Songs
Resources for the songs
Celebration & SeasonsChildrenChristian LifeChristmasDanceEasterFaithFeaturedFolk SongFuneral and DeathGod FatherHopeInstrumentalJesus ChristKhammaps-no-listMarriageMission biographyMusicNewPrayerSalvationScriptureSongWorship
Amdo TibetanBhutaneseBuryatCentral TibetanChineseChinese PinyinDolpoDzongka Roman ScriptDzongkhaEnglishGurungHindiHyolmoInner MongolianInstrumentalKham TibetanKhengkhaKoreanLepchaLhomiLowaLowa Roman ScriptMongolianNaabaNepaliNepali Roman ScriptNubriSekeSherpaSherpa Roman ScriptSikkimeseSpanishTibetanTibetan Roman ScriptTshangla
-
༡ སྙིང་རྗེ་དང་བྱམས་ལྡན་གྱི་སྐྱབས་མགོན་ལགས། ང་ཁྱེད་ཀྱི་རྗེས་ལ་ཡོང་བཞིན་ཡོད། ཐམས་ཅད་སྤངས་ནས་ཡོང་བཞིན་ཡོད། ཁྱེད་ཀྱིས་ང་ལ་ཁྲུས་གསོལ་གནང་བར་མཛོད། ༢ ངས་ཚེ་འདིའི་གང་ཡོད་ཚང་མ་ཁྱེད་ལ་འབུལ། ད་ནས་ང་ཡི་ལུས་ངག་ཡིད་གསུམ་འདི། སྐྱབས་མགོན་ཁྱེད་ཀྱིས་ལས་རོགས་གནང་། ཁྱེད་ཀྱིས་ཐར་ལམ་ང་ལ་གནང་བར་མཛོད། ཀྱེ། གཙོ་བོ་སྐྱབས་མགོན་ཡེ་ཤུ་ཁྱེད། ཀྱེ། བྱིན་རླབས་ང་ལ་གནང་བར་མཛོད། ཁྱེད་ནི་ཐམས་ཅད་མཁྱེན་པ་དང་། སྡུག་བསྔལ་ལས་སྐྱོབ་པའི་དྲིན་ཆེན། སྐྱབས་མགོན་ཡེ་ཤུ་རེད།
Merciful and Humble Saviour
36
-
A (འབྲོག་གླུ།) ༡ སྟོད་གངས་རི་སྟེང་ནས་ཉི་མ་ཤར། བོད་ཁ་བ་ཅན་ལ་སྐྱབས་ཞིག་འཁྲུངས། ༢ བོད་གངས་ཅན་ཡུལ་གྱི་གཞོན་ནུ་ཚོས། གླུ་གར་རྩེད་བསྟོད་དབྱངས་ཁོང་ལ་འབུལ། ༣ ཡུལ་ཞིང་མཆོག་ཡབ་ཆེན་སྐུ་མདུན་ལ། དུས་མྱུར་དུ་འགྲོ་བའི་སྨོན་འདུན་ཞུ། B (བོད་པའི་བསྟོད་དབྱངས།) ༡ ཡ་རེ། སྟོད་ལ་གངས་རི་སྟེང་ནས་ཉི་མ་ཤར་བྱུང་ལ། ཡ་རེ། བོད་ལ་ཁ་བ་ཅན་དུ་སྐྱབས་ཞིག་འཁྲུངས་སོང་ལ། ཡ་རེ། བོད་ལ་ཁ་བ་ཅན་དུ་སྐྱབས་ཞིག་འཁྲུངས་སོང་། ཨ་ལ་བཀྲ་ཤིས་ཤོག ༢ ཡ་རེ། བོད་ལ་གངས་ཅན་ཡུལ་གྱི་གཞོན་ནུ་ཕོ་མོ་ཚོ། ཡ་རེ། གླུ་ལེན་གར་རྩེད་བསྟོད་དབྱངས། ཁོང་ལ་ཕུལ་ཞིག་དང་། ཡ་རེ། གླུ་ལེན་གར་རྩེད་བསྟོད་དབྱངས་ཁོང་ལ་ཕུལ་ཞིག ཨ་ལ་བཀྲ་ཤིས་ཤོག ༣ ཡ་རེ། ཡུལ་ལ་ཞིང་མཆོག་ཡབ་ཆེན་དམ་པའི་སྐུ་མདུན་ལ། ཡ་རེ། དུས་ལ་མྱུར་དུ་བསླེབ་པའི་སྨོན་འདུན། ཡང་ཡང་ཞུ། ཡ་རེ། དུས་ལ་མྱུར་དུ་བསླེབ་པའི་སྨོན་འདུན། ཡང་ཡང་ཞུ། ཨ་ལ་བཀྲ་ཤིས་ཤོག
From The Snow Mountains
37
-
༡ ཉིན་གཅིག་མི་གཅིག་སོང་ནས། ཡ་ལ་སོ། ཞིང་ལ་ནོར་བུ་མཐོང་སོང་། ཡ་ལ་སོ། ཚང་མ་བཙོངས་པ་ཡིན་པས། ཞིང་ཉོས་ནོར་བུ་ཐོབ་སོང་། ༢ ༢ མཛེས་པའི་འཛམ་བུ་གླིང་དུ། ཡ་ལ་སོ། ནོར་བུ་མི་འདུག་མ་ཟེར། ཡ་ལ་སོ། སྐྱབས་མགོན་གཙོ་བོ་ཡེ་ཤུ། ནོར་བུ་མིན་ན་གང་རེད། ༢ ༣ ནོར་བུ་འདིའི་སྐོར་གོ་ན། ཡ་ལ་སོ། གཟབ་གཟབ་བྱས་ནས་ཉོན་དང་། ཡ་ལ་སོ། འཛམ་གླིང་ཡོངས་ཀུན་རྫོགས་ཀྱང་། ནོར་བུ་འདི་ནི་གནས་ཡོང་། ༢ ༤ ཁྱོད་ཀྱི་ཡིད་སེམས་ནང་ལ། ཡ་ལ་སོ། ནོར་བུ་འདི་ནི་བཞུགས་ན། ཡ་ལ་སོ། འཛམ་གླིང་ཡོངས་ཀུན་རྫོགས་ཀྱང་། ནོར་བུ་ཁྱོད་ནང་གནས་ཡོང་། ༢
One Day a Man Went Out
35
-
རྗེས་ལ་རྗེས་ལ་གཙོ་བོ་ཡེ་ཤུའི་རྗེས་ལ། ག་རུ་ཡང་གང་དུ་ཡང་ང་ནི་འགྲོ་རྒྱུ་ཡིན། རྗེས་ལ་རྗེས་ལ་གཙོ་བོ་ཡེ་ཤུའི་རྗེས་ལ། ཁོང་གིས་གང་དུ་ཁྲིད་ན་ཡང་ང་འགྲོ་རྒྱུ་ཡིན།
Follow, Follow, I Will Follow Jesus
34
-
༡ ངའི་སེམས་ལ་བསྟོད་པ་ཡོད། ལག་པ་ཡར་བརྐྱངས་པ་ཡིན། ཡེ་ཤུ་ངས་ཁྱེད་རང་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཡེ་ཤུ་ངས་ཁྱེད་རང་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ༢ ཧ་ལེ་ལོའུ་ཡཱ་གཙོ་བོ། ༢ ཡེ་ཤུ་ངས་ཁྱེད་རང་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
With My Hands Lifted Up
33
-
༡ ངས་ཡེ་ཤུ་ལ་དད་པ་བྱེད་བཞིན་ཡོད། ཁོང་ནི་དཀོན་མཆོག་གི་སྲས་དེ་ཡིན། ཁོང་གྲོངས་པ་ནས་སླར་ཡང་གསོན་པ་རེད། ཁོང་གིས་ང་ལ་ཐར་བ་གནང་བ་རེད། ཁོང་ང་ཚོའི་དཀྱིལ་ལ་བཞུགས་ཡོད། ཚང་མའི་དཀྱིལ་ལ་ཡོད། ནད་སངས་པའི་དབང་ནུས་ཁྱེད་ལ་ཡོད། སྡིག་ཉེས་བསལ་བའི་དབང་ཡང་ཡོད། ༢ ངས་ཁྱེད་རང་ལ་དད་པ་བྱེད་བཞིན་ཡོད། ཁྱེད་ནི་དཀོན་མཆོག་གི་སྲས་དེ་ཡིན། ཁྱེད་གྲོངས་ནས་སླར་ཡང་གསོན་པ་རེད། ཁྱེད་ཀྱིས་ང་ལ་ཐར་བ་གནང་བ་རེད། ཁྱེད་ང་ཚོའི་དཀྱིལ་ལ་བཞུགས་ཡོད། ཚང་མའི་དཀྱིལ་ལ་ཡོད། ནད་སངས་པའི་དབང་ནུས་ཁྱེད་ལ་ཡོད། སྡིག་ཉེས་བསལ་བའི་དབང་ཡང་ཡོད།
I Believe in Jesus
32
-
༡ ང་ཚོས་དགའ་བའི་ལོན་ཞིག་ཐོས། ཡེ་ཤུ་ནི་སྐྱབས་མགོན་ཡིན། ལོན་འདི་མི་ཐམས་ཅད་ལ་ཤོད། ཡེ་ཤུ་ནི་སྐྱབས་མགོན་ཡིན། ༢ ལོན་འདི་ཡུལ་ཐམས་ཅད་ལ་ཤོད། རི་རྣམས་འཛེགས་ནས་ཆུ་རྣམས་རྒོལ། ད་འགྲོ་གཙོ་བོས་འབོད་ཀྱིན་འདུག ཡེ་ཤུ་ནི་སྐྱབས་མགོན་ཡིན། ༣ དགའ་བའི་ལོན་འདི་རླུང་ལ་འཕྱར། ཡེ་ཤུ་ནི་སྐྱབས་མགོན་ཡིན། ལོན་འདི་སྡིག་ཅན་ཀུན་ལ་ཤོད། ཡེ་ཤུ་ནི་སྐྱབས་མགོན་ཡིན། ༤ མཚོ་ཡི་གླིང་རྣམས་གླུ་འདི་ལོངས། རྒྱ་མཚོའི་བྲག་ནས་བྲག་ཅ་འཁོར། འཇིག་རྟེན་འདི་བཀྲ་ཤིས་པར་འགྱུར། ཡེ་ཤུ་ནི་སྐྱབས་མགོན་ཡིན། ༥ ལས་ཀ་བྱེད་བཞིན་གླུ་འདི་ལོངས། ཡེ་ཤུ་ནི་སྐྱབས་མགོན་ཡིན། ཡེ་ཤུ་གྲོངས་ནས་སྡིག་ཉེས་བསལ། ཡེ་ཤུ་ནི་སྐྱབས་མགོན་ཡིན། ༦ སྙིང་ལ་ཐུགས་རྗེ་ཐོབ་པའི་ཕྱིར། མཚན་གྱི་དུས་ཀྱང་གླུ་འདི་ལོངས། དུར་ནས་རྒྱལ་བའི་གླུ་འདི་ལོངས། ཡེ་ཤུ་ནི་སྐྱབས་མགོན་ཡིན། ༧ རླུང་གིས་ཀྱང་སྒྲ་ཆེན་པོ་སྒྲོགས། ཡེ་ཤུ་ནི་སྐྱབས་མགོན་ཡིན། མི་རྒྱུད་ཐམས་ཅད་དགའ་སྤྲོ་སྐྱེད། ཡེ་ཤུ་ནི་སྐྱབས་མགོན་ཡིན།
We Have Heard
31
-
༡ ང་ཚོའི་ཡབ་ཆེན་དཀོན་མཆོག གང་འདྲའི་བྱམས་པ་གནང་སོང་། ཁོང་གིས་སྲས་གཅིག་ཡེ་ཤུ། འཇིག་རྟེན་འདི་ལ་གནང་སོང་། གང་འདྲའི་བྱམས་པ་ང་ལ་གནང་སོང་། གང་འདྲའི་བྱམས་པ་ཁྱོད་ལ་གནང་སོང་། ང་ལ་གནང་སོང་། ཁྱོད་ལ་གནང་སོང་། ༢ ང་ཚོའི་སྐྱབས་མགོན་ཡེ་ཤུ། ང་རང་འཚོལ་དུ་ཕེབས་བྱུང་། ང་རང་གཅིག་པོ་མ་རེད། ཁྱོད་ཀྱང་འཚོལ་དུ་ཕེབས་བྱུང་། གང་འདྲའི་བྱམས་པས་ང་རང་བཙལ་བྱུང་། གང་འདྲའི་བྱམས་པས་ཁྱོད་རང་བཙལ་བྱུང་། ང་རང་བཙལ་བྱུང་། ཁྱོད་རང་བཙལ་བྱུང་། ༣ ཁོང་གིས་རང་གི་སྐུ་སྲོག ང་ཡི་དོན་ལ་གནང་སོང་། ང་རང་གཅིག་པོ་མ་རེད། ཚང་མའི་དོན་ལ་གནང་སོང་། གང་འདྲའི་བྱམས་པ་ང་ལ་གནང་སོང་། གང་འདྲའི་བྱམས་པ་ཁྱོད་ལ་གནང་སོང་། ང་ལ་གནང་སོང་། ཁྱོད་ལ་གནང་སོང་། ༤ ང་ཡིས་དད་པ་བྱས་པས། ང་ལ་ཐར་བ་གནང་སོང་། ཁྱོད་ཀྱིས་དད་པ་བྱེད་ན། ཁྱོད་ཀྱང་ཐར་བ་གནང་ཡོང་། དད་པ་བྱེད་ན། ཐར་བ་གནང་ཡོང་། དད་པ་བྱེད་ན། ཐར་བ་གནང་ཡོང་། དད་པ་བྱེད་ན། ཐར་བ་གནང་ཡོང་། དད་པ་བྱེད་ན། ཐར་བ་གནང་ཡོང་།
Our Great Father God
64, 30
-
༡ ང་ཚོའི་གཙོ་བོ་ཡེ་ཤུ་རིན་ཆེན་པོ་རེད། ༢ ཁྱེད་ང་ཚོ་ལ་བྱམས་སོང་། ༢ ང་ཁྱེད་རང་ལ་དགའ་སོང་། ༢ ང་ཚོའི་གཙོ་བོ་ཡེ་ཤུ་བཀའ་དྲིན་ཆེན་པོ་རེད། ༢ ༣ ང་ཚོའི་གཙོ་བོ་ཡེ་ཤུ་གཟི་བརྗིད་ཆེན་པོ་རེད། ༢ ༤ ང་ཚོའི་གཙོ་བོ་ཡེ་ཤུ་སྙིང་རྗེ་ཆེན་པོ་རེད། ༢ ༥ ང་ཚོའི་གཙོ་བོ་ཡེ་ཤུ་ཐམས་ཅད་མཁྱེན་པ་རེད། ༢
Lord, You are so Precious to Me
29
-
༡ ང་ཚོའི་མི་རིགས་སྤུན་ཟླ་རྣམ་པ་ཚོ། འཛམ་གླིང་བཟོ་བའི་དྲིན་ཆེན་དཀོན་མཆོག་ལ། བློ་སེམས་གཅིག་ཏུ་བསྒྲིལ་ནས་གསོལ་བ་འདེབས། ༢ ཐམས་ཅད་ཁོང་གི་ལམ་ལ་འགྲོ་བའི་ཕྱིར། ང་ཚོའི་མགོན་གཅིག་དཀོན་མཆོག་གི་སྲས་ཡེ་ཤུར། དུས་གསུམ་ཀུན་ལ་སྙིང་ནས་གསོལ་བ་འདེབས། སྐྱབས་མགོན་གཙོ་བོ་ཡེ་ཤུ། འཛམ་བུ་གླིང་ལ་འཁྲུངས་སོང་། ༢ ང་ཚོའི་སྡིག་སྒྲིབ་ཚང་མ། ཐམས་ཅད་ཁོང་གིས་བསལ་སོང་། ༢
Our Brothers
28
-
༡ ང་ཚོའི་སྙིང་ནས་བརྩེ་བའི།། འདྲེན་མཛད་སྐྱབས་མགོན་ཡེ་ཤུ།། བློ་སེམས་གཅིག་ཏུ་གཏད་ནས།། རེ་བའི་འབྲས་བུ་སྨིན་སོང་།། ༢ ཁོང་ལ་དད་མོས་ཞུས་ནས།། སྡིག་ཅན་མི་རིགས་ཀུན་གྱི།། མེས་པོའི་རྒྱུད་ནས་བསགས་པའི།། སྡིག་སྒྲིབ་ཚང་མ་དག་སོང་།། འཛམ་གླིང་མི་རིགས་ཐམས་ཅད།། སྡིག་པའི་གཡུལ་ལས་རྒྱལ་ཕྱིར།། རང་གཤིས་རྙིང་བའི་སྡིག་པ།། སྤངས་ནས་གཙོ་བོའི་དྲུང་དུ་འགྲོ་ཆོག། ༢ ༣ ཡེ་ཤུར་འགྱོད་བཤགས་འབུལ་ན།། ཁོང་གིས་མི་བཞེས་མི་འདུག། ཡིད་འོང་ཅན་གྱི་ཞིང་ལ།། འགྲོ་ན་མི་བསླེབས་མི་འདུག། ༤ དགའ་དགའ་སྤྲོ་སྤྲོ་གནོངས་དང་།། ཐར་བའི་ལམ་དུ་འགྲོ་ཆོག། ཚེ་འདིར་སྣང་བ་སྐྱིད་ཅིང་།། ཕྱི་མ་ཡབ་ཀྱི་དྲུང་དུ།། དགའ་དགའ་སྤྲོ་སྤྲོ་ངང་ནས།། ཡབ་ཆེན་དཀོན་མཆོག་མཇལ་ཡོང་།། ཡེ་ཤུར་དད་མོས་ཞུས་པས།། སྐྱེ་བ་གསར་བ་ཐོབ་བྱུང་།། ༢
Joy From Our Hearts
27, 50
-
༡ ང་ཚོའི་སྐྱབས་མགོན་ཡེ་ཤུ་རེད། འཛམ་བུ་གླིང་གི་དྲིན་ཆེན་རེད། ཁོང་ལ་དད་པ་བྱེད་ན་ནི། ཁོང་གིས་མི་ཚེ་གསར་བ་བཟོ། ༢ ང་ཚོས་ཁོང་ལ་དད་པ་བྱེད། ང་ཚོས་ཁོང་ལ་གསོལ་བ་འདེབས། ཁོང་གིས་ང་ཚོར་བྱིན་རླབས་གནང་། ང་ཚོར་མི་ཚེ་སྐྱིད་པོ་ཡོང་རྒྱུ་རེད། ཀྱེ། དཀོན་མཆོག དཀོན་མཆོག དཀོན་མཆོག་གི་སྲས། སྐྱབས་མགོན། སྐྱབས་མགོན་ཡེ་ཤུ་རེད། ང་ཚོ་ཚང་མའི་སྐྱབས་མགོན་ཡེ་ཤུ་རེད། ༢ ༣ ཁྱེད་ཀྱི་སྐུ་ལུས་རིན་ཆེན་དེ། འཛམ་བུ་གླིང་གི་བུ་ལོན་དང་། ཐམས་ཅད་སྡུག་བསྔལ་སྐྱོབ་པའི་ཆེད། རང་སྲོག་ང་ཚོའི་དོན་ལ་གནང་། ༤ འཛམ་བུ་གླིང་གི་དཀོན་མཆོག་རེད། འཛམ་བུ་གླིང་གི་སྐྱབས་མགོན་རེད། ཁོང་ལ་ཚང་མས་བསྟོད་བསྔགས་བརྗོད། ཁྱོད་ཀྱིས་ཐམས་ཅད་སེམས་ལ་ཟུངས་།
Jesus Is Our Saviour (2)
63, 26