Songs
Resources for the songs
Celebration & SeasonsChildrenChristian LifeChristmasDanceEasterFaithFeaturedFolk SongFuneral and DeathGod FatherHopeInstrumentalJesus ChristKhammaps-no-listMarriageMission biographyMusicNewPrayerSalvationScriptureSongWorship
Amdo TibetanBuryatCentral TibetanChineseChinese PinyinDolpoDzongka Roman ScriptDzongkhaEnglishHindiHyolmoInner MongolianInstrumentalKham TibetanKhengkhaKoreanLepchaLhomiLowaLowa Roman ScriptMongolianNaabaNepaliNepali Roman ScriptNubriSekeSherpaSherpa Roman ScriptSikkimeseSpanishTibetanTibetan Roman ScriptTshangla
-
དེ་རིང་ཉི་མ་འདི། དེ་རིང་ཉི་མ་འདི། གཙོ་བོས་བཀོད་པ་ཡིན། གཙོ་བོས་བཀོད་པ་ཡིན། ཉིན་མོ་འདི་ལ། ཉིན་མོ་འདི་ལ། ང་ཚོ་དགའ་ཞིང་། ང་ཚོ་སྐྱིད་པར་བྱེད། དེ་རིང་ཉི་མ་འདི་གཙོ་བོས་བཀོད་པ་ཡིན། འདི་ལ་ང་ཚོ་དགའ་ཞིང་སྐྱིད་པར་བྱེད། དེ་རིང་ཉི་མ་འདི། དེ་རིང་ཉི་མ་འདི། གཙོ་བོས་བཀོད་པ་ཡིན།
This Is The Day
-
དེ་རིང་ནི་ཁྱེད་ཀྱི་འཁྲུངས་སྐར་རེད། ང་ཚོའི་ཡེ་ཤུ། འཛམ་བུ་གླིང་ལ་སྐྱིད་པའི་ཉི་མ་ཤར། ཡ་མཚན་དཀོན་མཆོག་སྲས་གཅིག མིའི་ཡུལ་ལ་འཁྲུངས། འཇིག་རྟེན་ཁམས་ཀྱི་སྐྱབས་གཅིག་ཡེ་ཤུ་གྲགས། ༡ འདྲེན་པའི་གཙོ་བོ་མ་ཤི་ཀ་ལ་བསྟོད། ང་ཚོའི་སྐྱབས་མགོན། བྱམས་དང་སྙིང་རྗེ་བརྩེ་བ་ཆེན་པོ་ཡིས། ང་ཚོའི་ཡེ་ཤུ། ཚང་མའི་ཆེད་དུ་རྒྱ་གྲམ་སྟེང་དུ་གྲོངས། ང་ཚོའི་ཡེ་ཤུ། ཉིན་ཞག་གསུམ་གྱི་རྗེས་ནས་སླར་ཡང་གསོན། ང་ཚོའི་ཡེ་ཤུ། འདི་ནས་དགའ་བའི་བསྟོད་དབྱངས་ཁོང་ལ་འབུལ། ༢ ཁོང་གིས་མཛད་པའི་སྙན་གྲགས་འཛམ་གླིང་འདིར། ང་ཚོའི་ཡེ་ཤུ། ཁོང་ནི་དཀོན་མཆོག་གཡས་སུ་བཞུགས་པའོ།། ང་ཚོའི་ཡེ་ཤུ། སླར་ཡང་འཛམ་གླིང་ཕེབས་རྒྱུའི་དམ་བཅའ་ཡོད། ང་ཚོའི་ཡེ་ཤུ། ཐམས་ཅད་མ་ནོར་བདེན་པའི་ལམ་དུ་ཤོག
Today is Your Birthday
-
༡ དེ་རིང་ང་ཚོ་འཛོམས་འཛོམས། སྐལ་བ་བཟང་། གཙོ་བོ་ཡ་ཝཱེའི་བཀའ་དྲིན་རེད། སྐལ་བ་བཟང་། ཚང་མ་ཡར་ལ་ལངས་ནས། སྐལ་བ་བཟང་། དགོས་པའི་འདོད་པ་ཁོང་ལ་ཞུ། སྐལ་བ་བཟང་། ༢ དེ་རིང་ང་ཚོ་འཛོམས་འཛོམས། སྐལ་བ་བཟང་། སྐྱབས་མགོན་ཡེ་ཤུའི་ཐུགས་རྗེ་རེད། སྐལ་བ་བཟང་། ཚང་མ་ཡར་ལ་ལངས་ནས། སྐལ་བ་བཟང་། འདོད་པ་ཐམས་ཅད་ཁོང་ནས་ལེན། སྐལ་བ་བཟང་། ༣ དེ་རིང་ང་ཚོ་འཛོམས་འཛོམས། སྐལ་བ་བཟང་། དམ་པའི་ཐུགས་ཉིད་ཀྱི་དབང་རེད། སྐལ་བ་བཟང་། ཚང་མ་ཡར་ལ་ལངས་ནས། སྐལ་བ་བཟང་། དགའ་སྤྲོའི་བསྟོད་དབྱངས་ཁོང་ལ་འབུལ། སྐལ་བ་བཟང་།
Today We Meet Together
50
-
༡ དེ་རིང་སྐྱབས་མགོན་འཁྲུངས་སོང་། དགའ་བ་ལ། སྐྱབས་མགོན་ཡེ་ཤུ་འཁྲུངས་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༢ པེད་ལེ་ཧེམ་དུ་འཁྲུངས་སོང་། དགའ་བ་ལ། རྟ་རའི་ནང་ལ་བཞུགས་འདུག སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༣ ལུག་རྫིས་ཕོ་ཉ་མཐོང་སོང་། དགའ་བ་ལ། དགའ་བའི་གནས་ཚུལ་བཤད་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༤ ཤར་ནས་སྐར་མ་ཤར་སོང་། དགའ་བ་ལ། སྐར་མས་ལམ་ཁ་བསྟན་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༥ ཐང་ནས་ལུག་རྫི་བསླེབས་བྱུང་། དགའ་བ་ལ། ལུག་རྫིས་བསྟོད་དབྱངས་ཕུལ་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༦ ཤར་ནས་མཁས་པ་བསླེབས་བྱུང་། དགའ་བ་ལ། མཁས་པས་གསེར་དངུལ་ཕུལ་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༧ ནམ་མཁའ་ཕོ་ཉས་ཁེངས་སོང་། དགའ་བ་ལ། ཕོ་ཉས་སྐྱིད་གླུ་བླངས་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༨ སྐྱིད་པའི་ཉི་མ་ཤར་བྱུང་། དགའ་བ་ལ། སྙན་པའི་གླུ་དབྱངས་བླངས་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༢
The Saviour Was Born Today
-
༡ དུས་ཆེན་གྱི་མཆོག དགའ་སྤྲོ་ཡི་མཚན། ནམ་མཁའ་ནས། ཕོ་ཉ་ཞིག་གིས། ལུག་རྫི་རྣམས་ལ་ད་ཁྱོད་རྣམས་མ་འཇིགས། ངས་དགའ་བ་ཆེན་པོའི་འཕྲིན་བཟང་ཞིག་བཤད། ཁྱོད་རྣམས་ལ་སྐྱབས་མགོན་ཞིག་འཁྲུངས། ༢ ༢ དུས་ཆེན་གྱི་མཆོག དགའ་སྤྲོ་ཡི་མཚན། ཕོ་ཉ་ཚོས། འདི་སྐད་དུ། སྟེང་གི་ནམ་མཁའི་དཀོན་མཆོག་ལ་བསྙེན་བཀུར། ས་གཞི་ཚང་མ་ལ་དུས་བདེ་བ་དང་། མི་རྣམས་ལ་ཐུགས་དགྱེས་པ་བྱུང་། ༢ ༣ དུས་ཆེན་གྱི་མཆོག དགའ་སྤྲོ་ཡི་མཚན། ང་ཚོ་ཡང་། དགའ་སྤྲོ་སྐྱེས། ངེད་ཀྱི་དོན་ལ་ཡང་འོད་ཟེར་དེ་བྱུང་། དེས་འོད་ཀྱིས་ངེད་ཀྱི་སེམས་ཁྱབ་པར་མཛད། ངེད་ཀྱི་ཕྱིར་སྐྱབས་མགོན་དེ་འཁྲུངས། ༢
Silent Night
-
༡ དམ་པའི་དམ་པ་མཁའ་ཁྱབ་འཇིག་རྟེན་མགོན། བདེ་བའི་ལམ་བཟང་གནང་བ་བདག་གིས་ཐོས། རང་གཤིས་རྙིང་བར་འདོད་བློ་མ་བྱུང་ཞིང་། སྣང་སེམས་བདེ་བ་གསར་འཚོལ་ཕྱོགས་སུ་གཡོ། ༢ གྲོག་མ་མིག་མེད་བདེ་བའི་དོན་དུ་རྒྱུག ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས། གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུག ༣ སྟོང་གསུམ་དཔལ་འབྱོར་ཐོབ་ཀྱང་མ་ཚིམས་པས། རྔམས་ཆེན་གཏོགས་འདོད་འབར་བའི་གྲགས་པ་ཅན། ཅང་ཤེས་སེམས་ཀྱི་བུ་ཆུང་ལྐུག་པ་འདིས། ཞི་བདེ་ཁྱབ་པའི་ནམ་མཁའི་རྒྱལ་སྲིད་འཚོལ། ༤ ཞི་བདེའི་རྒྱལ་པོ་ཨིམ་མ་ནུ་ཨེལ་པ། བདེན་མཆོག་དངོས་གཞི་དམ་པའི་ཐུགས་ཉིད་དོ།། དམ་པའི་ཐུགས་ཉིད་མྱུར་དུ་སྩལ་དུ་གསོལ། བདག་གིས་ཁྱེད་ལ་རེ་བའི་བསྟོད་དབྱངས་འབུལ།
Holiest Saviour Of The World
47
-
དམ་པ་དམ་པ་དམ་པ། དབང་ཤུགས་ལྡན་པའི་དཀོན་མཆོག ཁྱེད་ཀྱི་གཟི་བརྗིད་ས་དང་ནམ་མཁར་ཁེངས་སོང་། ༢ ཧོ་ཟན་ནཱ། ཧོ་ཟན་ནཱ། བླ་མེད་དཀོན་མཆོག་ལ་འབུལ། ༢
Holy, Holy, Holy Lord
46
-
༡ དམ་པ་དམ་པ་དམ་པ་ཀུན་དབང་གི་དཀོན་མཆོག ཐོ་རངས་སྔ་མོ་ང་ཚོས་ཁྱེད་ལ། བསྟོད་དབྱངས་འབུལ། དམ་པ་དམ་པ་དམ་པ་ཀུན་དབང་ཐུགས་རྗེའི་བདག་ཉིད། ཡབ་སྲས་ཐུགས་ཉིད་བྱིན་ལྡན་རྣམ་གསུམ་གཅིག་འདུས། ༢ དམ་པ་དམ་པ་དམ་པ་དམ་ཚོགས་རྣམས་ཀྱིས་ཁྱེད་ལ། གསེར་གྱི་ཅོད་པན་བཞུགས་ཁྲིའི་དྲུང་དུ། བཞག་ནས་རྟག་ཏུ། ཀེ་རུ་བིམ་དང་སེ་ར་ཕིམ་ཁྱེད་ལ་ཕྱག་འཚལ་ལོ།། སྔར་ཡོད་ད་ལྟ་ཡོད་འབྱོར་བར་འགྱུར་བ་ལགས། ༣ དམ་པ་དམ་པ་དམ་པ་མུན་པས་ཁྱེད་བསྒྲིབས་ཤིང་། ཁྱེད་ཀྱི་གཟི་བརྗིད་སྡིག་ཅན་མིག་གིས་མཐོང་མི་ཐུབ་ཀྱང་། ཁྱེད་ལྟར་གཟི་བརྗིད་ཅན་དང་དམ་པ་གཞན་སུ་ཡང་མེད། བྱམས་བརྩེ་མཐུ་སྟོབས་དམ་པ་ཀུན་གྱི་མཆོག་གྱུར་ལགས། ༤ དམ་པ་དམ་པ་དམ་པ་ཀུན་དབང་གི་དཀོན་མཆོག རི་ཀླུང་འགྲོ་བ་ཚང་མས་ཁྱེད་ཀྱི་མཚན་ལ་བསྟོད་པར་ཤོག དམ་པ་དམ་པ་དམ་པ་ཀུན་དབང་ཐུགས་རྗེའི་བདག་ཉིད། ཡབ་སྲས་ཐུགས་ཉིད་བྱིན་ལྡན་རྣམ་གསུམ་གཅིག་འདུས།
Holy, Holy, Holy
45
-
༡ ཐོག་མར་འཇིག་རྟེན་འདི་ལ་བསླེབས་དུས། ལ་ནི་སེམས་སུ་སྡུག་བསྔལ་གྱིས་གང་ཡོད། ཕྱིས་སུ་སྐྱབས་མགོན་ཡེ་ཤུར་མཇལ་དུས། ལ་ནི་སེམས་ནང་གི་སྡུག་བསྔལ་བསལ་སོང་། ཕྱིས་སུ་སྐྱབས་མགོན་ཡེ་ཤུར་མཇལ་དུས། ལ་ནི་སེམས་ནང་གི་སྡུག་བསྔལ་བསལ་སོང་། ༢ གཙོ་བོ་ལ་དད་པ་བྱེད་ན། ལ་ནི་ཐར་བ་ཚུར་ལ་གནང་ཡོང་། བླ་ན་མེད་པའི་དཀོན་མཆོག་ཁྱེད་ཀྱིས། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་རོགས། བླ་ན་མེད་པའི་དཀོན་མཆོག་ཁྱེད་ཀྱིས། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་རོགས། ང་ཡིས་ཁྱེད་ལ་རེ་བ་བྱེད། ཁྱེད་ཀྱིས་ང་ལ་རོགས་རམ་གནང་། བླ་ན་མེད་པའི་དཀོན་མཆོག་ཁྱེད་ཀྱིས། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་རོགས། བླ་ན་མེད་པའི་དཀོན་མཆོག་ཁྱེད་ཀྱིས། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་རོགས། ༣ བྱ་དེ་ལ་ཁྲུང་ཁྲུང་དཀར་པོ། ལ་ནི་གཤོག་རྩལ་ང་ལ་གཡོར་དང་། གཤོག་རྩལ་ངོམ་བཞིན་ངོམ་བཞིན། ལ་ནི་འཕྲིན་བཟང་བཤད་དུ་འགྲོ་ཆོག གཤོག་རྩལ་ངོམ་བཞིན་ངོམ་བཞིན། ལ་ནི་ཡབ་ཆེན་དཀོན་མཆོག་དྲུང་དུ་འགྲོ་ཆོག ང་ཡིས་ཁྱེད་ལ་རེ་བ་བྱེད། ཁྱེད་ཀྱིས་ང་ལ་རོགས་རམ་གནང་། བླ་ན་མེད་པའི་དཀོན་མཆོག་ཁྱེད་ཀྱིས། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་རོགས། བླ་ན་མེད་པའི་དཀོན་མཆོག་ཁྱེད་ཀྱིས། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་རོགས།
When I First Arrived
68, 44
-
༡ དང་པོར་དཀོན་མཆོག་གི་རྒྱལ་སྲིད་དང་། རྣམ་དག་ཉིད་འཚོལ་ཞིག་དང་། དེ་ཐམས་ཅད་ཁྱོད་རྣམས་ལ་གནང་བར་འགྱུར། ཧ་ལེ་ལོའུ། ཧ་ལེ་ལོའུ་ཡཱ། ༢ མི་ནི་ཁ་ཟས་ཁོ་ནར་བརྟེན་ནས་འཚོ་བ་མིན། དཀོན་མཆོག་གི་ཞལ་ནས་འབྱུང་བའི། བཀའ་ཐམས་ཅད་ལ་བརྟེན་ནས་འཚོ་བ་ཡིན། ཧ་ལེ་ལོའུ། ཧ་ལེ་ལོའུ་ཡཱ། ༣ གསོལ་བ་ཡང་ཡང་ཐོབས་དང་འཐོབ་པར་འགྱུར། ཚོལ་ཞིག་དང་རྙེད་པར་འགྱུར་ངེས། སྒོ་རྡུངས་ན་སྒོ་དེ་ཕྱེ་བར་འགྱུར། ཧ་ལེ་ལོའུ། ཧ་ལེ་ལོའུ་ཡཱ། ༤ ཁྱོད་རྣམས་ཀྱི་འོད་དེ་མི་རྣམས་ཀྱི་མདུན་ལ། འཕྲོ་རུ་ཆུགས་དང་དེ་དག་གིས། ཁྱོད་ཚོས་བྱེད་པའི་ལས་བཟང་པོ་རྣམས་མཐོང་སྟེ། ཡབ་ཆེན་ལ་བསྟོད་པར་འགྱུར་རོ།། ༥ ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ། ཧ་ལེ་ལོའུ་ཡཱ།
Seek Ye First (1)
-
༡ དཀོན་མཆོག་གིས་སྲས་གཅིག་པོ་གནང་བ་ཙམ་དུ། འཇིག་རྟེན་ལ་བྱམས་པར་མཛད་པས། སུས་ཀྱང་དེ་ལ་དད་པ་བྱེད་ན། མཐའ་མེད་པའི་སྲོག་དེ་ཐོབ་ཡོང་། ༢ བདེན་པ་ཉིད་ཅི་ཡིན་ཤེས་ནས་བདེན་པ་ཉིད་དེས། ཁྱོད་རང་ནི་ཐར་བར་འགྱུར་རོ།། དཀོན་མཆོག་གི་སྲས་ཀྱིས་ཁྱོད་ཐར་བར་བྱེད་ན། དངོས་ནས་ཐར་བར་འགྱུར་རོ།། ༣ མ་ཤི་ཀ་དང་མཉམ་དུ་ཤིང་རྒྱ་གྲམ་ལ། ང་ནི་བརྐྱངས་པ་ཡིན་ན། ང་འཚོ་ཡང་ང་རང་མི་འཚོ་ཡི། མ་ཤི་ཀ་ངའི་ནང་འཚོ་ཡོད། ༤ མི་སུ་ཡང་སྐོམ་པ་དེ་ངའི་མདུན་དུ། ཚུར་ཤོག་ལ་འཐུང་ཞིག་དང་། སུས་ཀྱང་ང་ལ་དད་ན་ཁོང་ནས། དམ་པའི་ཐུགས་ཉིད་དེ་འབབ་ཡོང་། ༥ རྟག་ཏུ་གཙོ་བོ་ལ་དགའ་བར་གྱུར་ཅིག ཡང་བསྐྱར་དགའ་བར་གྱུར་ཅིག ཡ་ཧོ་ཝཱར་དགའ་བ་ནི་ཁྱོད་ཀྱི་སྟོབས་ཡིན་ནོ།། ཧ་ལེ་ལོའུ། ཧ་ལེ་ལོའུ་ཡཱ།
Seek Ye First (2)
-
༡ ཐུགས་རྗེ་ཆེ་ཡེ་ཤུ། ཐུགས་རྗེ་ཆེ་ཡེ་ཤུ། ཐུགས་རྗེ་ཆེ་ཡེ་ཤུ་ང་ཡི་སེམས་ནང་ནས། ༢ ༢ ཧ་ལེ་ལོའུ་ཡཱ་ཡེ་ཤུ། ཧ་ལེ་ལོའུ་ཡཱ་ཡེ་ཤུ། ཧ་ལེ་ལོའུ་ཡཱ་ཡེ་ཤུ་ང་ཡི་སེམས་ནང་ནས། ༢
Thank You, Thank You Jesus
41