Root/ trace
178
Nomad Song of Longing
༡ ཐག་རིང་རི་བོའི་རྩེ་མོ་ནས།། ལུག་རྫིའི་སྐད་སྒྲ་ཐོས་མ་བྱུང་།། ངུ་འབོད་ཆེན་པོས་ཞུ་བཞིན་ཡོད།། སྐྱབས་མགོན་ནམ་ཞིག་ཕེབས་ཡོང་ངམ།། ༢ རི་བོ་སྤང་ལྗོངས་སྔོན་པོ་ནས།། ལུག་དང་ལུག་རྫི་མཐོང་མ་བྱུང་།། ང་ཡིས་ཡང་ཡང་ཞུ་བཞིན་ཡོད།། སྐྱབས་མགོན་ནམ་ཞིག་ཕེབས་ཡོང་ངམ།། ༣ ཐོག་མར་ཨེ་དེན་ལྡུམ་རའི་ནང་།། མི་རྣམས་སྡུག་བསྔལ་ལས་སྐྱོབ་པར།། བླ་ན་མེད་པའི་དཀོན་མཆོག་གིས།། སྐྱབས་མགོན་ཕེབས་པའི་ཞལ་བཞེས་གནང་།། ༤ ང་ཚོའི་འཛམ་གླིང་ཁྱོན་ཡོངས་སུ།། ཞལ་བཞེས་སྒྲུབ་རྒྱུར་རེ་སྒུག་གནང་།། བློ་སེམས་གཅིག་སྒྲིལ་བཀའ་འདྲི་ཞུ།། སྐྱབས་མགོན་གནས་འདིར་ཕེབས་ཡོང་ངམ།།
178
178