• ༡ འགྲོ། འགྲོ། འགྲོ། གསུང་རབ་བཤད་དུ་འགྲོ། ༣ ཕ་མ་སྤུན་ཟླ་ཚོ་ལ། གཙོ་བོ་ཡེ་ཤུ་སུ་རེད། ལ་ནི་ཐར་བ་གནང་མཁན་སུ་རེད། ཧ་གོ་བ་མ་རེད། ཧ་གོ་བ་མ་རེད། ༢ འགྲོ། འགྲོ། འགྲོ། གསུང་རབ་བཤད་དུ་འགྲོ། ༣ བདག་གི་ཁྱིམ་མཚེས་ཚོ་ལ། གཙོ་བོ་ཡེ་ཤུ་སུ་རེད། ལ་ནི་ཕྱི་མ་ལམ་དེ་སུ་རེད། ཧ་གོ་བ་མ་རེད། ཧ་གོ་བ་མ་རེད། ༣ འགྲོ། འགྲོ། འགྲོ། གསུང་རབ་བཤད་དུ་འགྲོ། ༣ གྲོགས་པོ་གྲོགས་མོ་ཚོ་ལ། གཙོ་བོ་ཡེ་ཤུ་སུ་རེད། ལ་ནི་སེམས་ཤུགས་གནང་མཁན་སུ་རེད། ཧ་གོ་བ་མ་རེད། འགྲོ། འགྲོ། འགྲོ། གསུང་རབ་བཤད་དུ་འགྲོ། ༣

    Go While Singing

  • ༡ དགའ་བསུ་ཞུ་བཞིན་ཡོད། དགའ་བསུ་ཞུ་བཞིན་ཡོད། གཙོ་བོ་ཡེ་ཤུའི་མཚན་བརྒྱུད་ནས་དགའ་བསུ་ཞུ་བཞིན་ཡོད། ༢ བྱིན་རླབས་ཡོང་བར་ཤོག བྱིན་རླབས་ཡོང་བར་ཤོག གཙོ་བོ་ཡེ་ཤུའི་མཚན་བརྒྱུད་ནས་བྱིན་རླབས་ཡོང་བར་ཤོག

    We Welcome You

  • དགའ་བ་ལ། གཙོ་བོ་ཁྱེད་ཀྱི་འཕྲིན་བཟང་ཐོས། སྐྱིད་པ་ལ། བསྟོད་དབྱངས་གཙོ་བོ་ཁྱེད་ལ་འབུལ། ༡ མི་དམངས་འདི་ཐམས་ཅད། ཁྱེད་ལ་དད་པ་བྱེད་ཆོག མདང་དགོང་རྨི་ལམ་ནང་དུ། སྐྱབས་མགོན་ཡེ་ཤུ་མཇལ་བྱུང་། གཙོ་བོ་ཁྱེད་ཀྱིས་གནང་བའི་དམ་པའི་གསུང་རབ། ཀློག་བཞིན་ཡོད། གཙོ་བོ་དྲན་པའི་སྐབས་སུ་ཁྱེད་ལ་བསྟོད་དབྱངས་འབུལ་ཆོག དགའ་བ་ལ། གཙོ་བོ་ཁྱེད་ཀྱི་འཕྲིན་བཟང་ཐོས། སྐྱིད་པ་ལ། བསྟོད་དབྱངས་གཙོ་བོ་ཁྱེད་ལ་འབུལ། ༢ ང་ཡི་ལུས་ལ་ནད་ཡོད། ཁྱེད་ཀྱིས་དྲག་གསོ་གནང་བྱུང་། ཁྱེད་ལ་སྨོན་ལམ་ཞུས་ནས་ལྷད་མེད་དད་པ་བསྐྱེད་བྱུང་། སེམས་ལ་འགྱུར་བ་མེད་པས་རྒྱུན་དུ་ཁྱེད་ལ་སྨོན་ལམ། ང་ཡི་བརྩེ་བའི་སྐྱབས་མགོན་ཁྱེད་ལ་སྨོན་ལམ་ཞུ་ཆོག དགའ་བ་ལ། གཙོ་བོ་ཁྱེད་ཀྱི་འཕྲིན་བཟང་ཐོས། སྐྱིད་པ་ལ། བསྟོད་དབྱངས་གཙོ་བོ་ཁྱེད་ལ་འབུལ། ༣ མི་དམངས་འདི་ཐམས་ཅད་ཁྱེད་ལ་དད་པ་བྱེད་ཆོག མདང་དགོང་རྨི་ལམ་ནང་དུ། སྐྱབས་མགོན་ཡེ་ཤུ་མཇལ་བྱུང་། གཙོ་བོ་ཁྱེད་ཀྱིས་གནང་བའི་དམ་པའི་གསུང་རབ། ཀློག་བཞིན་ཡོད། གཙོ་བོ་དྲན་པའི་སྐབས་སུ་ཁྱེད་ལ་བསྟོད་དབྱངས་འབུལ་ཆོག དགའ་བ་ལ། གཙོ་བོ་ཁྱེད་ཀྱི་འཕྲིན་བཟང་ཐོས། སྐྱིད་པ་ལ། བསྟོད་དབྱངས་གཙོ་བོ་ཁྱེད་ལ་འབུལ།

    Rejoice

  • དགའ་སྤྲོ་ངང་ནས་གཙོ་བོ་ཡེ་ཤུ་ལ་སྐྱིད་གླུ་ལེན། དགའ་སྤྲོ་ངང་ནས་གཙོ་བོ་ཡེ་ཤུ་ལ་སྐྱིད་གླུ་ལེན། མི་རིགས་ཐམས་ཅད་འདི་རུ་འཛོམས་ནས། ང་ཚོའི་སྐྱབས་མགོན་གཙོ་བོ་ཡེ་ཤུ་ལ། སོའོ། ཞབས་བྲོ་འཁྲབ། ཧ་ལེ་ལོའུ་ཡ། ཧ་ལེ་ལོའུ་ཡ། གཙོ་བོ་ཡེ་ཤུ་འཁྲུངས་སོང༌། ཧ་ལེ་ལོའུ་ཡ། གཙོ་བོ་ཡེ་ཤུ་འཁྲུངས་སོང༌།

    Rejoicing Song to Jesus

  • གང་ཡང་། གང་ཡང་། གང་ཡང་། ཡ་ཧོ་ཝ་ལ་ཁག་པོ་གང་ཡང་མེད། གང་ཡང་། གང་ཡང་། གང་ཡང་། ཡ་ཧོ་ཝ་ལ་ཁག་པོ་གང་ཡང་མེད། ང་ཡིས་རི་བོ་ཕྱོགས་སུ་མིག་ཟུང་གཏོད། ང་ཡི་རོགས་རམ་གང་ནས་ཐོབ་པ་ཡིན། ནམ་མཁའ་དང་ས་གཞི་འགོད་མཁན། ཡ་ཧོ་ཝ་ནས་ཡོང་བཞིན་ཡོད། གོ་བོ་འདྲ་པོ་ང་ཤུགས་ཆེན་པོར་འཕུར་གྱི་ཡིན། གོ་བོ་འདྲ་པོ་ལངས་ནས་མཐོ་སར་འགྲོ། ཡ་ཧོ་ཝ་ནི་དབང་ཤུགས་ཆེ་ཤོས། ཡ་ཧོ་ཝ་ལ་ཁག་པོ་གང་ཡང་མེད། ཁག་པོ་གང་ཡང་མེད། ༢

    Nothing is too Difficult

  • གལ་ཏེ་བདག་གི་མི་ཡིས་ཁེངས་སྐྱུང་སྒོ་ནས། ཁེངས་སྐྱུང་གིས་སྨོན་ལམ་ཞུས་ན། ཁེངས་སྐྱུང་སྒོ་ནས་ང་རང་བཙལ་ཞིང་། ངན་པའི་ལས་རྣམས་སྤངས་ན། བདག་གིས་སྨོན་ལམ་ཐོས་ཤིང་ཁོ་ཚོར་གུ་ཡངས་གནང་། བདག་གིས་སྨོན་ལམ་ཐོས་ཤིང་། ཁོ་ཚོའི་ཡུལ་གྲུ་དྲག་པར་མཛད། གཙོ་བོ་དཀོན་མཆོག་ངའི་ཡུལ་དྲག་པར་མཛད་རོགས། གཙོ་བོ་ལགས། ང་ཚོའི་རྒྱལ་ཁབ་ཁྱེད་ཕྱོགས་བསྒྱུར་བར་མཛོད། ང་ཚོ་དྲག་པར་མཛད་རོགས། ང་ཚོར་གུ་ཡངས་གནང་ནས། ཡུལ་གྲུ་འདི་དྲག་པར་མཛད་རོགས། པུས་མོ་སར་བཙུགས་ནས་གཙོ་བོ་ཁྱེད་ཉིད་འཚོལ་ཞིང་། ཁེངས་སྐྱུང་གིས་སྨོན་ལམ་ཞུས་ན། ཁྱེད་ཀྱི་ཞལ་ངོ་འཚོལ་ཞིང་ངན་པའི་ལས་རྣམས་སྤངས་ན། ཁྱེད་ཀྱིས་སྙིང་རྗེ་ཆེན་པོས་ང་ཚོར་གུ་ཡངས་གནང་རོགས། ཁྱེད་ཀྱིས་སྙིང་རྗེ་ཆེན་པོས། ང་ཚོའི་ཡུལ་གྲུ་དྲག་པར་མཛད་རོགས།

    No Eng Title

  • ༡ ཁྱེད་ལ་སེམས་ཁྲལ་ཡོད་ན། སེམས་ཁྲལ་ཡེ་ཤུ་ལ་ཞུས་ཤིག ཁྱེད་ལ་སྡུག་བསྔལ་ཡོད་ན། སྡུག་བསྔལ་ཡེ་ཤུ་ལ་ཞུས་ཤིག ༢ ༢ ཁྱེད་ལ་དགའ་སྤྲོ་ཡོད་ན། ༢ བསྟོད་དབྱངས་ཡེ་ཤུ་ལ་ཕུལ་ཞིག

    No Eng Title

  • ཁྱོད་ནི་གཙོ་བོའི་བྱམས་པ་ཐོབ་པའི་ཕྱིར། བདམས་པའི་མི་ཞིག་ཡིན། ཁྱོད་ཀྱི་འཚོ་བའི་ནང་དུ། ཕུན་སུམ་ཚོགས་པའི་བྱམས་པ་ཡོད། ༢ འཇིག་རྟེན་མ་བསྐྲུན་སྔོན་ལ། དཀོན་མཆོག་གིས་ང་ཚོར་གཅེས། ང་ཚོའི་ལྷན་འཛོམས་བརྒྱུད་ནས། བྱམས་པའི་འབྲས་བུ་བསྐྱེད། འཇིག་རྟེན་འདི་ནས་ཁྱོད་རང་ཡོད་པའི་རྐྱེན་གྱིས། ང་ཚོ་ལ་ཞི་བདེ་དང་དགའ་སྤྲོ་ཚད་མེད་པ་ཞིག་བྱུང༌། ཁྱོད་ནི་གཙོ་བོའི་བྱམས་པ་ཐོབ་པའི་ཕྱིར་སྐྱེས་པའི་མི་ཡིན། ད་ལྟ་ད་དུང་མཐའ་མེད་པའི་བྱམས་པ་དེ་ཐོབ། ༢

    Born To Be Loved

  • ཁྱེད་ནི་ང་ཡི་ཡིབ་ས་ཡིན། ཁྱེད་ཀྱིས་ནམ་ཡང་ཐར་བའི་བསྟོད་དབྱངས་ཀྱིས། ངའི་སེམས་ཁྱབ་པར་མཛད། དུས་ནམ་ཡང་ང་འཇིགས་པའི་དུས། ང་ཁྱེད་ལ་བརྟེན་རྒྱུ་ཡིན། ང་ཁྱེད་ལ་བརྟེན་རྒྱུ་ཡིན། སྟོབས་ཆུང་རྣམས་ཀྱིས་གཙོ་བོའི་ནང་དུ། སྟོབས་ཤུགས་འཛོམས་ཞེས་བཤད་པར་ཤོག ང་ཁྱེད་ལ་བརྟེན་རྒྱུ་ཡིན།

    You Are My Hiding Place

  • ཁྱེད་ནི་ང་ཡི་དཀོན་མཆོག་ང་ཡི་རྒྱལ་པོ། ཁྱེད་ནི་ང་ཡི་བདག་པོ་ང་ཡི་ཡོད་ཚད། ཁྱེད་ནི་ང་ཡི་དཀོན་མཆོག་ངས་ཁྱེད་ལ་བསྟོད་བསྔགས་འབུལ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ།

    You Are My God, You Are My King

  • ཁྱོད་ཀྱི་ཁང་པ་བྱེ་ཐང་ཐོག་ལས་མི་ཉན། མཚོ་ཁ་ལ་ཡང་བརྩིག་མི་ཉན། དེ་འདྲ་ལས་ན་ལྟ་སར་ཡག་ཀྱང་། ཁྱོད་ཀྱིས་ཐེངས་མ་གཉིས་ལ་ལས་དགོས། ཨོ་ཁྱོད་ཀྱིས་ཐེངས་མ་གཉིས་ལ་ལས་དགོས། ཁྱོད་ཀྱིས་ཁང་པ་རྡོ་ཕ་བོང་ཐོག་ལ་ལས་དགོས། རྨང་གཞི་བརྟན་པོ་ཡི་ས་ཆ་ཞིག་ལ་ལས་དགོས། དེ་ནས་ཆར་དྲག་ཅི་ཙད་ཆེན་པོ་འབབ་ན་ཡང་། ཁྱོད་ཀྱིས་དཀོན་མཆོག་གི་ཞི་བདེ་ཤེས་ཐུབ་བོ།། ༣

    Don’t Build Your House On The Sandy Land

  • ༡ སྐྱེས་ས་སྐྱེས་ཡུལ་བཞག་ནས་མི་ཡུལ་ཕྱོགས་ལ་ཡོང་། མི་ཡུལ་བཟང་པོར་ཡེ་ཤུ་དང་ཐུག་ཕྲད་བྱུང་། དཀའ་སྡུག་གི་མུན་ནག་ཁྱེད་ཀྱིས་བསལ་རོགས་གནང་། དཀའ་སྡུག་གི་མུན་ནག་ཁྱེད་ཀྱིས་བསལ་རོགས་གནང་། ཨོའོ་་་དཀའ་སྡུག་མུན་ནག་ཁྱེད་ཀྱིས་བསལ་རོགས་གནང་། ཨོའོ་་་ཨོའོ་དཀོན་མཆོག་བཀའ་དྲིན་ཆེན་པོ་ལ། ཀྱག་ཀྱོག་གི་མི་ཚེ་བགྲོད་ལམ་རིང་པོ་རེད། ཁྱེད་ཀྱི་བྱམས་སེམས་ང་ཚོ་ལ་གནང་རོགས་མཛོད། ཨོའོ་་་ཁྱེད་ཀྱི་བྱམས་སེམས་ང་ཚོ་ལ། གནང་རོགས་མཛོད། ༢ ང་ཚོའི་སྡིག་པ་ཁྱེད་ཀྱིས་བསལ་རོགས་གནང་། ང་ཚོའི་སྨོན་ལམ་ཁྱེད་ཀྱིས་གསན་རོགས་གནང་། ང་ཚོའི་བསྟོད་པ་ཁྱེད་ལ་འབུལ་རྒྱུ་ཡིན། ང་ཚོའི་རེ་བ་ཁྱེད་ཀྱིས་གནང་རོགས་མཛོད། ཨོའོ་་་ང་ཚོའི་རེ་བ་ཁྱེད་ཀྱིས་གནང་རོགས་མཛོད།

    Gave a Good Path