Root/ trace

271

Psalm 67A Rajpur

TBWorld

༡ ཁྱེད་ལས་མཐོ་བའི་དཀོན་མཆོག་མེད།
   ཁྱེད་ནི་བྱམས་པ་ཆེན་པོ་ཡིན།
   ང་ཚོར་བྱིན་གྱིས་རླབས་རོགས་གནང་།
   ཁྱེད་ཀྱི་ཞལ་མཇལ་གསུང་ཐོས་ཤོག
       འཇིག་རྟེན་མི་རིགས་ཐམས་ཅད་ཀྱིས།
       ཁྱེད་ལ་བསྟོད་པ་འབུལ་བར་ཤོག ༢

༢ ཁྱེད་ལས་མཐོ་བའི་དཀོན་མཆོག་མེད།
   མི་རིགས་ཡོངས་ལ་བྱིན་གྱིས་རློབས།
   ཁྱེད་ཀྱི་ཐར་ལམ་སྟོན་རོགས་གནང་།
   ཁྱེད་ཀྱི་རྒྱལ་སྲིད་ཡོང་བར་ཤོག
       འཇིག་རྟེན་མི་རིགས་ཐམས་ཅད་ཀྱིས།
       ཁྱེད་ལ་བསྟོད་པ་འབུལ་བར་ཤོག ༢

༣ ཁྱེད་ལས་མཐོ་བའི་དཀོན་མཆོག་མེད།
   མི་རིགས་ཡོངས་ལ་ལམ་སྟོན་གནང་།
   ཁྱེད་ལ་བསྟོད་པའི་གླུ་དབྱངས་འབུལ།
   རབ་ཏུ་དགའ་བའི་བསྟོད་དབྱངས་འབུལ།
       འཇིག་རྟེན་མི་རིགས་ཐམས་ཅད་ཀྱིས།
       ཁྱེད་ལ་བསྟོད་པ་འབུལ་བར་ཤོག ༢

271

Kham Tibetan

271

Leave a Reply