• ༡ སེམས་ལ་ཞི་བདེ་མེད་ན། ཞི་བདེ་ཡེ་ཤུས་གནང་ཡོང་། སེམས་ལ་དགའ་སྤྲོ་མེད་ན། དགའ་སྤྲོ་ཡེ་ཤུས་གནང་ཡོང་། ༢ ༢ སེམས་ལ་ཐར་པ་མེད་ན། ཐར་པ་ཡེ་ཤུས་གནང་ཡོང་། སེམས་ལ་རེ་བ་མེད་ན། རེ་བ་ཡེ་ཤུས་གནང་ཡོང་། ༢ ༣ སེམས་ལ་བྱམས་པ་མེད་ན། བྱམས་པ་ཡེ་ཤུས་གནང་ཡོང་། སེམས་ལ་སྙིང་རྗེ་མེད་ན། སྙིང་རྗེ་ཡེ་ཤུས་གནང་ཡོང་། ༢ ༤ སྨོན་ལམ་ཡེ་ཤུ་ལ་ཞུས་ན། སྨོན་ལམ་ཡེ་ཤུས་གསན་ཡོང་། བྱིན་རླབས་ཡེ་ཤུ་ལ་ཞུས་ན། བྱིན་རླབས་ཡེ་ཤུས་གནང་ཡོང་། ༣

    Serenity

  • ༡ སོའོ་ང་ཚོ་ཚང་མའི་ངན་པ། སོའོ་དགེ་བའི་ལས་ཀྱིས་མི་དག ང་ཚོ་ཚང་མའི་ངན་པ་ཡེ་ཤུའི་སྐུ་ཁྲག་གིས་འདག་ཡོང་། སོའོ་ཡ་འ་ལ། ཡེ་ཤུའི་སྐུ་ཁྲག་གིས་འདག་ཡོང་། ༢ སོའོ་ང་ཚོ་ཚང་མའི་ཉེས་པ། སོའོ་གནས་སྐོར་ཕྱིན་ཀྱང་མི་དག ང་ཚོ་ཚང་མའི་ཉེས་པ་ཡེ་ཤུའི་སྐུ་ཁྲག་གིས་འདག་ཡོང་། སོའོ་ཡ་འ་ལ། ཡེ་ཤུའི་སྐུ་ཁྲག་གིས་འདག་ཡོང་། ༣ སོའོ་ང་ཚོ་ཚང་མའི་སྡིག་པ། སོའོ་སྦྱིན་པ་བཏང་ཡང་མི་དག ང་ཚོ་ཚང་མའི་སྡིག་པ་ཡེ་ཤུའི་སྐུ་ཁྲག་གིས་འདག་ཡོང་། སོའོ་ཡ་འ་ལ། ཡེ་ཤུའི་སྐུ་ཁྲག་གིས་འདག་ཡོང་།

    All Our Sins

  • ཤོག ངའི་མཉམ་དུ་ངའི་ཨ་ཕའི་ཡུལ་ལ་འགྲོ། ཤོག ངའི་མཉམ་དུ་ངའི་ཨ་ཕའི་ཡུལ་ལ་འགྲོ། དེ་ས་ཆ་ཆེན་པོ་ཡིན། དེ་ལ་གནས་ས་ཧ་ཅང་མང་། ཅོག་ཙེ་ཆེན་པོ་ཡོད། ཟ་མ་ཧ་ཅང་མང་། ར་སྐོར་ཆེན་པོ་ཡོད། རྩེད་མོ་རྩེད་ས་ཡོད། ས་ཆ་ཆེན་པོ་དེ། ངའི་ཨ་ཕའི་ཡུལ་ཡིན།

    Come With Me

  • ༡ ཡེ་ཤུ་ལགས། དཀོན་མཆོག་མཁྱེན། ཁྱེད་ཀྱིས་སེམས་ཅན་ཐམས་ཅད་བསྐྲུན་པ་ཡིས། མི་རིགས་ཐམས་ཅད་ཀྱི་ཡབ་ཆེན་ཡིན་ལགས། ཡབ་ཡིན་ལགས། ཡབ་ཡིན་ལགས། དཀོན་མཆོག་མཁྱེན། ༢ ཡེ་ཤུ་ལགས། སྐྱབས་མགོན་ལགས། ཁྱེད་ཀྱིས་བླ་མེད་ཀྱི་བྱིན་རླབས་གནང་སྟེ། ང་ཚོ་སྡིག་པའི་རྒྱ་མཚོ་ནས་ཐར་སོང་། ཐར་བ་ལགས། ཐར་བ་ལགས། སྐྱབས་མགོན་མཁྱེན། ༣ ཡེ་ཤུ་ལགས། གཙོ་བོ་ལགས། ཁྱེད་ཀྱིས་སྤྲིན་དཀར་པོའི་ཐུགས་རྗེ་གནང་ནས། མིའི་རིགས་དགའ་སྤྲོའི་ཞི་བདེ་དཔག་མེད་ཐོབ། ཐོབ་པ་ལགས། ཐོབ་པ་ལགས། གཙོ་བོ་མཁྱེན།

    Jesus, Great God

  • ༡ ཡེ་ཤུ་ལ་ཕྱག་ཅིག་ཕུལ་དང་། ༢ ཨོ་སྐྱབས་མགོན་གཙོ་བོ་ཡེ་ཤུ་ལ་ཕྱག་ཅིག་ཕུལ་དང་། ༢ ཡེ་ཤུ་ལ་བསྟོད་པ་ཕུལ་དང་། ༢ ཨོ་སྐྱབས་མགོན་གཙོ་བོ་ཡེ་ཤུ་ལ་བསྟོད་པ་ཕུལ་དང་། ༣ ཁོང་ནི་བསྟོད་པར་འོས་པའི་དཀོན་མཆོག ཁོང་ནང་བཞིན་གཞན་སུ་ཡང་མེད། ངས་ལུས་ངག་ཡིད་གསུམ་ནས་ཁྱེད་ལ་བསྟོད་པ་འབུལ།

    O Come Let Us Adore Him

  • ༡ ཡེ་ཤུ་ཡི་ཕེབས་ལམ། ཤིང་རྒྱ་གྲམ་གྱི་ལམ་བུ། ༢ ང་ཁྱེད་ཀྱི་རྗེས་ལ་ཡོང་བཞིན་ཡོད། ཁྱེད་གཅིག་པོར་བལྟས་ནས། ང་ཁྱེད་ཀྱི་རྗེས་ལ་ཡོང་བཞིན་ཡོད། ཁྱེད་ལ་སྨོན་ལམ་ཞུ་བཞིན། ༢ ཡེ་ཤུ་ཡི་སྨོན་ལམ། ཤིང་རྒྱ་གྲམ་གྱི་སྨོན་ལམ། ༢ ང་ཁྱེད་ཀྱི་རྗེས་ལ་ཡོང་བཞིན་ཡོད། ཁྱེད་གཅིག་པོར་བལྟས་ནས། ང་ཁྱེད་ཀྱི་རྗེས་ལ་ཡོང་བཞིན་ཡོད། ཁྱེད་ལ་སྨོན་ལམ་ཞུ་བཞིན། ༣ ཡེ་ཤུ་ཡི་བྱམས་པ། ཤིང་རྒྱ་གྲམ་གྱི་བྱམས་པ། ༢ ང་ཁྱེད་ཀྱི་རྗེས་ལ་ཡོང་བཞིན་ཡོད། ཁྱེད་གཅིག་པོར་བལྟས་ནས། ང་ཁྱེད་ཀྱི་རྗེས་ལ་ཡོང་བཞིན་ཡོད། ཁྱེད་ལ་སྨོན་ལམ་ཞུ་བཞིན།

    The Way of Jesus

  • ༡ ཡེ་ཤུ། ཡེ་ཤུ། ཡེ་ཤུ། ཁྱེད་ཀྱི་བྱམས་པ་ངའི་སེམས་ལ་ཡོད། ༢ ༢ ཡེ་ཤུ། ཡེ་ཤུ། ཡེ་ཤུ། ཁྱེད་ཀྱི་བྱམས་པས་ངའི་སེམས་བསྒྱུར་སོང་། ༢

    Your Love Has Melted My Heart

  • ཡེ་ཤུ་ང་ཁྱེད་ལ་དགའ། ངས་ཁྱེད་ཀྱི་མདུན་དུ་ཕྱག་འཚལ། བསྟོད་དབྱངས། བསྙེན་བཀུར། ང་ཚོའི་རྒྱལ་པོ་ལ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ།

    Jesus, I Love You

  • ཡབ་ལགས། བདག་གི་སྙིང་རུས་ཆག་སོང༌། ཡབ་ལགས། བདག་གི་སེམས་མུན་པས་བསྒྲིབས། གུ་ཡངས་གནང་ཞིང་ང་རང་བསྒྱུར་ནས་སྐྱོབ་རོགས། འཇིག་རྟེན་འདི་བདག་ལ་སྟོང་བར་སྣང༌། དོན་མེད་ཅིང་གྲང་ངར་ཆེ། གསར་དུ་བསྒྱུར་ཅིང་གཙང་མར་མཛད་དེ་གང་བར་མཛོད། ང་ལ་ཁྱེད་རང་མཁའ་དབུགས་བཞིན་དུ་དགོས་ཤིང༌། ཁྱེད་ཀྱིས་ང་རང་ཁྱབ་ཅིང་ཧྲིལ་བོར་མཛད་རོགས། ངས་ཁྱེད་དྲུང་པུས་མོ་སར་བཙུགས་ཏེ། རང་སེམས་ལྷུག་པོར་བརྗོད།

    No Eng Title

  • ༡ ཡབ་དཀོན་མཆོག་གི་རྒྱལ་སྲིད། ཕ་ཡུལ་བོད་ལ་ཡོང་བར་ཤོག ཡབ་དཀོན་མཆོག་གི་རྒྱལ་སྲིད། ཕ་ཡུལ་བོད་ལ་ཡོང་བར་ཤོག ཡབ་དཀོན་མཆོག་གི་ཞི་བདེ། ཕ་ཡུལ་བོད་ལ་ཡོང་བར་ཤོག ཡབ་དཀོན་མཆོག་གི་ཞི་བདེ། ཕ་ཡུལ་བོད་ལ་ཡོང་བར་ཤོག ༢ ཡབ་དཀོན་མཆོག་གི་བྱམས་པ། ཕ་ཡུལ་བོད་ལ་གནང་བར་ཤོག ཡབ་དཀོན་མཆོག་གི་བྱམས་པ། ཕ་ཡུལ་བོད་ལ་གནང་བར་ཤོག ཡབ་དཀོན་མཆོག་གི་བྱིན་རླབས། ཕ་ཡུལ་བོད་ལ་གནང་བར་ཤོག ཡབ་དཀོན་མཆོག་གི་བྱིན་རླབས། ཕ་ཡུལ་བོད་ལ་གནང་བར་ཤོག ༣ ཡབ་དཀོན་མཆོག་གི་རེ་བ། ཕ་ཡུལ་བོད་ལ་གནང་བར་ཤོག ཡབ་དཀོན་མཆོག་གི་རེ་བ། ཕ་ཡུལ་བོད་ལ་གནང་བར་ཤོག ཡབ་དཀོན་མཆོག་གི་ཐར་པ། ཕ་ཡུལ་བོད་ལ་གནང་བར་ཤོག ཡབ་དཀོན་མཆོག་གི་ཐར་པ། ཕ་ཡུལ་བོད་ལ་གནང་བར་ཤོག ༤ ཡབ་དཀོན་མཆོག་གི་རྒྱལ་སྲིད། ཕ་ཡུལ་བོད་ལ་གནང་བར་ཤོག ཡབ་དཀོན་མཆོག་གི་བྱམས་པ། ཕ་ཡུལ་བོད་ལ་གནང་བར་ཤོག ཕ་ཡུལ་བོད་ལ་གནང་བར་ཤོག ཕ་ཡུལ་བོད་ལ་གནང་བར་ཤོག

    Kingdom Come

  • ༡ འཚོ་བ་སྐྱིད་པོ་མིན་ན།། སྐྱབས་མགོན་ཡེ་ཤུའི་མདུན་ནས།། དམ་པའི་གསུང་རབ་ཀློག་དང་།། ཡ་ཧོ་ཝ་ཡིས། ང་ཚོར་སྐྱིད་པོ་གནང་ཡོང་།། ༢ དཀའ་སྡུག་གནས་སུ་ལྷུང་ན།། དཀོན་མཆོག་ཡེ་ཤུའི་མདུན་ནས།། སྨོན་ལམ་བརྟན་པོས་ཞུས་དང་།། ཡ་ཧོ་ཝ་ཡིས། ང་ཚོར་ཐར་པ་གནང་ཡོང་།། ༣ སེམས་ལ་དགའ་སྤྲོ་མེད་ན།། གཙོ་བོ་ཡེ་ཤུའི་མདུན་ནས།། སྙན་པའི་བསྟོད་དབྱངས་ཕུལ་དང་།། ཡ་ཧོ་ཝ་ཡིས། ང་ཚོར་སྤྲོ་སྐྱིད་གནང་ཡོང་།། ༤ སེམས་ལ་ཞི་བདེ་མེད་ན།། དམ་པའི་ཐུགས་ཉིད་མདུན་ནས།། མིང ་སྲིང་ཁ་བརྡ་བྱོས་དང་།། ཡ་ཧོ་ཝ་ཡིས། ང་ཚོར་བདེན་པའི་ལམ་སྟོན།།

    The Lord’s Outlook

  • གཙོ་བོ་ཡེ་ཤུ་ཞོགས་པ་སྔ་མོ། ཁ་ཁུ་སིམ་པོའི་ས་ཆ་རུ་ཕེབས་པ་རེད། ངས་ཀྱང་ཁྱེད་ཀྱི་མདུན་དུ་ཞོགས་པ་སྔ་མོ། ཁ་ཁུ་སིམ་པོའི་སྨོན་ལམ་ཞུ་རྒྱུ་ཡིན། ༡ ཁྱེད་ཀྱི་བཀའ་བརྒྱུད་ནས་ངའི་གཉིད་དཀྲོགས་པར་མཛོད། ༢ ༢ དེ་རིང་ཉིན་མོ་ང་ཁྱེད་དང་མཉམ་དུ་སྡོད་རྒྱུ་ཡིན། ༢

    In the Early Morning, Jesus Went