་ཁྲིར་བཞུགས་པའི། ང་ཚོའི་དཀོན་མཆོག་དང་ཡེ་ཤུ་ནས་བྱུང་ངོ་། ཐར་པ་ནི་རྒྱལ་ཁྲིར་བཞུགས་པའི། ང་ཚོའི་དཀོན་མཆོག་དང་ཡེ་ཤུ་ནས་བྱུང་ངོ་།།
Korean-Tibetan Book
148
-
དྲི་༡། ང་ཚོའི་ཐར་ལམ་གང་ཡིན་ནམ། ང་ཚོའི་སྐྱབས་མགོན་སུ་ཡིན་ནམ། རེ་བའི་མི་ཚེ་གང་ནས་ཡོང་། ཁྱེད་ཀྱིས་ང་ལ་་་་གསུངས་དང་། ལེན་༡། སྡིག་པ་རྣམས་ནས་ཐར་ལམ། སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡིན། ཐར་པའི་དགའ་སྤྲོ་ཐོབ་པའི་ཆེད། ཁོང་ལ་དད་པ་་་་བྱེད་དང་། དྲི་༢། ང་ཚོའི་ཞི་བདེ་གང་ནས་ཡོང་། ང་ཚོའི་རྒྱལ་པོ་སུ་ཡིན་ནམ། རེ་བའི་མི་ཚེ་གང་ནས་ཡོང་། ཁྱེད་ཀྱིས་ང་ལ་་་་གསུངས་དང་། ལེན་༢། ང་ཚོའི་ཞི་བདེའི་རྒྱལ་པོ། སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡིན། ཐར་པའི་དགའ་སྤྲོ་ཐོབ་པའི་ཆེད། ཁོང་ལ་དད་པ་་་་བྱེད་དང་། དྲི་༣། ང་ཚོའི་སེམས་ཤུགས་གང་ནས་ཡོང་། ང་ཚོའི་རོགས་པ་སུ་ཡིན་ནམ། རེ་བའི་མི་ཚེ་གང་ནས་ཡོང་། ཁྱེད་ཀྱིས་ང་ལ་་་་གསུངས་དང་། ལེན་༣། སེམས་ཤུགས་གནང་བའི་རོགས་པ། སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡིན། ཐར་པའི་དགའ་སྤྲོ་ཐོབ་པའི་ཆེད། ཁོང་ལ་དད་པ་་་་བྱེད་དང་།། ༣
Ngantso Tarlam
147
-
༡ ང་ཚོའི་སྐྱབས་མགོན་ཡ་ཧོ་ཝཱ། ང་ཚོའི་སྨོན་ལམ་གསན་རོགས་གནང་། ང་ཚོའི་སྐྱབས་མགོན་ཡ་ཧོ་ཝཱ། ང་ཚོའི་སྨོན་ལམ་གསན་རོགས་གནང་། ང་ཚོའི་མི་རིགས་ཀྱི་བསགས་པའི་སྡིག་པ་རྣམས། གངས་དཀར་བཞིན་དུ་གཙང་མ་བཟོ་རོགས་གནང་། ཉི་མ་ཤར་བ་ལྟར་ང་ཚོའི་མི་རིགས་ལ། ཁྱེད་ཀྱི་དམ་པའི་འོད་འཕྲོ་བར་ཤོག ངས་སྨོན་ལམ་ཞུ་གི་ཡིན། ཁྱེད་ལ་ཞུ་གི་ཡིན། ཁྱེད་ཀྱི་རྒྱལ་སྲིད་ངའི་ཕ་ཡུལ་ལ་མ་ཡོང་བའི་བར་དུ། ངས་སྨོན་ལམ་ཞུ་གི་ཡིན། ཁྱེད་ལ་ཞུ་གི་ཡིན། ཁྱེད་ཀྱི་ཞི་བདེ་ངའི་ཕ་ཡུལ་ལ་མ་ཡོང་བའི་བར་དུ། ༢ ང་ཚོའི་སྐྱབས་མགོན་ཡ་ཧོ་ཝཱ། ང་ཚོའི་སྨོན་ལམ་གསན་རོགས་གནང་། ང་ཚོའི་སྐྱབས་མགོན་ཡ་ཧོ་ཝཱ། ང་ཚོའི་སྨོན་ལམ་གསན་རོགས་གནང་། དཔྱིད་ཀའི་མེ་ཏོག་ལྟར་ང་ཚོའི་ཕ་ཡུལ་ལ། ཁྱེད་ཀྱི་རེ་བའི་འཆར་གཞི་གནང་བར་ཤོག ནམ་མཁའི་གོ་བོ་ལྟར་ང་ཡི་སེམས་ལ། ཁྱེད་ཀྱི་སྟོབས་ཤུགས་གནང་བར་ཤོག ངས་སྨོན་ལམ་ཞུ་གི་ཡིན། ཁྱེད་ལ་ཞུ་གི་ཡིན། ཁྱེད་ཀྱི་རྒྱལ་སྲིད་ངའི་ཕ་ཡུལ་ལ་མ་ཡོང་བའི་བར་དུ། ངས་སྨོན་ལམ་ཞུ་གི་ཡིན། ཁྱེད་ལ་ཞུ་གི་ཡིན། ཁྱེད་ཀྱི་ཞི་བདེ་ངའི་ཕ་ཡུལ་ལ་མ་ཡོང་བའི་བར་དུ།།
Hear Our Prayer
146
-
༡ ང་ཚོ་ཨ་མའི་ཁོག་པའི་ནང་ཡོད་དུས། དཀོན་མཆོག་གིས་ང་ཚོའི་ལུས་ངག་ཡིད་གསུམ་བསྐྲུན། ཁོང་གིས་ཡ་མཚན་སྒོ་ནས་ང་ཚོ་མཛད། ཁོང་གིས་ང་ཚོ་མཁྱེན། ཁོང་གིས་ཐམས་ཅད་གཟིགས། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན། ༢ ཁྱེད་ཀྱི་ཡབ་ཆེན་ཡ་ཧོ་ཝཱ་རེད། ང་ཡི་ཡབ་ཆེན་ཡ་ཧོ་ཝཱ་ཡིན། ང་ཚོ་ཚང་མ་དཀོན་མཆོག་གི་བུ་ཕྲུག་ཡིན། གཅིག་སེམས་གཅིག་ལ་འབྲེལ། གཅིག་བློ་གཅིག་ལ་མཐུན། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན། ༣ ང་ཚོའི་སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡིན། ང་ཚོ་སྐྱོབ་མཁན་ཁོང་ཉིད་གཅིག་པུ་ཡིན། ཁོང་གིས་རང་སྲོག་ང་ཚོའི་དོན་ལ་གནང་། ཐུགས་ཉིད་གཅིག་གི་ནང་། ཚང་མ་ལྷན་དུ་སྦྲེལ། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན། ༤ སྤུན་ཟླ་ཚང་མས་ཁོང་གི་བཀའ་གསུང་ལྟར། ཕན་ཚུན་བྱམས་པས་བསྲུང་ཞིང་གཅེས་ན། འཇིག་རྟེན་མི་ཡིས་ང་ཚོ་ཚང་མ་ནི། ཁོང་གི་རྗེས་འབྲང་བ། ཡིན་པ་ཤེས་པར་འགྱུར། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན།། ༢
Knit Together
145
-
ང་ཚོ་ཚང་མ་འདི་རུ་འཛོམས་འཛོམས་ནས། འགྲོ་འགྲོ་འོད་ཀྱི་ནང་དུ་འགྲོ། ང་ཚོ་ཚང་མ་འདི་རུ་འཛོམས་འཛོམས་ནས། འགྲོ་འགྲོ་འོད་ཀྱི་ནང་དུ་འགྲོ། འགྲོ་འགྲོ་འགྲོ་འོད་ཀྱི་ནང་དུ་འགྲོ། འགྲོ་འགྲོ་འགྲོ་འོད་ཀྱི་ནང་དུ་འགྲོ། འགྲོ་འགྲོ་འགྲོ་འོད་ཀྱི་ནང་དུ་འགྲོ། དཀོན་མཆོག་གི་འོད་ཀྱི་ནང་དུ་འགྲོ།།
Walk, Walk in the Light
144
-
ང་ནི་ཡ་མཚན་སྒོ་ནས་མཛད་ཅིང་། ཁྱེད་ཀྱང་ཡ་མཚན་སྒོ་ནས་མཛད་པ་ཡིན། དཀོན་མཆོག་གིས་ང་ཚོ་ཁྱད་པར་ཅན་དུ་མཛད། ང་ཚོ་ཡ་མཚན་སྒོ་ནས་མཛད་པ་ཡིན།།
I’m so Wonderfully Made
141
-
༡ ང་ནི་ཁྱེད་ཚོའི་དཀོན་མཆོག་ཡིན་ལ།། ཁྱེད་ཚོར་དཀོན་མཆོག་གཞན་མི་དགོས།། དཀོན་མཆོག་གཅིག་པུ་དེ་ང་ཡིན།། ང་རང་གཙོ་བོ་པཱ་ལགས་དེ་ཡིན།། ཡ་རེ་ལོ། ཞང་ཡ་རེ་ལོ།། ང་རང་གཙོ་བོ་ཡབ་ཆེན། ཡབ་ཆེན་དེ་ཡིན།། ༢ ཁྱེད་ཚོས་ལྷ་སྐུ་གཟུགས་བརྙན་དེ་ཚོར།། ལུས་ངག་ཡིད་གསུམ་གྱིས་ཕྱག་མ་འཚལ།། བསྟོད་དབྱངས་སྨོན་ལམ་ཁོང་ལ་ཐོབས་དང་།། ཁོང་ང་ཚོའི་དྲིན་ཆེན་པཱ་ལགས་ཡིན།། ཡ་རེ་ལོ། ཞང་ཡ་རེ་ལོ།། ཁོང་ང་ཚོའི་དྲིན་ཆེན་ཡབ་ཆེན། ཡབ་ཆེན་དེ་ཡིན།། ༣ ཁྱེད་ཀྱིས་སྐྱབས་མགོན་གསུང་ལ་ཉོན་དང་།། ཁྱེད་དཀོན་མཆོག་ཐུགས་ཉིད་དབང་ཐོབ་ནས།། དུས་དང་རྣམ་པ་ཀུན་ཏུ་ཁྱེད་ལ།། བྱིན་རླབས་གནང་མཁན་ཡབ་ཆེན་དེ་རེད།། ཡ་རེ་ལོ། ཞང་ཡ་རེ་ལོ།། བྱིན་རླབས་གནང་མཁན་ཡབ་ཆེན་དེ་ཡིན། ཡབ་ཆེན་དེ་ཡིན།། ༢
He is the Father
140
-
༡ ང་ནི་ཁྱེད་ཀྱི་པཱ་ལགས་ཡིན། ༢ གལ་སྲིད་ཁྱེད་ཀྱི་ཕ་མས་ཁྱེད་རང་གཡུག་ནའང་། ངས་ཁྱེད་རང་གཡུག་གི་མིན། ང་ནི་ཁྱེད་ཀྱི་པཱ་ལགས་ཡིན། ༢ ང་ནི་ཁྱེད་ཀྱི་པཱ་ལགས་ཡིན། ༢ ཁྱེད་ནང་དུ་ལོག་ཤོག ངས་ཁྱེད་ལ་སྒུག་བསྡད་ཡོད། ངས་ཁྱེད་རང་གཡུག་གི་མིན། ང་ནི་ཁྱེད་ཀྱི་པཱ་ལགས་ཡིན།། ༣
I am your Father
139
-
ང་ནི་ཁྱེད་ཀྱི་དཀོན་མཆོག་ཡིན། ནམ་ཡང་གཉིད་དུ་མི་ཡུར་བའི་དཀོན་མཆོག་ཡིན། ངས་བྱམས་པའི་མིག་ཟུང་གིས་ཁྱེད་ལ་གཟིགས། ངས་བྱམས་པའི་མིག་ཟུང་གིས་ཁྱེད་ལ་གཟིགས། ༢ ངས་མིག་ཆུ་ཐིགས་པ་རེ་ལ་གཟིགས་ཤིང་ཡོད་ཚད་རྟོགས། ངའི་བྱམས་པ་དུས་ནམ་ཡང་ཁྱེད་དང་མཉམ་དུ་བཞུགས།།
The Eyes of Love
138
-
༡ ང་ཅི་ལྟར་ཡོད་བཞིན་ཡོང་གི་ཡོད། ཁྱེད་ང་ཡི་དོན་ལ་གྲོངས་པ་ཡིན། ཁྱེད་ཀྱིས་ང་ལ་ཤོག་གསུང་གི་འདུག (གཙོ་བོ་ཡེ་ཤུ་ང་ཡོང་གི་ཡོད།) གཙོ་བོ་ང་ཡོང་གི་ཡོད༎ ༢ ང་ཅི་ལྟར་ཡོད་བཞིན་ཡོང་གི་ཡོད། ངའི་སྡིག་པ་ཐམས་ཅད་སེལ་རོགས་གནང་། ཁྱེད་གྲོངས་ནས་ང་བླུས་པ་ཡིན་པས། (གཙོ་བོ་ཡེ་ཤུ་ང་ཡོང་གི་ཡོད།) གཙོ་བོ་ང་ཡོང་གི་ཡོད༎ ༣ ང་ཅི་ལྟར་ཡོད་བཞིན་ཡོང་གི་ཡོད། ངའི་ཐེ་ཚོམ་དང་སྡིག་པ་ཚང་མ། སྐྱིད་སྡུག་དང་འཇིགས་པ་ཀུན་ཁྱེར་ནས། (གཙོ་བོ་ཡེ་ཤུ་ང་ཡོང་གི་ཡོད།) གཙོ་བོ་ང་ཡོང་གི་ཡོད༎ ༤ ང་ཅི་ལྟར་ཡོད་བཞིན་ཡོང་གི་ཡོད། ང་དབུལ་པོ་ཉམས་ཆུང་ལོང་བ་ཡིན། ཁྱེད་ཀྱིས་ངའི་སྡིག་པ་སེལ་རོགས་གནང་། (གཙོ་བོ་ཡེ་ཤུ་ང་ཡོང་གི་ཡོད།) གཙོ་བོ་ང་ཡོང་གི་ཡོད༎ ༥ ང་ཅི་ལྟར་ཡོད་བཞིན་ཡོང་གི་ཡོད། ཁྱེད་ཀྱིས་ངའི་སྡིག་པ་བསལ་བ་ཡིན། ཁྱེད་ཀྱི་བཀའ་ལ་དད་པ་བྱེད་ཅིང་། (གཙོ་བོ་ཡེ་ཤུ་ང་ཡོང་གི་ཡོད།) གཙོ་བོ་ང་ཡོང་གི་ཡོད༎ ༦ ང་ཅི་ལྟར་ཡོད་བཞིན་ཡོང་གི་ཡོད། ཁྱེད་ཀྱི་བྱམས་པའི་དབང་ང་ཐར་ཡོད། ད་ང་གཙོ་བོ་ཁྱེད་རང་གི་ཡིན། (གཙོ་བོ་ཡེ་ཤུ་ང་ཡོང་གི་ཡོད།) གཙོ་བོ་ང་ཡོང་གི་ཡོད༎
Just As I Am
137
-
༡ འགྲོ། འགྲོ། འགྲོ། གསུང་རབ་བཤད་དུ་འགྲོ། ༣ ཕ་མ་སྤུན་ཀྱག་ཚོ་ལ། གཅོ་བོ་ཡེ་ཤུ་སུ་རེད། ལ་ནི་ཐར་པ་གནང་མཁན་སུ་རེད། ཧ་གོ་གི་མ་རེད། ཧ་གོ་གི་མ་རེད། ༢ འགྲོ། འགྲོ། འགྲོ། གསུང་རབ་བཤད་དུ་འགྲོ། ༣ བདག་གི་ཁྱིམ་མཚེས་ཚོ་ལ། གཅོ་བོ་ཡེ་ཤུ་སུ་རེད། ལ་ནི་ཕྱི་མ་ལམ་དེ་སུ་རེད། ཧ་གོ་གི་མ་རེད། ཧ་གོ་གི་མ་རེད། ༣ འགྲོ། འགྲོ། འགྲོ། གསུང་རབ་བཤད་དུ་འགྲོ། ༣ གྲོགས་པོ་གྲོགས་མ་ཚོ་ལ། གཅོ་བོ་ཡེ་ཤུ་སུ་རེད། ལ་ནི་སེམས་ཤུགས་གནང་མཁན་སུ་རེད། ཧ་གོ་གི་མ་རེད། འགྲོ། འགྲོ། འགྲོ། གསུང་རབ་བཤད་དུ་འགྲོ། ༣
Go While Singing
136