• དམ་པའི་ཐུགས་ཉིད་ཀྱི་འབྲས་བུ་ཡིན་པའི། གཙོ་བོ་ཡེ་ཤུ་ཡི་གཤིས་ཀ་ནི། ༡ བྱམས་པ། དགའ་སྤྲོ། ཞི་བདེ། ངང་རྒྱུད་རིང་པོ། སྙིང་རྗེ། ཡ་རབས། ལྷག་བསམ་རྣམ་དག ཉམས་ཆུང༌། རང་ཚོད་ཟིན་པ། ༢ ༢ དམ་པའི་ཐུགས་ཉིད། ངའི་དཀོན་མཆོག གཙོ་བོ་ཡེ་ཤུ། ངའི་སྐྱབས་མགོན། ངའི་གཤིས་ཀ་བསྒྱུར་གནང་རོགས། གཙོ་བོ་ཡེ་ཤུ་ནང་བཞིན།། ༢

    Fruits of the Holy Spirit

  • ༡ དད་པ་ཡེ་ཤུ་ལ་བྱེད་ན། སྡིག་པ་ནས་ཐར་པ་འཐོབ་ཡོང་། སྡིག་སེལ་ཡེ་ཤུ་ལ་ཞུ་ན། སྡིག་སེལ་ཁོང་གིས་གནང་ཡོང་། སྡིག་སེལ་ཡེ་ཤུ་ལ་ཞུ་ན། སྡིག་སེལ་ཁོང་གིས་གནང་ཡོང་། ༢ དད་པ་ཡེ་ཤུ་ལ་བྱེད་ན། མི་ཚེ་གསར་པ་འཐོབ་ཡོང་། བསྟོད་གཞས་ཡེ་ཤུ་ལ་འབུལ་ན། བསྟོད་གཞས་ཁོང་གིས་གསན་ཡོང་། བསྟོད་གཞས་ཡེ་ཤུ་ལ་འབུལ་ན། བསྟོད་གཞས་ཁོང་གིས་གསན་ཡོང་། ༣ དད་པ་ཡེ་ཤུ་ལ་བྱེད་ན། ཤི་བ་ནས་ཐར་པ་འཐོབ་ཡོང་། དབང་ཡེ་ཤུ་ལ་ཞུ་ན། དབང་ཁོང་གིས་གནང་ཡོང་། དབང་ཡེ་ཤུ་ལ་ཞུ་ན། དབང་ཁོང་གིས་གནང་ཡོང་།།

    If You Believe

  • ཐུགས་རྗེ་ཆེ། ཡེ་ཤུ། ཐུགས་རྗེ་ཆེ། ཡེ་ཤུ། ༢ ཁྱེད་རང་ངའི་ཆེད་དུ་རྒྱངས་ཤིང་ལ་གྲོངས་པ་རེད། ༢ ཐུགས་རྗེ་ཆེ། ཡེ་ཤུ། ཐུགས་རྗེ་ཆེ། ཡེ་ཤུ། ༢ ཁྱེད་ལ་བསྟོད་དབྱངས་གཟི་བརྗིད་ཕུལ་གྱི་ཡིན།། ༢

    Thank You Jesus

  • ༡ ཐོག་མར་ཐུགས་སུ་བཅངས་ནས། དང་པོར་སྤྱན་གྱིས་གཟིགས་དུས། ཁྱེད་ཀྱི་བྱམས་བརྩེ་ཟབ་མོས། ང་ཚོར་རེ་སྒུག་མཛད་ཡོད། ༢ ཕྱིས་སུ་སྙིང་རྗེས་མ་བཟོད། དུང་སེམས་དྲག་པོས་བསྐུལ་ནས། ཡབ་ཆེན་དྲུང་ནས་ཕེབས་ཞིང༌། སླར་མཇལ་སྐལ་བ་བསྐྲུན་བྱུང༌། ཡེ་ཤུ། ང་ཡི་ཡེ་ཤུ། སུ་ཡང་ཁྱེད་ལ་སྒུག་མཁན། ཡང་བསྐྱར་སྟོབས་ཤུགས་འཛོམས་ཞིང༌། གླག་ལྷར་གཤོག་ཟུང་བརྐྱངས་ནས། ཁྱེད་དང་མཉམ་དུ་བསྐྱོད་ཡོང༌། ༣ ང་ཚོའི་ཡ་ཆུང་སེམས་འདི། ཁྱེད་ལ་དུང་ཞིང་སྒུག་ཕྱིར། ཅིག་ཅར་ཉིད་དུ་འགུག་རོགས། ཞུས་ནས་ཁྱེད་མདུན་གནས་ཡོང༌།།

    Waiting in Hope

  • ༡ ཐག་རིང་རི་བོའི་རྩེ་མོ་ན།། ལུག་རྫིའི་སྐད་སྒྲ་ཐོས་མ་བྱུང་།། ངུ་འབོད་ཆེན་པོས་ཞུས་པ་ཡིན།། སྐྱབས་མགོན་ག་དུས་ཕེབས་སམ་ཞུས།། ༢ རི་བོའི་སྤང་ལྗོངས་སྔོན་པོའི་ནང་།། ལུག་དང་ལུག་རྫི་མཐོང་མ་བྱུང་།། ང་ཡིས་ཡང་ཡང་ཞུས་པ་ཡིན།། སྐྱབས་མགོན་ག་དུས་ཕེབས་སམ་ཞུས།། ༣ ཐོག་མར་ཨེ་དེན་སྐྱེད་ཚལ་ནང་།། མི་རྣམས་སྡུག་བསྔལ་ལས་སྐྱབས་པར།། བླ་ན་མེད་པའི་དཀོན་མཆོག་གིས།། སྐྱབས་མགོན་ཕེབས་པའི་ཞལ་བཞེས་གནང་།། ༤ ང་ཚོའི་འཛམ་གླིང་ཁྱོན་ཡོངས་སུ།། ཞལ་བཞེས་སྒྲུབ་རྒྱུར་རེ་སྒུག་གནས།། བློ་སེམས་གཅིག་སྒྲིལ་བཀའ་དྲི་ཞུས།། སྐྱབས་མགོན་གནས་འདིར་ཕེབས་ཡོང་ངམ།།

    Nomad Song of Longing

  • ༡ སྙིང་རྗེའི་བྱིན་རླབས་གནང་ནས། མིང་སྲིང་ལྷན་འཛོམས་ལྡན་བྱུང་། ཕན་ཚུན་བརྩེ་བའི་བྱམས་པ། ཐུགས་ཉིད་དགའ་སྤྲོ་ཁེངས་པ། ༢ ཁོང་གི་གཤིས་འཇམ་མདུན་ནས། མིང་སྲིང་ལྷན་འཛོམས་ལྡན་བྱུང་། གཤིས་དྲང་བསྟོད་དབྱངས་ཕུལ་ན། དམ་པའི་སེམས་བཟང་ཡོད་པ། ༣ རང་ཚུགས་ཕ་ལམ་བརྟན་པོས། དཀའ་སྡུག་བཟོད་བསྲན་བྱས་ནས། སྐྱབས་མགོན་སྨོན་ལམ་ཐོབས་དང་། ཞི་བདེ་ཁོང་གིས་གནང་ཡོང་།། ༢

    He Will Give Peace

  • ༡ ཉིན་བཟང་སྐར་བཟང་གི་དུས་ཚོད་འདི་ལ། ཁྱེད་གཉིས་གཉེན་སྒྲིག་གི་སྟོན་མོ་འདིའི་ཐོག ང་ཚོས་དགའ་སྤྲོ་ཡི་གླུ་དབྱངས་ལེན་བཞིན། ཁྱེད་ལ་བཀྲ་ཤིས་པའི་རྟེན་འབྲེལ་ཞུ་འདོད། ༢ ཁྱེད་གཉིས་ཐེངས་དང་པོར་འཕྲད་པ་དེ་ནས། ཕན་ཚུན་བྱམས་བརྩེ་ཡིས་མཉམ་དུ་སྦྲེལ་ཞིང༌། དེ་རིང་ཁྱིམ་གཅིག་ཏུ་གྱུར་བ་འདི་ནི། ཅི་འདྲའི་ཡིད་འོང་གི་འབྲས་བུ་སྨིན་སོང༌། ༣ སྐྱེས་པ་བུད་མེད་གཉིས་གཉེན་སྒྲིག་པ་ནི། དཀོན་མཆོག་ཁོང་ཉིད་ཀྱི་ཐུགས་དགོངས་བཞིན་ཡིན། འབྲེལ་བ་དེའི་ནང་དུ་དཀོན་མཆོག་ཡོད་ན། ཐག་པ་སུམ་རྐྱ་བཞིན་སྲ་ཞིང་བརྟན་ངེས། ༤ གཙོ་བོས་ཆོས་ཚོགས་ལ་གཅེས་པ་བཞིན་དུ། སྐྱེས་པས་ཆུང་མ་ལ་བྱམས་ཤིང་གཅེས་དགོས། དེ་ཡང་ཆོས་ཚོགས་ཀྱིས་གཙོ་བོར་བཀུར་བཞིན། ཆུང་མས་སྐྱེས་པ་ལ་བརྩི་ཞིང་བཀུར་དགོས། ༥ དེ་ལྟར་འཚོ་བ་ནི་དཀོན་མཆོག་ཉིད་ཀྱིས། ཁྱེད་ཚོའི་འབྲེལ་བ་ལ་གནང་བའི་བཀའ་ཡིན། ཁྱེད་ཚོ་ཁོང་ཉིད་ཀྱི་བྱམས་པའི་ནང་དུ། མཉམ་དུ་མདུན་ལམ་ལ་སྐྱོད་པའི་སྨོན་འདུན།། ༢

    New Wedding Song

  • ༡ ༼བུའི་མིང་།༽ དང་ ༼བུ་མོའི་མིང་།༽ ཁྱེད་གཉིས། དཀོན་མཆོག་གིས་བཀོད་གནང་པ་རེད། གཙོ་བོ་ཡེ་ཤུ་ཡི་བྱམས་པ་བརྒྱུད་ནས། ཁྱེད་གཉིས་དེ་རིང་གཅིག་ཏུ་གྱུར། ༢ གཙོ་བོ་ཡེ་ཤུ་ཡི་ཞི་བདེ། ཁྱེད་གཉིས་ལ་ཡོང་བར་ཤོག གཙོ་བོ་ཡེ་ཤུ་ཡི་མཚན་བརྒྱུད་ནས། ཁྱེད་ལ་ཞི་བདེ་ཡོང་བར་ཤོག ༣ གཙོ་བོ་ཡེ་ཤུ་ཡི་བྱིན་རླབས། ཁྱེད་གཉིས་ལ་ཡོང་བར་ཤོག གཙོ་བོ་ཡེ་ཤུ་ཡི་མཚན་བརྒྱུད་ནས། ཁྱེད་ལ་བྱིན་རླབས་ཡོང་བར་ཤོག ། ༢

    Wedding Blessing Song

  • ཤར་ཕྱོགས་རི་བོའི་རྩེ་དེ་ནས། ཉི་མ་ཤར་བ་ནས་ཉི་མ་ནུབ་པའི་བར་དུ། གཙོ་བོའི་མཚན་བསྟོད་དབྱངས་ཕུལ་གྱི་ཡོད། ༢ ཧཱ་ལེ་ལུ་ཡཱ། གཙོ་བོའི་ཞབས་ཕྱི་བྱེད་མཁན་ཚང་མས། དཀོན་མཆོག་གི་མཚན་བསྟོད་དབྱངས་ཕུལ། ད་ལྟ་ནས་བྱས། རྒྱུན་ནས་རྒྱུན་དུ། དཀོན་མཆོག་གི་མཚན་བསྟོད་དབྱངས་ཕུལ་ཞིག །

    From The Rising Of The Sun

  • ༡ ཀ འཇིག་རྟེན་འདི་ནི་མ་བཀོད་སྔོན།། ངན་པའི་མིང་ཙམ་མེད་པ་ཡིན།། ངན་སེམས་འབྱུང་ཁུངས་སུ་ཡིན་ཤོད།། ངན་པའི་འབྲས་བུ་ཅི་ཡིན་ཤོད།། ༢ ཁ བདེ་བ་ཅན་གྱི་ཞིང་ཁམས་སུ།། ཕོ་ཉ་ཞིག་ནས་ངན་སེམས་བྱུང་།། དེ་ཡི་འབྲས་བུ་གདོན་འདྲེ་ཟེར།། བདེ་ཅན་དབྱིངས་ནས་ལྷུང་བ་ཡིན།། ༣ ཀ འཇིག་རྟེན་འདི་ནི་མ་བཀོད་སྔོན།། སྡིག་པ་མེད་ལ་འཆི་བ་མེད།། སྡིག་པ་ཐོག་མར་གང་ནས་བྱུང་།། སྡིག་པའི་འབྲས་བུ་ཇི་ཡིན་ཤོད།། ༤ ཁ ཨ་དམ་ཧཱ་ཝ་ཁོང་གཉིས་ཀྱིས།། བཀའ་དང་འགལ་ནས་ཤིང་འབྲས་བཟས།། སྡིག་པའི་ཐོག་མ་དེ་ནས་བྱུང་།། སྡིག་པའི་འབྲས་བུ་འཆི་བ་ཡིན།། ༥ ཀ འཇིག་རྟེན་འདི་ནང་སྡིག་པ་སླེབས།། མི་ལ་ཐར་བ་ཡོད་དམ་མེད།། སྡིག་པ་སེལ་མཁན་ཡོད་དམ་མེད།། ཐར་ལམ་སྟོན་མཁན་སུ་ཡིན་ཤོད།། ༦ ཁ དཀོན་མཆོག་ཁོང་གིས་གསུངས་པ་བཞིན།། ཉིན་གཅིག་སྐྱབས་མགོན་ཞིག་འཁྲུངས་ཡོང་།། ཁོང་གིས་བདུད་དང་སྡིག་པ་ལས།། ངེས་པར་རྒྱལ་ཁ་ཐོབ་ཡོང་ངོ་།།

    Song of the First Sin

  • ༡ ཀ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། འཇིག་རྟེན་འདི་ནི་ཇི་ལྟར་བྱུང་།། འཇིག་རྟེན་བཀོད་མཁན་སུ་ཡིན་ནམ།། ཐོག་མར་བཀོད་པ་ཅི་ཞིག་ཡིན།། བཟང་ངན་དབྱེ་བ་ཡོད་དམ་མེད།། གླུ་ཞིག་བཏང་ནས་དྲིས་པ་ཡིན།། ༢ ཁ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། འཇིག་རྟེན་འདི་ནི་སྟོང་པ་ཡིན།། འཇིག་རྟེན་བཀོད་མཁན་དཀོན་མཆོག་ཡིན།། སྔོན་ལ་བཀོད་པ་ཕོ་ཉ་ཡིན།། སྐབས་དེར་བཟང་པོ་ཁོ་ནར་ལས།། ངན་པའི་མིང་ཙམ་མེད་པ་ཡིན།། ༣ ཀ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། རྒྱུག་ཆུ་རྒྱ་མཚོ་ཅི་ཡང་མེད།། ས་གཞི་ཆེན་པོ་ཇི་ལྟར་བྱུང་།། རྒྱ་མཚོ་ཆེན་པོ་ཇི་ལྟར་བྱུང་།། རྩྭ་དང་རྩི་ཤིང་ཇི་ལྟར་བྱུང་།། གླུ་ཞིག་བཏང་ནས་དྲིས་པ་ཡིན།། ༤ ཁ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། རྒྱུག་ཆུ་རྒྱ་མཚོ་ཅི་ཡང་མེད།། མཚོ་དང་མཚེའུ་ཅི་ཡང་མེད།། དཀོན་མཆོག་བཀའ་བཞིན་ས་གཞི་བྱུང་།། རྩྭ་དང་རྩི་ཤིང་བསྐྱེད་དུ་བཅུག། རྒྱ་མཚོ་ཆེན་པོ་ཆུའི་ངོས་བྱུང་།། ༥ ཀ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། ཉི་ཟླ་སྐར་གསུམ་ཅི་ཡང་མེད།། ས་དང་རྒྱུ་སྐར་ཅི་ཡང་མེད།། ཉི་ཟླ་སྐར་གསུམ་ཇི་ལྟར་བྱུང་།། འདི་ཡི་མཛད་མཁན་སུ་ཡིན་ནམ།། གླུ་ཞིག་བཏང་ནས་དྲིས་པ་ཡིན།། ༦ ཁ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། ས་དང་རྒྱུ་སྐར་ཅི་ཡང་མེད།། ཉི་མ་ཟླ་བ་གང་ཡང་མེད།། ཉི་ཟླ་སྐར་གསུམ་མཛད་མཁན་དེ།། བླ་ན་མེད་པའི་དཀོན་མཆོག་ཡིན།། ཁོང་གིས་བཀའ་བཞིན་ཐམས་ཅད་བསྐྲུན།། ༧ ཀ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། དུད་འགྲོ་ཕྱུགས་དང་རི་དྭགས་མེད།། ས་ལ་གནས་པའི་འབུ་སྲིན་མེད།། འབུ་སྲིན་ཐམས་ཅད་ཇི་ལྟར་བྱུང་།། བྱ་དང་ཉ་རིགས་ཇི་ལྟར་བྱུང་།། གླུ་ཞིག་བཏང་ནས་དྲིས་པ་ཡིན།། ༨ ཁ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། དུད་འགྲོ་ཕྱུགས་དང་རི་དྭགས་མེད།། ས་དང་ནམ་མཁའི་འབུ་སྲིན་མེད།། བྱ་དང་ཉ་རིགས་གང་ཡང་མེད།། དཀོན་མཆོག་བཀའ་ལས་དེ་དག་བྱུང་།། རང་རང་རིགས་བཞིན་སྤེལ་དུ་བཅུག། ༩ ཀ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། ཁྱེད་ནི་མེད་ལ་ང་ཡང་མེད།། འཇིག་རྟེན་མི་རིགས་སུ་ཡིས་བཀོད།། ཕོ་མོའི་དབྱེ་བ་ཇི་ལྟར་བྱུང་།། མི་ཡི་ལས་དོན་གང་ཡིན་ཤོད།། གླུ་ཞིག་བཏང་ནས་དྲིས་པ་ཡིན།། ༡༠ ཁ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། ཁྱེད་ནི་མེད་ལ་ང་ཡང་མེད།། དཀོན་མཆོག་ཁོང་གིས་མི་རིགས་བཀོད།། འཇིག་རྟེན་ཁམས་འདི་སྐྱོང་རྒྱུའི་ཕྱིར།། ཁོང་གིས་སྔོན་ལ་ཕོ་ཞིག་བསྐྲུན།། སྐྱེས་པ་དེ་ལ་ཆུང་མ་བསྐྲུན།།

    Song of Creation

  • (ཕོ།) སྔ་དུས་བེད་ལེ་ཧེམ་ལ། སྔོན་གྱི་ལུང་བསྟན་བཞིན་དུ། མིར་ཡམ་ཡུམ་དུ་བཞེས་ནས། སྐྱབས་མགོན་ཡེ་ཤུ་འཁྲུངས་སོང་། (མོ།) གཞོན་ནུ་ལུག་རྫི་རྣམས་ཀྱིས། ཁོང་ལ་གུས་པའི་ཕྱག་དང་། དགའ་བའི་བསྟོད་དབྱངས་ཕུལ་ཏེ། ཀུན་ལ་འཕྲིན་བཟང་འཁྱེར་རོ། (ཕོ།) མུན་པས་གཡོགས་པའི་འཇིག་རྟེན། ཡེ་ཤུ་འཁྲུངས་པས། འགྲོ་བ། འགྲོ་བ་མིའི་རིགས་རྣམས་ཀྱི། འགྲོ་ལམ་གསལ་པོ་བཟོས་སོ། (མོ།) ཧཱ་ལེ་ལུ་ཡཱ། ཧ་ལེ། ཧཱ་ལེ་ལུ་ཡཱ། ཧ་ལེ། ད་ཁོང་ཚོར་སྐྱིད་པའི་ཉི་མ་ཤར། མི་ཚེ་གསར་པ་ཆགས་ཡོད། (ཕོ།) དེ་རིང་ཞི་བདེ་ཁང་ལ། གཙོ་བོའི་ཞལ་བཞེས་བཞིན་དུ། བཞོན་ནུ་ཕོ་མོའི་སེམས་ལ། སྐྱབས་མགོན་ཡེ་ཤུ་ཕེབས་ཡོད། (མོ།) ཁོང་ནས་ཐར་པ་ཐོབ་པར། ལུས་སེམས་གཙང་མ་བཟོས་ནས། དགའ་བའི་གླུ་དབྱངས་ལོངས་དང་། སྐྱབས་མགོན་ཡེ་ཤུ་ཐུགས་མཉེས། (ཕོ།) ཞི་བདེ་ཆོས་ཚོགས་ནང་ལ། དམ་པའི་ཐུགས་ཉིད་བཞུགས་པས། ཕོ་མོ་ཚང་མའི་སེམས་ལ། ཞི་བདེའི་ཞིང་དུ་སླེབས་ཡོད། (མོ།) ཧཱ་ལེ་ལུ་ཡཱ། ཧ་ལེ། ཧཱ་ལེ་ལུ་ཡཱ། ཧ་ལེ། ང་ཚོར་སྐྱིད་པའི་ཉི་མ་ཤར། སྐྱིད་པའི་ཉི་མ་ཤར་སོང་། གནམ་ས་གཉིས་ལ་ཤར་སོང་། སྐྱིད་པའི་ཉི་མ་ཤར་སོང་།།

    Ngadu Belehemla