• ཨ་ཧ་ནམ་མཁའི་བཞུགས་ཁྲི་སྟེང་ལ། ཡབ་དང་སྲས་དང་དམ་པའི་ཐུགས་ཉིད་ཡོད། ལ་ནི་ང་ཚོས་ཁྱེད་ལ་བསྟོད་བསྔགས་ཏེ། ཁྱེད་ཀྱི་བཞུགས་ཁྲིའི་ཀ་བར་འགྱུར་བར་ཤོག ཨ་ཧ་ཁྱེད་རང་གི་འོད་ཟེར་ཆེན་པོ་དེ། ལ་ནི་ཁྱེད་རང་གི་གཟི་བརྗིད་ལ་བལྟས་ནས། ཨ་ཧ་ཕོ་ཉ་ཡི་ཚོགས་མཉམ་འཛོམས་པ་དང་། ལ་ནི་དམ་པའི་མཚན་དེ་ལ་བསྟོད་དབྱངས་འབུལ། ཞུས་ནས། གཙོ་བོ་ནི་དམ་པ་དམ་པ་དམ་པ་ཡིན། ༢ ཡབ་ཆེན་ནི་དམ་པ་དམ་པ་དམ་པ་ཡིན། ༢ ཡེ་ཤུ་ནི་དམ་པ་དམ་པ་དམ་པ་ཡིན། ༢ ཐུགས་ཉིད་ནི་དམ་པ་དམ་པ་དམ་པ་ཡིན། ༢

    Let Our Praise to You Be as Incense

  • ༡ ཧོ་ཟན་ནཱ། ཧོ་ཟན་ནཱ། བླ་མེད་དཀོན་མཆོག་ལ་ཧོ་ཟན་ནཱ། ༢ ངའི་སེམས་ལ་བསྟོད་པ་ཡོད། ཡེ་ཤུའི་མཚན་མཐོ་ཤོས་རེད། ངེད་ཀྱི་གཙོ་བོ་ཡ་ཧོ་ཝ་ལ། བླ་མེད་དཀོན་མཆོག་ལ་ཧོ་ཟན་ནཱ། ༢ བསྟོད་པར་ཤོག བསྟོད་པར་ཤོག རྒྱལ་པོའི་རྒྱལ་པོ་ལ་བསྟོད་པར་ཤོག ༢ ངའི་སེམས་ལ་བསྟོད་པ་ཡོད། ཡེ་ཤུའི་མཚན་མཐོ་ཤོས་རེད། ངེད་ཀྱི་གཙོ་བོ་ཡ་ཧོ་ཝ་ལ། རྒྱལ་པོའི་རྒྱལ་པོ་ལ་བསྟོད་པར་ཤོག

    Hosanna, Hosanna!

    90, 44

  • སོའོ། གཙོ་བོ་སྐྱབས་མགོན་ཡེ་ཤུ་ལ། སོའོ། ཉིད་ཀྱི་འཁྲུངས་སྐར་དུས་ཆེན་ལ། བདེ་སྐྱིད་ལྡན་པའི་ཉི་མ། སྤུན་ཟླ་རྣམས་ལ་ཤར། བཀྲ་ཤིས་བདེ་ལེགས་ཡོང་དུས། དགའ་སྤྲོའི་གླུ་དབྱངས་ལེན།

    O Saviour Lord Jesus

  • (ཕོ) ས་གཞི་འདི་ཐམས་ཅད། (མོ) ངའི་དཀོན་མཆོག་གི་རེད། (ཕོ) དེའི་ནང་ཡོད་པ་ཀུན། (མོ) ངའི་དཀོན་མཆོག་གི་རེད། (ཕོ) ས་གཞི་འདི་ཐམས་ཅད། (མོ) ངའི་དཀོན་མཆོག་གི་རེད། (མཉམ) ཁོང་གི་གཟི་བརྗིད་ཀྱི་དོན་ལ་བཀོད་པ་རེད། (ཕོ) གངས་རི་དང་ལུང་པ། (མོ) རྒྱ་མཚོ་དང་གླིང་ཕྲན། (ཕོ) གྲོང་ཁྱེར་དང་མི་སྡེ། (མོ) རྩྭ་ཐང་དང་སེམས་ཅན། (ཕོ) དངོས་པོ་ཚང་མ་ནི། (མོ) ངའི་དཀོན་མཆོག་གི་རེད། (མཉམ) མི་ཐམས་ཅད་ཀྱིས་ཁོང་ལ་བསྟོད་པར་ཤོག

    The Earth is the Lord’s

  • ༡ གཙོ་བོ་ཡེ་ཤུའི་འོད་ཟེར་འཕྲོ་བཞིན་འདུག ཁྱེད་ཀྱི་འོད་མུན་པའི་ནང་དུ་འཕྲོ་བཞིན་འདུག ཡེ་ཤུ་ཁྱེད་རང་གི་བྱམས་པ་དེ་གནང་རོགས་ཞུ། ཁྱེད་རང་གི་བདེན་པ་ཉིད་ཀྱིས་ཐར་པ་སྟོན་རོགས་གནང་། ཀྱེ། གཙོ་བོ། ང་ལ་ཤར། ཤར་ཡེ་ཤུ་ཤར། ཡབ་ཆེན་གྱི་གཟི་བརྗིད། མངོན་པར་བསྟོད་ཅིག ཐུགས་ཉིད་ཀྱི་མེས། སེམས་ཁམས་འདིར་ཁེངས་ཤོག བྱིན་རླབས་ཀྱི་ཆུས། མི་རིགས་ཐམས་ཅད་ལ། ཁྲུས་གསོལ་གནང་ཤོག གཙོ་བོའི་བཀའ་དེས། འཇིག་རྟེན་འདི་བསྒྱུར་བར་ཤོག ༢ སྐྱབས་མགོན་ཁྱེད་རང་ལ་སྨོན་ལམ་ཞུས་ནས། མུན་ནག་ནས་ཁྱེད་རང་གི་འོད་ཟེར་ལ་ཡོང་བཞིན་ཡོད། སྐུ་ཁྲག་གི་དབང་གིས་ཁྱེད་ཀྱི་དྲུང་དུ་མཇལ་ན་ཆོག ཉམས་སད་ལས་ཐར་བ་དང་། བློའི་མུན་པ་བསལ་བར་མཛོད། ཀྱེ། གཙོ་བོ། ང་ལ་ཤར། ༣ གཙོ་བོ་ཡབ་ཆེན་གྱི་བཀའ་དང་ནུས་ཤུགས་ཀྱིས། ང་ཚོའི་མི་རྒྱུད་ནི་རིམ་པ་ནས་རིམ་པར་འགྱུར། ཡེ་ཤུའི་མཚན་ལ་དད་པ་བྱེད་མཁན་བདེ་ལ་བཀོད། གཙོ་བོའི་འཕྲིན་བཟང་དེར་ཐམས་ཅད་ཀྱིས་བསྟོད་པར་ཤོག ཀྱེ། གཙོ་བོ། ང་ལ་ཤར།

    Shine, Jesus, Shine

  • ༡ ལོངས་ཤིག་ལོངས་ཤིག་དམག་མི་རྣམས། ཤིང་རྒྱ་གྲམ་རྒྱབ་ཏུ་འཁུར། ཁོང་གི་རྒྱལ་མཚན་ཡར་འཕྱར་ཏེ། དེ་ཉིད་གནོད་པ་ལས་སྲུངས། ཁོང་དགྲ་ལས་རྣམ་པར་རྒྱལ་ཏེ། རང་གི་དམག་མི་རྣམས་ཁྲིད་ནས། དགྲ་བོ་རྣམས་ཕམ་པར་བརྒྱབ་སྟེ། མཱ་ཤི་ཀ་གཙོ་བོར་འགྱུར། ༢ ལོངས་ཤིག་ལོངས་ཤིག་དམག་མི་རྣམས། དམག་དུང་གི་སྐད་ལ་ཉོན། དམག་དཔུང་གི་ཁྲོད་དུ་ཞུགས་ནས། དགྲ་རྣམས་ཕམ་པར་བྱེད་དགོས། མི་ཡི་རིགས་སུ་གྱུར་བ་རྣམས། དགྲའི་ཚོགས་ལ་དམག་སྣ་དྲོངས། བར་ཆད་བྱུང་ཡང་སྤོབས་པ་སྐྱེད། དགྲ་རྣམས་ཟིལ་གྱིས་ནོན་ཞིག ༣ ལོངས་ཤིག་ལོངས་ཤིག་དམག་མི་རྣམས། ཁོང་གི་ནུས་པར་བརྟེན་དགོས། ཤའི་དམག་ཆས་རྒྱལ་ཁ་མི་ལོན། རང་སྟོབས་ལ་བརྟེན་མི་ནུས། འཕྲིན་བཟང་གི་གོ་ཁྲབ་གྱོན་ཞིག སེམས་མ་གཡེངས་པར་སྨོན་ལམ་ཐོབས། ཉེན་ཁ་ག་ཚོད་ཡོད་ན་ཡང་། དེ་ནས་ཁ་མ་འབྲལ་ཞིག ༤ ལོངས་ཤིག་ལོངས་ཤིག་དམག་མི་རྣམས། དམག་འཁྲུག་ཡུན་རིང་མི་གནས། དེ་རིང་དམག་གི་འུར་སྒྲ་ཡོད། སང་ཉིན་རྒྱལ་ཁའི་གླུ་བླང་ཡོང་། སུ་ཡང་རྒྱལ་བར་གྱུར་ན་ནི། ཚེ་ཡི་ཅོད་པན་འཐོབ་ཡོང་། ཁོང་བཀྲ་ཤིས་པའི་རྒྱལ་པོ་ཡིན། རྟག་ཏུ་རྒྱལ་སྲིད་བཟུང་བར་འགྱུར།

    Stand Up, Stand Up for Jesus

  • ༡ རང་སྲོག་སྐྱོབ་མཁན་དེས། རང་སྲོག་བརླག་པར་འགྱུར། ངའི་དོན་དུ་རང་སྲོག་འདོར་མཁན་དེ། རང་སྲོག་སྐྱོབ་པར་འགྱུར། ངའི་རྗེས་སུ་འབྲང་བར། འདོད་པ་ཡོད་ན། བདག་འཛིན་སྤོངས་ལ་རང་གི ཤིང་རྒྱ་གྲམ་འཁུར་ལ་ཤོག ༢ ཆེན་པོར་འགྱུར་འདོད་པ་དེ། ཞབས་ཕྱི་རུ་འགྱུར་དགོས་ཤིང་། དང་པོར་འགྱུར་འདོད་པ་དེ་ནི། ཀུན་གྱི་གཡོག་པོ་ཡིན། ངའི་རྗེས་སུ་འབྲང་བར། འདོད་པ་ཡོད་ན། བདག་འཛིན་སྤོངས་ལ་རང་གི ཤིང་རྒྱ་གྲམ་འཁུར་ལ་ཤོག ༣ མཱ་ཤི་ཀ་ནི་འཇིག་རྟེན་ལ། ཞབས་ཕྱི་ཐོབ་པར་མིན་ཏེ། ཞབས་ཕྱི་སྒྲུབ་ཅིང་མང་པོའི་ཚབ་ལ། རང་སྲོག་ཕུལ་བར་ཕེབས་བྱུང་།

    He Who Saves His Life

  • ༡ རི་དེར་ཡར་ལ་འགོས་ནས། ཨ་ཧ་ལ། ཨ་ཞང་པ་སངས་དང་ཐུག་བྱུང་ཧ་ལེ་ལོའུ་ཡཱ། ཡེ་ཤུ་ལ་དད་པ་ཡོད་པས། ཁོང་ཉིད་དེ་ན་བཞུགས་ཡོད། ཨ་ཧ་ཨ་ཧ། ཧ་ལེ་ལོའུ་ཡཱ། ཨ་ཧ་ཨ་ཧ། སྐྱབས་མགོན་ཡེ་ཤུ་བཞུགས་ཡོད། ༢ གྲོང་དེར་མར་ལ་བབས་ནས། ཨ་ཧ་ལ། མི་ཚང་སྐལ་བཟང་དང་ཐུག་བྱུང་ཧ་ལེ་ལོའུ་ཡཱ། ཡེ་ཤུ་ལ་དད་པ་ཡོད་པས། ཁོང་ཉིད་དེར་ཡང་བཞུགས་ཡོད། ཨ་ཧ་ཨ་ཧ། ཧ་ལེ་ལོའུ་ཡཱ། ཨ་ཧ་ཨ་ཧ། སྐྱབས་མགོན་ཡེ་ཤུ་བཞུགས་ཡོད། ༣ རྒྱ་མཚོའི་ཕར་ལ་བརྒལ་ནས། ཨ་ཧ་ལ། གྲོགས་པོ་གསར་པ་དང་ཐུག་བྱུང་ཧ་ལེ་ལོའུ་ཡཱ། ཡེ་ཤུ་ལ་དད་པ་ཡོད་པས། ཁོང་ཉིད་དེར་ཡང་བཞུགས་ཡོད། ཨ་ཧ་ཨ་ཧ། ཧ་ལེ་ལོའུ་ཡཱ། ཨ་ཧ་ཨ་ཧ། སྐྱབས་མགོན་ཡེ་ཤུ་བཞུགས་ཡོད། ༤ ཤར་ཕྱོགས་ཡུལ་འདིར་བསླེབས་ནས། ཨ་ཧ་ལ། ཁྱེད་ཚོ་ཚང་མ་དང་ཐུག་བྱུང་ཧ་ལེ་ལོའུ་ཡཱ། ཡེ་ཤུ་ལ་དད་པ་བྱེད་ན། ཁོང་ཉིད་འདིར་ཡང་བཞུགས་ཡོད། ཨ་ཧ་ཨ་ཧ། ཧ་ལེ་ལོའུ་ཡཱ། ཨ་ཧ་ཨ་ཧ། སྐྱབས་མགོན་ཡེ་ཤུ་བཞུགས་ཡོད། ༥ མི་ཚེ་འདི་ཉིད་རྫོགས་ནས། ཨ་ཧ་ལ། ནམ་མཁའི་རྒྱལ་པོ་ལགས་མཇལ་ཡོང་ཧ་ལེ་ལོའུ་ཡཱ། ཡེ་ཤུ་ལ་དད་པ་བྱེད་ན། ཁོང་དང་མཉམ་དུ་སྡོད་ཡོང་། ཨ་ཧ་ཨ་ཧ། ཧ་ལེ་ལོའུ་ཡཱ། ཨ་ཧ་ཨ་ཧ། ཁོང་དང་མཉམ་དུ་སྡོད་ཡོང་།

    I Climbed the Mountain

  • ཡོང་བཞིན་ཡོང་བཞིན་ཡོང་བཞིན་འདུག ཐག་རིང་ཡུལ་ནས་ཡོང་བཞིན་འདུག ༢ ༡ ཡུལ་ཐག་རིང་དང་ནགས་འཐུག་པོ་ནས། ཨ་ཧྥི་རི་ཀ་ཡི་སྤུན་ཐམས་ཅད། ༢ གཙོ་བོ་ཡེ་ཤུའི་བྱམས་པས་འཐེན་ནས། ཤིང་རྒྱ་གྲམ་དྲུང་དུ་སྐྱབས་འཚོལ་ཕྱིར། ༢ ༢ གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱོགས་ནས། གཙོ་བོ་ཡེ་ཤུའི་མཚན་འཚོལ་བཞིན། ༢ བོད་ཡུལ་གྱི་མི་རྣམས་ཀྱང་བསླེབ་ཡོང་། ཡེ་ཤུར་སྐྱབས་སུ་འགྲོ་བའི་ཕྱིར། ༢ ༣ རྒྱ་གར་ལུང་པའི་ཡུལ་ལྗོངས་ནས་ཀྱང་། གཙང་པོ་བཞིན་དུ་བསླེབ་ཡོང་ལགས། ༢ ཤིང་རྒྱ་གྲམ་གྱི་གཏམ་ལ་ཉན་བཞིན། ཡེ་ཤུའི་དྲུང་དུ་གནས་པའི་ཕྱིར། ༢ ༤ དབྱིན་ཇི་ལུང་པའི་མི་རྣམས་བསླེབ་ཡོང་། ཐར་བ་དང་ངལ་གསོ་འཚོལ་བཞིན། ༢ གཙོ་བོ་ཡེ་ཤུའི་བྱམས་པའི་ཕྱག་འོག རང་གི་སེམས་པ་འབུལ་བའི་ཕྱིར། ༢ ༥ གངས་ཅན་ཡུལ་གྱི་མི་རྣམས་བསླེབ་ཡོང་། ཡོང་གིན་ཡོང་གིན་འབྱོར་བཞིན་འདུག ༢ ཡེ་ཤུའི་དྲུང་དུ་ཉི་དྲོད་ཐོབ་ནས། དེར་རྒྱུན་དུ་བདེ་བ་ཐོབ་ཡོང་། ༢ ༦ སྐྱབས་མགོན་ཡེ་ཤུའི་མཚན་ལ་བསྟོད་སྔོགས། ངེད་བདེ་བའི་ཞིང་དུ་བསླེབ་ཡོང་། ༢ ང་ཚོའི་བསྟོད་པ་ང་ཚོའི་ལྷན་འཛོམས། རྒྱུན་དུ་བྲལ་མེད་གནས་པར་འགྱུར། ༢

    Coming, Coming

  • ༡ ཡེ་ཤུས་ང་ལ་བྱམས་པ་གནང་། གསུང་རབ་ནང་དུ་གསུང་གི་འདུག ཕྲུ་གུ་རྣམས་ཁོང་གི་ཡིན་ཏེ། དེ་ཚོའི་སྟོབས་ཆུང་ཁོང་ནི་ཆེ། ཡེ་ཤུས་ང་ལ་བྱམས་སོ། ཡེ་ཤུས་ཁྱོད་ལ་བྱམས་སོ། ཡེ་ཤུས་ང་ལ་བྱམས་སོ། དམ་ཆོས་ལ་བྲིས་ནས་འདུག ༢ ཡེ་ཤུ་ངའི་དོན་དུ་གྲོངས་ནས། ནམ་མཁའི་རྒྱལ་སྒོ་ཕྱེས་པ་ཡིན། ངས་ཁོང་ལ་དད་པ་བྱེད་ན། ང་ཡི་སྡིག་པ་འདག་པར་འགྱུར། ༣ ཡེ་ཤུས་ང་ལ་རྒྱུན་དུ་བྱམས། རྒྱུན་དུ་ང་ལ་བདག་སྐྱོང་གནང་། ཤི་བའི་བར་ཁོང་ལ་དགའ་ན། ཁོང་གིས་ང་ནམ་མཁར་འདྲེན་ཡོང་།

    Jesus Loves Me, This I Know

  • ༡ ཡེ་ཤུས་ཅི་འདྲ་གསུངས་པ་རེད། ལ་ཡ་ཡི་ལ་སོ། ཁྱོད་རང་སྐོམ་པ་ཡིན་ན། ཁ་སྐོམ་པ་ཡིན་ན་ང་ཡི་རྩ་ལ། བསླེབ་ཤོག་ང་ཡིས་ཁྱོད་ལ། གསོན་པོའི་ཆུ་དེ་སྤྲད་ཡོང་། ༢ ༢ ཡེ་ཤུས་ཅི་འདྲ་གསུངས་པ་རེད། ལ་ཡ་ཡི་ལ་སོ། ཁྱོད་ནི་ངའི་རྩར་བསླེབས་ན། ཨ་ངའི་རྩར་བསླེབས་ན་དམ་པའི་ཐུགས་ཉིད། ཁྱོད་རང་ལ་གནང་ཞིང་། ཁོང་ཉིད་ཁྱོད་ནང་བཞུགས་ཡོང་། ༢ (མགྱོགས་གཞས།) ༡ ཡེ་ཤུས་ཅི་འདྲ་གསུངས་པ་རེད། ༢ ངའི་རྩ་ལ་ཕེབས་ཤོག ང་ཡིས་་་ཁྱོད་ལ་གསོན་པོའི་ཆུ་དེ་སྤྲོད་རྒྱུ་ཡིན། ང་ཡིས་་་ཁྱོད་ལ་གསོན་པོའི་ཆུ་དེ་སྤྲོད་རྒྱུ་ཡིན། ༢ ཡེ་ཤུས་ཅི་འདྲ་གསུངས་པ་རེད། ༢ ངའི་རྩ་ལ་ཕེབས་ཤོག དམ་པའི་ཐུགས་ཉིད་ཁྱོད་ཀྱི་ནང་དུ་བཞུགས་པར་འགྱུར། དམ་པའི་ཐུགས་ཉིད་ཁྱོད་ཀྱི་ནང་དུ་བཞུགས་པར་འགྱུར།

    What Did Jesus Say?

  • Root/ trace

    79

    What a Friend We Have in Jesus

    TBWorld

    ༡ ཡེ་ཤུ་ཅི་འདྲའི་མཛའ་བརྩེ་ལྡན་པ།
       ང་ཚོའི་སྡིག་བསྔལ་ཕྲག་ཏུ་བསྣམས།
       དོན་ཀུན་དཀོན་མཆོག་ལ་ཞུ་ཆོག་པའི།
       གནང་སྦྱིན་དེ་ནི་ཅི་འདྲ་ཆེ།
       ཀྱེ། དོན་མེད་པའི་སེམས་སྡུག་ཇི་ཙམ།
       མཚམས་མཚམས་ང་ལ་ཅི་ལ་བྱུང་།
       ངས་དཀོན་མཆོག་ལ་མ་ཞུས་པའི་ཕྱིར།
       སྡུག་བསྔལ་དེ་ཐམས་ཅད་བྱུང་ངོ་།།
    
    ༢ ང་ལ་སྡུག་བསྔལ་དང་ཉམས་ཚོད་ཀྱིས།
       བཅོ་ཐབས་མེད་པར་ཀུན་ནས་མནན།
       ང་ཚོའི་ཡིད་སེམས་ཕམ་མི་དགོས་ཏེ།
       སྨོན་ལམ་བཏབ་ནས་གཙོ་བོར་གསོལ།
       ང་ཚོར་སྡུག་བསྔལ་བྱུང་བའི་དུས་སུ།
       ཁོང་དང་འདྲ་བ་སུ་ཡང་མེད།
       ཡེ་ཤུས་ང་ནུས་མེད་ཡིན་པ་མཁྱེན་པས།
       ཞུ་ལམ་ནས་གཙོ་བོ་ལ་གསོལ།
    
    ༣ ང་ཚོ་ཉོན་མོངས་ཁུར་ལྕིས་མནན་ཞིང་།
       སེམས་ཁྲེལ་མང་བས་སྡུག་བསྔལ་ཆེ།
       སྐྱབས་མགོན་མཆོག་ལ་སྐྱབས་སུ་འགྲོའོ།
       སྨོན་ལམ་འདེབས་ཤིང་ཁོང་ལ་ཞུ།
       གྲོགས་པོ་རྣམས་ཀྱིས་ང་ཚོ་སྤང་དུས།
       གཙོ་བོས་མཁྱེན་པས་ཁོང་ལ་ཞུས།
       ང་ཚོའི་ཁུར་པོ་ཇེ་ཡང་མཛད་ཅིང་།
       ཁོང་གིས་ང་ལ་ཞི་བདེ་གནང་།

    J Scriven

    1885

    79

    Kham Tibetan

    79