Songs
Resources for the songs
Celebration & SeasonsChildrenChristian LifeChristmasDanceEasterFaithFeaturedFolk SongFuneral and DeathGod FatherHopeInstrumentalJesus ChristKhammaps-no-listMarriageMission biographyMusicNewPrayerSalvationScriptureSongWorship
Amdo TibetanBuryatCentral TibetanChineseChinese PinyinDolpoDzongka Roman ScriptDzongkhaEnglishHindiHyolmoInner MongolianInstrumentalKham TibetanKhengkhaKoreanLepchaLhomiLowaLowa Roman ScriptMongolianNaabaNepaliNepali Roman ScriptNubriSekeSherpaSherpa Roman ScriptSikkimeseSpanishTibetanTibetan Roman ScriptTshangla
-
དད་པའི་སྨོན་ལམ་དེ་ནི། ནད་པ་ལ་ཕན་ཡོང་། ༢ ན་ཚ་ཅི་ཞིག་ཡོད་ཀྱང་། ཡེ་ཤུས་དྲག་པར་མཛད་ཡོང་། ༢
The Prayer of A Righteous Person
184
-
དམ་པ། དམ་པ། དམ་པའི་དཀོན་མཆོག ང་ཡི་སྡིག་པ་དགོངས་དག་ཞུ་རྒྱུ་ཡིན། གཙོ་བོ་ཡེ་ཤུ་ཡི་སྐུ་ཁྲག་བརྒྱུད་ནས། ང་ཡི་སྡིག་པ་འདི་གཙང་མར་བཟོ་རོགས་གནང༌། དམ་པ། དམ་པ། དམ་པའི་དཀོན་མཆོག ༢
Holy God
185
-
༡ དད་པ་ཡེ་ཤུ་ལ་བྱེད་ན། སྡིག་པ་ནས་ཐར་པ་འཐོབ་ཡོང་། སྡིག་སེལ་ཡེ་ཤུ་ལ་ཞུས་ན། སྡིག་སེལ་ཁོང་གིས་གནང་ཡོང་། སྡིག་སེལ་ཡེ་ཤུ་ལ་ཞུས་ན། སྡིག་སེལ་ཁོང་གིས་གནང་ཡོང་། ༢ དད་པ་ཡེ་ཤུ་ལ་བྱེད་ན། མི་ཚེ་གསར་པ་འཐོབ་ཡོང་། བསྟོད་གཞས་ཡེ་ཤུ་ལ་འབུལ་ན། བསྟོད་གཞས་ཁོང་གིས་གསན་ཡོང་། བསྟོད་གཞས་ཡེ་ཤུ་ལ་འབུལ་ན། བསྟོད་གཞས་ཁོང་གིས་གསན་ཡོང་། ༣ དད་པ་ཡེ་ཤུ་ལ་བྱེད་ན། འཆི་བ་ནས་ཐར་པ་འཐོབ་ཡོང་། དབང་ཡེ་ཤུ་ལ་ཞུས་ན། དབང་ཁོང་གིས་གནང་ཡོང་། དབང་ཡེ་ཤུ་ལ་ཞུས་ན། དབང་ཁོང་གིས་གནང་ཡོང་།
If You Believe
183
-
༡ ཐོག་མར་ཐུགས་སུ་བཅངས་ནས། དང་པོར་སྤྱན་གྱིས་གཟིགས་དུས། ཁྱེད་ཀྱི་བྱམས་བརྩེ་ཟབ་མོས། ང་ཚོར་རེ་སྒུག་མཛད་ཡོད། ༢ ཕྱིས་སུ་སྙིང་རྗེས་མ་བཟོད། དུང་སེམས་དྲག་པོས་བསྐུལ་ནས། ཡབ་ཆེན་དྲུང་ནས་ཕེབས་ཞིང༌། སླར་མཇལ་སྐལ་བ་བསྐྲུན་བྱུང༌། ཡེ་ཤུ། ང་ཡི་ཡེ་ཤུ། སུ་ཡང་ཁྱེད་ལ་སྒུག་མཁན། ཡང་བསྐྱར་སྟོབས་ཤུགས་འཛོམས་ཞིང༌། གླག་ལྟར་གཤོག་ཟུང་བརྐྱངས་ནས། ཁྱེད་དང་མཉམ་དུ་བསྐྱོད་ཡོང༌། ༣ ང་ཚོའི་ཡ་ཆུང་སེམས་འདི། ཁྱེད་ལ་དུང་ཞིང་སྒུག་ཕྱིར། ཅིག་ཅར་ཉིད་དུ་འགུག་རོགས། ཞུས་ནས་ཁྱེད་མདུན་གནས་ཡོང༌།
Waiting in Hope
182
-
༡ ང་ཚོའི་དཀོན་མཆོག་གིས། ཐུགས་རྗེ་གནང་བའི། དུས་ཚོད་དེ་ནི་ཡང་། ད་ལྟ་རང་ཡིན། ༣ ༢ སུ་ཡིས་སྙིང་ནས་ཡེ་ཤུ་ལ། དད་པ་བྱེད་བཞིན་ཡོད་ན། ཐུགས་རྗེ་དེ་ནི་ཡང་། ད་ལྟ་རང་ཐོབ་ཡོང་། ༣ ༣ ང་ཚོའི་དཀོན་མཆོག་གིས། ཐར་བ་གནང་བའི། ཉི་མ་དེ་ནི་ཡང་། ད་ལྟ་རང་ཡིན། ༣ ༤ སུ་ཡིས་སྙིང་ནས་ཡེ་ཤུ་ལ། ཐར་བ་ཞུ་བཞིན་ཡོད་ན། ཐར་བའི་ཉི་མ་དེ་ནི། ད་ལྟ་རང་ཤར་ཡོང་། ༣
Thanksgiving Time
180
-
ཐུགས་རྗེ་ཆེ། ཡེ་ཤུ། ཐུགས་རྗེ་ཆེ། ཡེ་ཤུ། ༢ ཁྱེད་རང་ངའི་ཆེད་དུ་ཤིང་རྒྱ་གྲམ་སྟེང་གྲོངས་པ་རེད། ༢ ཐུགས་རྗེ་ཆེ། ཡེ་ཤུ། ཐུགས་རྗེ་ཆེ། ཡེ་ཤུ། ༢ ཁྱེད་ལ་བསྟོད་དབྱངས་གཟི་བརྗིད་འབུལ་རྒྱུ་ཡིན། ༢
Thank You Jesus
179
-
༡ ཐག་རིང་རི་བོའི་རྩེ་མོ་ལ།། ལུག་རྫིའི་སྐད་སྒྲ་གོ་མ་བྱུང་།། ངུ་འབོད་ཆེན་པོས་ཞུ་བཞིན་ཡོད།། སྐྱབས་མགོན་ནམ་ཞིག་ཕེབས་ཡོང་ན།། ༢ རི་བོ་སྤང་ལྗོངས་སྔོན་པོའི་ནང།། ལུག་དང་ལུག་རྫི་རིག་མ་བྱུང་།། ང་ཡིས་ཡང་ཡང་ཞུ་བཞིན་ཡོད།། སྐྱབས་མགོན་ནམ་ཞིག་ཕེབས་ཡོང་ན།། ༣ ཐོག་མར་ཨེ་དེན་ལྡུམ་ར་ནང་།། མི་རྣམས་སྡུག་བསྔལ་ལས་སྐྱོབ་པར།། བླ་ན་མེད་པའི་དཀོན་མཆོག་གིས།། སྐྱབས་མགོན་ཕེབས་པའི་ཞལ་བཞེས་གནང་།། ༤ ང་ཚོའི་འཛམ་གླིང་ཕྱོགས་བཞི་ལ།། ཞལ་བཞེས་སྒྲུབ་རྒྱུར་རེ་སྒུག་གནས།། བློ་སེམས་གཅིག་སྒྲིལ་བཀའ་འདྲི་ཞུས།། སྐྱབས་མགོན་གནས་འདིར་ཕེབས་ཡོང་ངམ།།
Nomad Song of Longing
178
-
༡ སྙིང་རྗེའི་བྱིན་རླབས་གནང་ནས།། མིང་སྲིང་ལྷན་འཛོམས་ལྡན་བྱུང་།། ཕན་ཚུན་བརྩེ་བའི་བྱམས་པ།། ཐུགས་ཉིད་དགའ་སྤྲོ་ཁེངས་པ།། ༢ ཁོང་གི་གཤིས་འཇམ་མདུན་ནས།། མིང་སྲིང་ལྷན་འཛོམས་ལྡན་བྱུང་།། གཤིས་དྲང་བསྟོད་དབྱངས་ཕུལ་ན།། དམ་པའི་སེམས་བཟང་མཆིས་བ།། ༣ རང་ཚུགས་ཕ་ལམ་བརྟན་པོས།། དཀའ་སྡུག་བཟོད་བསྲན་བྱས་ནས།། སྐྱབས་མགོན་སྨོན་ལམ་ཐོབས་དང་།། ཞི་བདེ་ཁོང་གིས་གནང་ཡོང་།། ༢
He Will Give Peace
177
-
༡ ༼སྐྱེས་པའི་མིང་།༽ དང་ ༼ཆུང་མའི་མིང་།༽ ཁྱེད་གཉིས། དཀོན་མཆོག་གིས་བཀོད་གནང་བ་རེད། གཙོ་བོ་ཡེ་ཤུ་ཡི་བྱམས་པ་བརྒྱུད་ནས། ཁྱེད་གཉིས་དེ་རིང་གཅིག་ཏུ་གྱུར། ༢ གཙོ་བོ་ཡེ་ཤུ་ཡི་ཞི་བདེ། ཁྱེད་གཉིས་ལ་ཡོང་བར་ཤོག གཙོ་བོ་ཡེ་ཤུ་ཡི་མཚན་བརྒྱུད་ནས། ཁྱེད་ལ་ཞི་བདེ་ཡོང་བར་ཤོག ༣ གཙོ་བོ་ཡེ་ཤུ་ཡི་བྱིན་རླབས། ཁྱེད་གཉིས་ལ་ཡོང་བར་ཤོག གཙོ་བོ་ཡེ་ཤུ་ཡི་མཚན་བརྒྱུད་ནས། ཁྱེད་ལ་བྱིན་རླབས་ཡོང་བར་ཤོག ༢
Wedding Blessing Song
176
-
༡ ཉིན་བཟང་སྐར་བཟང་གི་དུས་ཚོད་འདི་ལ། ཁྱེད་གཉིས་གཉེན་སྒྲིག་གི་སྟོན་མོ་འདིའི་ཐོག ང་ཚོས་དགའ་སྤྲོ་ཡི་གླུ་དབྱངས་ལེན་བཞིན། ཁྱེད་ལ་བཀྲ་ཤིས་པའི་རྟེན་འབྲེལ་ཞུ་འདོད། ༢ ཁྱེད་གཉིས་ཐེངས་དང་པོར་འཕྲད་པ་དེ་ནས། ཕན་ཚུན་བྱམས་བརྩེ་ཡིས་མཉམ་དུ་སྦྲེལ་ཞིང༌། དེ་རིང་ཁྱིམ་གཅིག་ཏུ་གྱུར་བ་འདི་ནི། ཅི་འདྲའི་ཡིད་འོང་གི་འབྲས་བུ་སྨིན་སོང༌། ༣ སྐྱེས་པ་བུད་མེད་གཉིས་གཉེན་སྒྲིག་པ་ནི། དཀོན་མཆོག་ཁོང་ཉིད་ཀྱི་ཐུགས་དགོངས་བཞིན་ཡིན། འབྲེལ་བ་དེའི་ནང་དུ་དཀོན་མཆོག་བཞུགས་ན། ཐག་པ་སུམ་རྐྱ་བཞིན་སྲ་ཞིང་བརྟན་ངེས། ༤ གཙོ་བོས་ཆོས་ཚོགས་ལ་གཅེས་པ་བཞིན་དུ། སྐྱེས་པས་ཆུང་མ་ལ་བྱམས་ཤིང་གཅེས་དགོས། དེ་ཡང་ཆོས་ཚོགས་ཀྱིས་གཙོ་བོར་བཀུར་བཞིན། ཆུང་མས་སྐྱེས་པ་ལ་བརྩི་ཞིང་བཀུར་དགོས། ༥ དེ་ལྟར་འཚོ་བ་ནི་དཀོན་མཆོག་ཉིད་ཀྱིས། ཁྱེད་ཚོའི་འབྲེལ་བ་ལ་གནང་བའི་བཀའ་ཡིན། ཁྱེད་ཚོ་ཁོང་ཉིད་ཀྱི་བྱམས་པའི་ནང་དུ། མཉམ་དུ་མདུན་ལམ་ལ་སྐྱོད་པའི་སྨོན་འདུན། ༢
New Wedding Song
175
-
ཉི་མ་ཤར་བ་ནས་ཉི་མ་ནུབ་པའི་བར་དུ། གཙོ་བྟོའི་མཚན་བསྟོད་དབྱངས་ཕུལ་གི་ཡྟོད། ༢ ཧཱ་ལེ་ལུ་ཡཱ། གཙོ་བྟོའི་ཞབས་ཕྱི་བྱེད་མཁན་ཚང་མས། དཀྟོན་མཆྟོག་གི་མཚན་བསྟོད་དབྱངས་ཕུལ། ད་ལྟ་ནས་བྱས། རྒྱུན་ནས་རྒྱུན་དུ། དཀྟོན་མཆྟོག་གི་མཚན་བསྟོད་དབྱངས་ཕུལ་ཞིག །
From The Rising Of The Sun
174
-
༡ ཀ འཇིག་རྟེན་འདི་ནི་མ་བཀྟོད་སྔྟོན།། ངན་པའི་མིང་ཙམ་མེད་པ་ཡིན།། ངན་སེམས་འབྱུང་ཁུངས་སུ་ཡིན་ཤྟོད།། ངན་པའི་འབས་བུ་ཅི་ཡིན་ཤྟོད།། ༢ ཁ བདེ་བ་ཅན་གི་ཞིང་ཁམས་སུ།། ཕྟོ་ཉ་ཞིག་ནས་ངན་སེམས་བྱུང་།། དེ་ཡི་འབས་བུ་གདྟོན་འདེ་ཟེར།། བདེ་ཅན་དབྱིངས་ནས་ལྷུང་བ་ཡིན།། ༣ ཀ འཇིག་རྟེན་འདི་ནི་མ་བཀྟོད་སྔྟོན།། སིག་པ་མེད་ལ་འཆི་བ་མེད།། སིག་པ་ཐྟོག་མར་གང་ནས་བྱུང་།། སིག་པའི་འབས་བུ་ཇི་ཡིན་ཤྟོད།། ༤ ཁ ཨ་དམ་ཧཱ་ཝ་ཁྟོང་གཉིས་ཀིས།། བཀའ་དང་འགལ་ནས་ཤིང་འབས་བཟས།། སིག་པའི་ཐྟོག་མ་དེ་ནས་བྱུང་།། སིག་པའི་འབས་བུ་འཆི་བ་ཡིན།། ༥ ཀ འཇིག་རྟེན་འདི་ནང་སིག་པ་སེབས།། མི་ལ་ཐར་བ་ཡྟོད་དམ་མེད།། སིག་པ་སེལ་མཁན་ཡྟོད་དམ་མེད།། ཐར་ལམ་སྟོན་མཁན་སུ་ཡིན་ཤྟོད།། ༦ ཁ དཀྟོན་མཆྟོག་ཁྟོང་གིས་གསུངས་པ་བཞིན།། ཉིན་གཅིག་སྐྱབས་མགྟོན་ཞིག་འཁྲུངས་ཡྟོང་།། ཁྟོང་གིས་བདུད་དང་སིག་པ་ལས།། ངེས་པར་རྒྱལ་ཁ་ཐྟོབ་ཡྟོང་ངྟོ་།།
Song of the First Sin
173