Songs
Resources for the songs
Celebration & SeasonsChildrenChristian LifeChristmasDanceEasterFaithFeaturedFolk SongFuneral and DeathGod FatherHopeInstrumentalJesus ChristKhammaps-no-listMarriageMission biographyMusicNewPrayerSalvationScriptureSongWorship
Amdo TibetanBhutaneseBuryatCentral TibetanChineseChinese PinyinDolpoDzongka Roman ScriptDzongkhaEnglishGurungHindiHyolmoInner MongolianInstrumentalKham TibetanKhengkhaKoreanLepchaLhomiLowaLowa Roman ScriptMongolianNaabaNepaliNepali Roman ScriptNubriSekeSherpaSherpa Roman ScriptSikkimeseSpanishTibetanTibetan Roman ScriptTshangla
-
གཙོ་བོ་ཡེ་ཤུ་ཞོགས་པ་སྔ་མོ། ཁ་ཁུ་སིམ་པོའི་ས་ཆ་རུ་ཕེབས་པ་རེད། ངས་ཀྱང་ཁྱེད་ཀྱི་མདུན་དུ་ཞོགས་པ་སྔ་མོ། ཁ་ཁུ་སིམ་པོའི་སྨོན་ལམ་ཞུ་རྒྱུ་ཡིན། ༡ ཁྱེད་ཀྱི་བཀའ་བརྒྱུད་ནས་ངའི་གཉིད་དཀྲོགས་པར་མཛོད། ༢ ༢ དེ་རིང་ཉིན་མོ་ང་ཁྱེད་དང་མཉམ་དུ་སྡོད་རྒྱུ་ཡིན། ༢
In the Early Morning, Jesus Went
230
-
༡ གཙོ་བོ་ཡེ་ཤུ་མཱ་ཤི་ཀ ཁྱེད་ནས་ལ་ནི་ཐར་བ་བྱུང་། ང་ཡིས་ལ་ནི་ཁྱེད་ལ་བསྟོད་པ་འབུལ། གཙོ་བོ་ཡེ་ཤུ་ལ། ཁྱེད་ནས་ལ་ནི་ཐར་བ་བྱུང་། ང་ཡིས་ལ་ནི་ཁྱེད་ལ་བསྟོད་པ་འབུལ། ༢ གཙོ་བོ་ཡེ་ཤུ་ལ་ཐུགས་རྗེ་ཆེ། ཁྱེད་ཀྱིས་ང་ལ་བྱམས་སྐྱོང་གནང་བྱུང་། ཁྱེད་ཀྱིས་ང་ལ་བརྩེ་བ་གནང་བྱུང་། གཙོ་བོ་ཡེ་ཤུ་ལ། ཁྱེད་ཀྱིས་ང་ལ་བྱམས་སྐྱོང་གནང་བྱུང་། ཁྱེད་ཀྱིས་ང་ལ་བརྩེ་བ་གནང་བྱུང་། ༣ གཙོ་བོ་ཡེ་ཤུ་ཁྱེད་ཀྱིས། ང་ལ་ཁྱེད་ཀྱིས་ལམ་སྟོན་གནང་བྱུང་། ང་ལ་ཁྱེད་ཀྱིས་བྱིན་རླབས་གནང་བྱུང་། གཙོ་བོ་ཡེ་ཤུ་ལ། ང་ལ་ཁྱེད་ཀྱིས་ལམ་སྟོན་གནང་བྱུང་། ང་ལ་ཁྱེད་ཀྱིས་བྱིན་རླབས་གནང་བྱུང་། ༤ གཙོ་བོ་ཡེ་ཤུ་མཱ་ཤི་ཀ ཁྱེད་ནས་ལ་ནི་ཐར་བ་བྱུང་། ང་ཡིས་ལ་ནི་ཁྱེད་ལ་བསྟོད་པ་འབུལ། གཙོ་བོ་ཡེ་ཤུ་ལ། ཁྱེད་ནས་ལ་ནི་ཐར་བ་བྱུང་། ང་ཡིས་ལ་ནི་ཁྱེད་ལ་བསྟོད་པ་འབུལ།
No Eng Title
229
-
གཙོ་བོ་ནི་ཞི་བདེ། འཁོན་འཛིན་གྱི་དྲ་བ་མེད་པར་མཛད་བྱུང་། གཙོ་བོ་ཡི་ཞི་བདེ། ང་ཚོ་ཡི་ཞི་བདེ། ༢ ཐམས་ཅད་གཙོ་བོ་ལ་སྐྱབས་སུ་བཅོལ། དཀོན་མཆོག་གིས་གཟིགས་སྐྱོང་མཛད། གཙོ་བོ་ཡི་ཞི་བདེ། ང་ཚོ་ཡི་ཞི་བདེ། ༢
He Is Our Peace
221
-
༡ མད་ཐཱ་དང་། མཱར་ཀུ། ལོ་ཀུ། ཡོ་ཧ་ནན་གྱིས་བྲིས་པའི་འཕྲིན་བཟང་བཞི། སྐུ་ཚབ་པ་རྣམས་ཀྱི་མཛད་འཕྲིན་དང་། སྐུ་ཚབ་ཕོལ་ལོལ་གྱི་འཕྲིན་ཡིག་རྣམས། དམ་པའི་གསུང་རབ་ཞལ་ཆད་གསར་པ། ཀློག་རོགས་གནང་། ༢ རོ་མཱ་པ་དང་ཀོ་རིན་ཐུ་པ། དང་པོ་དང་དེའི་གཉིས་པ། ག་ལད་ཡཱ་པ། ཨེ་ཕེ་སི་པ། ཕི་ལིབ་ཕེ་པ། ཀོ་ལོ་སཱ་པ། དམ་པའི་གསུང་རབ་ཞལ་ཆད་གསར་པ། ཀློག་རོགས་གནང་། ༣ ཐེ་སཱ་ལོ་ནེ་ཀ་ཡི་དང་པོ། ཐེ་སཱ་ལོ་ནེ་ཀའི་གཉིས་པ། ཐི་མོ་ཐེ་དང་པོ་དང་། ཐི་མོ་ཐེ་གཉིས་པ་དང་། ཐི་ཏུ། ཕི་ལེ་མོན་ནི་ཕོལ་ལོལ་གྱི་འཕྲིན་ཡིག་ཡིན། ༤ གཞན་གྱིས་བརྩམས་པའི་འཕྲིན་ཡིག་རྣམས་ནི། ཨིབ་རི་པ་དང་ཡ་ཀོབ་དང་། པེ་ཏྲོས་བྲིས་པའི་འཕྲིན་ཡིག་གཉིས། ཡོ་ཧ་ནན་གྱི་འཕྲིན་ཡིག་གསུམ། དམ་པའི་གསུང་རབ་ཞལ་ཆད་གསར་པ། ཀློག་རོགས་གནང་། ༥ ཡ་ཧུ་དཱའི་འཕྲིན་ཡིག་དང་། ཡོ་ཧ་ནན་ལ་མངོན་པར་མཛད་པ། ཞལ་ཆད་གསར་པའི་མདོ་རྣམས་ནི། ཁྱོན་བསྡོམས་ཉི་ཤུ་རྩ་བདུན་ཡོད། དམ་པའི་གསུང་རབ་ཞལ་ཆད་གསར་པ། ཀློག་རོགས་གནང་།
No Eng Title
212
-
༡ ནམ་མཁའི་དམག་མི་ས་གཞི་འདི་ལ་བསླེབས་སོང༌། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། གདོན་འདྲེ་ཡི་རྒྱལ་པོ་དབང་ཤུགས་མེད་པར་གྱུར་སོང༌། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། རྒྱལ་ཁ། བསྟོད་དབྱངས། གཟི་བརྗིད། སྟོབས་ཤུགས་ལྡན་པའི་ཡེ་ཤུ་ལ། ༢ ༢ ཆུ་ལོག་ནང་བཞིན་མུན་ནག་གི་དབང་བསླེབས་དུས། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། གཙོ་བོ་ཡེ་ཤུ་ཡི་སྐུ་ཁྲག་ལ་དད་པ་བྱོས། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། ༣ བདུད་གྱི་བར་ཆད་ཁྱོད་ཀྱིས་འགོག་ཐུབ་པ་མིན། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། གཙོ་བོ་ཡེ་ཤུའི་ཤིང་རྒྱ་གྲམ་ལ་དད་པ་བྱོས། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། ༤ གཙོ་བོ་ཡེ་ཤུས་ང་ལ་རྒྱལ་ཁ་གནང་སོང༌། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། ཧ་ལེ་ལོའུ་ཡཱ། ཡེ་ཤུ་ནི་འདི་ལ་བཞུགས་ཡོད། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད།
The Battle Belongs to the Lord
198
-
༡ ནམ་མཁའི་ཨ་ཕ། ང་འདི་ལྟར་གྲང་པ་ཅི་ཞིག་ཡིན་ནམ། ངས་ཅིའི་ཕྱིར་དེ་རིང་གི་ཁ་ཟས་མ་རྙེད་དམ། ང་ལ་ཉིན་རེའི་ཁ་ཟས་དེ་རིང་གནང་བར་མཛོད། འདི་ནི་ང་ཡི་ཞུ་བ་ཡིན། ༢ ནམ་མཁའི་ཨ་ཕ། ཅི་ཞིག་ལ་འཐབ་འཁྲུག་ལངས་དགོས་པ་ཡིན། ཅི་ཞིག་ལ་བྱིས་པ་འཐབ་འཁྲུག་ལ་ཞུགས་དགོས་སམ། མུན་པའི་འཇིག་རྟེན་ངན་པ་འདི་རང་འགོག་པའི་ཆེད། ང་ལ་ཤེས་རབ་གནང་བར་མཛོད། ཡུལ་མེད་བྱིས་པ་རྣམས་ནི། འཐབ་འཁྲུག་གིས་ཁེངས་པའི། འཛམ་གླིང་ཡུལ་ཕྱོགས་ཀུན་ཏུ། འཁྱམས་ནས་འགྲོ་བཞིན་འདུག དྭ་ཕྲུག་ཞིག་ལ་ཕ་མ་མེད་པ་དང་། ཅི་བྱེད་མི་ཤེས་ཡུལ་གྲུ་ཀུན་ལ་ཉུལ། སྐྱབས་བཅོལ་བྱིས་པ་ཆ་མེད་ཞིག་གིས། འཇིག་རྟེན་འདི་ལ། སྐད་ཆུང་ངུས་འདི་ལྟར་དྲིས་བྱུང་། ང་རང་ཁྱེད་དང་མཉམ་དུ་བསྡད་ཆོག་གམ། ༣ ནམ་མཁའི་ཨ་ཕ། ཅི་ཞིག་ལ་ངས་ལས་ཀ་བྱེད་དགོས་སམ། ཅི་ཕྱིར་བྱིས་པ་བཟོ་གྲྭར་འགྲོ་དགོས་པ་ཡིན་ནམ། ང་ལ་དགེ་རྒན་ཞིག་དང་སློབ་གྲྭ་གནང་བར་མཛོད། ང་རང་དེ་རུ་འགྲོ་བར་འདོད། ༤ ནམ་མཁའི་ཨ་ཕ། ཅི་ཞིག་ལ་སྡུག་བསྔལ་ཡོད་དགོས་པ་ཡིན། ཅི་ཕྱིར་བྱིས་པ་སྡུག་བསྔལ་དང་ངོ་ཚར་སྦྱར་བ་ཡིན། ང་ལ་ཨ་མ་ཨ་ཕ་ཡུལ་བཅས་གནང་བར་མཛོད། ང་རང་རྩེད་མོ་ལ་དགའོ།།
Katulapsi
199
-
༡ བདུད་ཀྱི་དོན་རྣམས་རྩ་ནས་མེད་པར་བཟོས། མུན་པའི་རྒྱལ་ཁམས་ཡོངས་ལ་འོད་ཟེར་འཕྲོས། མི་རྣམས་བཀའ་ཁྲིམས་དང་སྡིག་པ་ནས་བསྐྱབས། འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན། ༢ ཁོང་གི་འཕྲིན་བཟང་དབུལ་བོ་རྣམས་ལ་བསྒྲགས། སྡུག་བསྔལ་བ་ལ་ཚེ་སྲོག་གསར་པ་གནང་། མྱ་ངན་བ་ལ་སྐྱབས་མགོན་ཡེ་ཤུ་འཁྲུངས། འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན། བསྟོད་བསྔགས་དཀོན་མཆོག་ལ་འབུལ། ༣ འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན། ༣ མི་རིགས་སྐད་རིགས་རུས་རྒྱུད་ཐམས་ཅད་ནས། མི་རྣམས་སྐྱོབ་ཅིང་ཁོང་གི་འབངས་སུ་འབོད། བྱམས་པའི་ངང་ནས་སྐུ་ཁྲག་བཞུར་ཅིང་བླུས། འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན། ༤ གྲོངས་ནས་སླར་གསོན་འཆི་བ་ཉིད་ལས་རྒྱལ། འོད་ཟེར་འཕྲོ་བ་བཞིན་དུ་ཕེབས་པར་འགྱུར། རྒྱུན་ནས་རྒྱུན་དུ་ཁོང་གིས་དབང་སྒྱུར་བྱེད། འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན། བསྟོད་བསྔགས་དཀོན་མཆོག་ལ་འབུལ། ༣ འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན། ༥
This is the Gospel of Christ
196
-
དམ་པའི་ཐུགས་ཉིད་ང་འདི་ལ་བསྡད་ཡོད། དམ་པའི་ཐུགས་ཉིད་ངས་ཁྱེད་ལ་སྒུག་བསྡད་ཡོད། ༡ ཁྱེད་ཀྱི་སྣུམ་ང་ལ་བླུག་པར་མཛད་རོགས། ཁྱེད་ཀྱི་སྣུམ་ང་ལ་ད་ལྟ་བླུག་པར་མཛད་རོགས། ༢ ཨིམ་མཱ་ནུ་ཨེལ་ང་གཅིག་པོ་མ་རེད། ཨིམ་མཱ་ནུ་ཨེལ་ཁྱེད་ང་དང་མཉམ་དུ་བཞུགས།
Holy Spirit, I’m Waiting for You
187
-
༡ སྐྱིད་པོ་སྡུག་པོ། གང་འདྲ་བྱུང་ནའང་། སྐྱབས་མགོན་ཡེ་ཤུ་ལ། སྨོན་ལམ་ཞུས་དང་། ༢ ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ༢ བདེན་པའི་སྨོན་ལམ་དེ་ནི། ང་ཚོའི་སེམས་ནས་ཞུ་དགོས། ང་ཚོའི་སྨོན་ལམ་ནང་དུ། ཁོང་ལ་བསྙེན་བཀུར་ཞུ་དགོས། ༢ ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ༣ ང་ཚོའི་བསྙེན་བཀུར་དེ་ནི། སེམས་དང་བདེན་པ་ཉིད་ཀྱིས། ཐུགས་ཉིད་ཡིན་པའི་དཀོན་མཆོག་ལ། ཉིན་རྒྱུན་རྟག་པར་འབུལ་དགོས། ༢ ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ།
Eternity Song #3
181
-
༡ ངའི་སེམས་ཉིད། ཁྱེད་ཀྱིས་ཅི་འདྲ་བྱས་ནས། སེམས་ཤུགས་ཆག་གི་ཡོད་དམ། དཀོན་མཆོག་ལ། རྒྱུན་དུ་ཡིད་ཆེས་བྱོས། ༣ ངའི་སེམས་ཉིད། ཁྱེད་ཀྱིས་ཅི་འདྲ་བྱས་ནས། སེམས་ཤུགས་ཆག་གི་ཡོད་དམ། ༢ ངའི་སེམས་ཉིད། ཁྱེད་ཀྱིས་ཅི་འདྲ་བྱས་ནས། ངའི་ནང་དུ་སྐྲག་སྣང་བསྐྱེད་ཀྱིན་ཡོད་དམ། དཀོན་མཆོག་ལ་ཁྱེད་ཀྱི་རེ་བ་ཞུས། ༣ ངའི་སེམས་ཉིད། ཁྱེད་ཀྱིས་ཅི་འདྲ་བྱས་ནས། ངའི་ནང་དུ་སྐྲག་སྣང་བསྐྱེད་ཀྱིན་ཡོད་དམ། ༣ ངའི་སེམས་ཉིད། ཁྱེད་ཀྱིས་ཅི་འདྲ་བྱས་ནས། ངའི་ནང་དུ་སེམས་དཀྲུག་གི་ཡོད་དམ། དཀོན་མཆོག་ལ་ཁྱེད་ཀྱི་དགའ་སྤྲོ་ཞུས། ༣ ངའི་སེམས་ཉིད། ཁྱེད་ཀྱིས་ཅི་འདྲ་བྱས་ནས། ངའི་ནང་དུ་སེམས་དཀྲུག་གི་ཡོད་དམ།
My Heart
161
-
༡ ང་ནི་ཁྱོད་ཚོའི་དཀོན་མཆོག་ཡིན་ལ། ཁྱོད་ཚོར་དཀོན་མཆོག་གཞན་མི་དགོས། དཀོན་མཆོག་གཅིག་པོ་དེ་ང་ཡིན། ང་རང་གཙོ་བོ་ཨ་ཕ་དེ་ཡིན། ཡ་རེ་ལོ། ཞང་ཡ་རེ་ལོ། ང་རང་གཙོ་བོ་ཨ་ཕ། ཨ་ཕ་དེ་ཡིན། ༢ ཁྱོད་ཚོས་ལྷ་སྐུ་གཟུགས་བརྙན་དག་ལ། ལུས་ངག་ཡིད་གསུམ་གྱིས་ཕྱག་མ་འཚལ། བསྟོད་དབྱངས་སྨོན་ལམ་ཁོང་ལ་ཐོབས་དང་། ཁོང་ང་ཚོའི་དྲིན་ཆེན་ཨ་ཕ་དེ་རེད། ཡ་རེ་ལོ། ཞང་ཡ་རེ་ལོ། ཁོང་ང་ཚོའི་དྲིན་ཆེན་ཨ་ཕ། ཨ་ཕ་དེ་རེད། ༣ ཁྱོད་ཀྱིས་སྐྱབས་མགོན་གསུང་ལ་ཉོན་དང་། ཁྱོད་དཀོན་མཆོག་ཐུགས་ཉིད་དབང་ཐོབ་ནས། དུས་དང་རྣམ་པ་ཀུན་ཏུ་ཁྱོད་ལ། བྱིན་རླབས་གནང་མཁན་ཨ་ཕ་དེ་རེད། ཡ་རེ་ལོ། ཞང་ཡ་རེ་ལོ། བྱིན་རླབས་གནང་མཁན་ཨ་ཕ། ཨ་ཕ་དེ་རེད། ༢
He is the Father
140
-
༡ ང་ནི་ཁྱོད་ཀྱི་ཨ་ཕ་ཡིན། ༢ གལ་སྲིད་ཁྱོད་ཀྱི་ཕ་མས་ཁྱོད་རང་དོར་ནའང་། ངས་ཁྱོད་རང་འདོར་རྒྱུ་མིན། ང་ནི་ཁྱོད་ཀྱི་ཨ་ཕ་ཡིན། ༢ ང་ནི་ཁྱོད་ཀྱི་ཨ་ཕ་ཡིན། ༢ ཁྱོད་ཡུལ་དུ་ལོག་ཤོག ངས་ཁྱོད་ལ་སྒུག་བསྡད་ཡོད། ངས་ཁྱོད་རང་འདོར་རྒྱུ་མིན། ང་ནི་ཁྱོད་ཀྱི་ཨ་ཕ་ཡིན། ༣
I am your Father
139