• ༡ མི་རི་ཡམ་ནང་བཞིན་ང་གཅིག་པོ་ངུ་དུས། ཡེ་ཤུས་ངའི་རྩར་བཞེངས་ནས་འདི་འདྲ་གསུངས་པ། ཁྱེད། ག་རེ་བྱེད་ནས་ངུ་བཞིན་ཡོད། ཁྱེད། ག་རེ་བྱེད་ནས་ངུ་བཞིན་ཡོད། ང་ཁྱེད་དང་མཉམ་དུ་སྡོད་ཀྱི་ཡོད། ཞེད་སྣང་མ་བྱེད། ཞེད་སྣང་མ་བྱེད། ༢ ཉེ་གནས་རྣམས་ནང་བཞིན་མི་ལ་ཞེད་དུས། ཡེ་ཤུས་ངའི་རྩར་བཞེངས་ནས་འདི་འདྲ་གསུངས་པ། ཁྱེད་ཀྱི་སེམས་ལ་ཞི་བདེ་ཡོང་བར་ཤོག ཁྱེད་ཀྱི་སེམས་ལ་ཞི་བདེ་ཡོང་བར་ཤོག དམ་པའི་ཐུགས་ཉིད་སློང་ཞིག ཞེད་སྣང་མ་བྱེད། ཞེད་སྣང་མ་བྱེད། ༣ ཐོ་མཱ་ནང་བཞིན་ངའི་སེམས་ལ་དོག་པ་བྱུང་དུས། ཡེ་ཤུས་ངའི་རྩར་བཞེངས་ནས་འདི་འདྲ་གསུངས་པ། ཁྱེད་དོག་པ་མ་བྱེད་ང་ལ་དད་པ་བྱོས། ཁྱེད་དོག་པ་མ་བྱེད་ང་ལ་དད་པ་བྱོས། ང་ཁྱེད་དང་མཉམ་དུ་སྡོད་ཀྱི་ཡོད། ཞེད་སྣང་མ་བྱེད། ཞེད་སྣང་མ་བྱེད། ༤ མཐའ་མེད་པའི་སྲོག་ང་ལ་གནང་པ་རེད། ཁྱེད་ཀྱི་ཞབས་དྲུང་དུ་ཕྱག་འཚལ་གྱི་ཡིན། ཧཱ་ལེ་ལུ་ཡཱ། ཡེ་ཤུ་སྐུ་གསོན་པོར་བཞེངས། ཧཱ་ལེ་ལུ་ཡཱ། ཡེ་ཤུ་སྐུ་གསོན་པོར་བཞེངས། ཡེ་ཤུ་ཁྱེད། ང་དང་མཉམ་དུ་བཞུགས། ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ་ཡཱ། ༥ ཡེ་ཤུ་ཡི་རྒྱངས་ཤིང་གི་སྐུ་ཁྲག་བརྒྱུད་ནས། ང་ཡི་སྡིག་པ་ཚང་མ་མེད་པར་བཟོས་སོང༌། ཧཱ་ལེ་ལུ་ཡཱ། ཡེ་ཤུ་སྐུ་གསོན་པོར་བཞེངས། ཧཱ་ལེ་ལུ་ཡཱ། ཡེ་ཤུ་སྐུ་གསོན་པོར་བཞེངས། ཡེ་ཤུ་ཁྱེད། ང་དང་མཉམ་དུ་བཞུགས། ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ་ཡཱ།།

    Hallelujah He is Alive

  • བླ་ན་མེད་པའི་དཀོན་མཆོག་གི་ཞབས་དྲུང་དུ། ཀུན་གྱིས་པུས་མོ་བཙུགས་ཅིང་བསྟོད་པ་ཕུལ། དམ་པའི་དཀོན་མཆོག་གི་ཞབས་དྲུང་དུ། མགོ་སྒུར་ནས་ཕྱག་འཚལ་གྱི་ཡོད། ཡེ་ཤུ་ངའི་སྐྱབས་མགོན། ཡེ་ཤུ་ངའི་གཙོ་བོ། དཀོན་མཆོག་གི་ཐུགས་ཉིད་སྒོན་ནས། བསྟོད་པ་ཕུལ་གྱི་ཡོད།།

    Jesus, At Your Name

  • ༡ བྱམས་དང་སྙིང་རྗེ་ལྡན་པའི། གཙོ་བོ་ཡ་ཝེའི་བྱིན་རླབས། གངས་ཅན་བོད་ཀྱི་མི་ལ། རྒྱུན་དུ་འབྲལ་མེད་གནང་ཡོད། ༢ ༢ སྤྱོད་བཟང་བོད་མི་ང་ཚོས། རང་ལ་ཐར་པ་ཐོབ་པར། ཉིན་ལྟར་སྨོན་ལམ་སྐྱོན་དང་། སྐྱོན་དང་། སྐྱོན། སྐྱོན་དང་། སྐྱོན་དང་། དཀོན་མཆོག་གིས་སྐྱོབ་པར་ཕེབས་ཡོང་། ༢ ༣ སྐྱབས་མགོན་ཡེ་ཤུའི་བཀའ་གསུང་། དམ་པའི་ཐུགས་ཉིད་བརྒྱུད་ནས། བོད་མི་ཚང་མའི་སེམས་ལ། ཁོང་གིས་ཞི་བདེ་གནང་ཡོང་། ༢ ༤ ཉིད་ཀྱིས་གནང་བའི་སྐུ་ཁྲག རྒྱུ་ཆེན་ཚོང་པས་ཉོ་དཀའ། དབང་ཆེན་དཔོན་པོས་འཕྲོག་བྲལ། སེམས་ལ། སེམས། སེམས་ལ། སེམས་ལ། སྐུ་ཁྲག་སེམས་ལ་ཞོག་དང་།། ༢

    Cham Tang Nyingje Denbay

  • ༡ བོད་པའི་བུ་དང་བུ་མོ། སེམས་ཁྲལ་མང་པོ་མ་མཛད། སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡོད་རེད། ཁོང་གིས་ཁྱེད་རང་ལ་བྱམས་པ་གནང་ཡོང་། ༢ ༢ བོད་པའི་བུ་དང་བུ་མོ། སེམས་ངན་མང་པོ་མ་མཛད། སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡོད་རེད། ཁོང་གིས་ཁྱེད་རང་ལ་རེ་བ་གནང་ཡོང་། ༢ ༣ བོད་པའི་བུ་དང་བུ་མོ། སྡུག་བསྔལ་མང་པོ་མ་མཛད། སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡོད་རེད། ཁོང་གིས་ཁྱེད་རང་ལ་སེམས་ཤུགས་གནང་ཡོང་།། ༢

    Sons and Daughters

  • (བརྟན་དུ་རེ་བའི་སྒོར་གཞས།) བུ་དང་བུ་མོ་འདི་རུ་ཕེབས།། རོལ་ཆ་བཏང་ནས་སྒོར་གཞས་རྒྱོབ།། མི་རིགས་ཚང་མ་འདི་རུ་ཕེབས།། མགྱོགས་མྱུར་བསྟོད་དབྱངས་ཕུལ་བར་ཤོག། ༡ རིན་ཆེན་སྐྱབས་མགོན་ཡེ་ཤུ་ལ།། བདུད་ལས་རྒྱལ་ཁ་ཐོབ་ནས་བྱུང་།། འཆི་བའི་གནས་ལས་རྒྱལ་པས་ན།། གྲོངས་ནས་གསོན་པོར་བཞེངས་པ་ཡིན།། ༢ ༢ ཚེ་ཡི་མཐའ་མ་སླེབས་པའི་ཚེ།། འཇིག་རྟེན་ཕྱིར་ལོག་བྱུང་མི་སྲིད།། ཡབ་ཆེན་དཀོན་མཆོག་ཞབས་དྲུང་དུ།། ལམ་དེ་སྐྱབས་མགོན་ཡེ་ཤུ་ཡིན།། ༢ བུ་དང་བུ་མོ་འདི་རུ་ཕེབས།། རོལ་ཆ་བཏང་ནས་སྒོར་གཞས་རྒྱོབ།། མི་རིགས་ཚང་མ་འདི་རུ་ཕེབས།། མགྱོགས་མྱུར་བསྟོད་དབྱངས་ཕུལ་བར་ཤོག། ༣ རང་སེམས་སྡིག་པས་ནག་གྱུར་ཀྱང་།། སྐྱབས་མགོན་ཡེ་ཤུར་སྐྱབས་བཅོལ་ན།། ཁོང་གི་ཐུགས་རྗེས་བསལ་མཛད་ནས།། ཁོང་གིས་ནམ་ཡང་འདོར་མི་ཡོང་།། ༢ ༤ ཉིན་ཞིག་འཇིག་རྟེན་ཁམས་དེ་ནི།། མེ་ཡིས་ཚང་མ་བསྲེག་པ་ཡོང་།། དངོས་པོ་ཚང་མ་མེད་གྱུར་ཀྱང་།། ཡེ་ཤུའི་བཞུགས་ཁྲི་གནས་ངེས་རེད།། ༢ བུ་དང་བུ་མོ་འདི་རུ་ཕེབས།། རོལ་ཆ་བཏང་ནས་སྒོར་གཞས་རྒྱོབ།། མི་རིགས་ཚང་མ་འདི་རུ་ཕེབས།། མགྱོགས་མྱུར་བསྟོད་དབྱངས་ཕུལ་བར་ཤོག། ༢

    Round Dance of Eternal Life

  • ༡ བུ་ཆུང་ང་རང་སྤྲོ། སྤྲིན་པ་དཀར་པོའི་ངང་ཚུལ། ས་ཕྱོགས་གང་ལ་ཐོན་ཀྱང༌། ཐར་བའི་འཕྲིན་བཟང་བསྒྲགས་ཡོད། ༢ བུ་ཆུང་ང་རང་སྤྲོ། ནུབ་ཁའི་ཉི་མའི་ངང་ཚུལ། མཚམས་སྤྲིན་དམར་པོའི་བར་ནས། ལས་དབང་ཁོང་ལ་བཅོལ་ཡོད། ༣ བུ་ཆུང་ང་རང་སྐྱོ། སྟོན་ཁའི་སྡོང་ལོའི་ངང་ཚུལ། སིལ་སིལ་རླུང་བུའི་ཁྲོད་ནས། ཁྱེད་ཀྱི་བཀའ་དྲིན་དྲན་བྱུང༌།། ༢

    Thankfulness Song

  • ༡ ཕེབས་ཤོག་ཕེབས་ཤོག་ཕེབས་ཤོག སྐྱབས་མགོན་ཡེ་ཤུ་ཕེབས་ཤོག བསྟོད་དབྱངས་འབུལ། ཞབས་བྲོ་རྒྱོབ། སྐྱབས་མགོན་ཡེ་ཤུ་ཕེབས་ཤོག་ལ། ༢ ཕེབས་ཤོག་ཕེབས་ཤོག་ཕེབས་ཤོག དམ་པའི་ཐུགས་ཉིད་ཕེབས་ཤོག བསྟོད་དབྱངས་འབུལ། ཞབས་བྲོ་རྒྱོབ། དམ་པའི་ཐུགས་ཉིད་ཕེབས་ཤོག་ལ།།

    Come, Lord Jesus Come Pep Sho

    202

  • ༡ གནམ་ས་གཉིས་ཀྱི་བདག་པོ་ལགས། ཀུན་དབང་དཀོན་མཆོག་ཉིད་ཀྱིས། རེ་བ་དང་མ་འོངས་པ། གནང་བའི་ཐུགས་དགོངས་བཅངས་ཡོད། གནང་བའི་ཐུགས་དགོངས་བཅངས་ཡོད། ༢ ང་ཚོས་ཁོང་ཉིད་འབོད་ཅིང་། སྙིང་ནས་ཁོང་ཉིད་བཙལ་ན། ཁོང་གིས་ང་ཚོར་གསན་ཞིང་། ང་ཚོས་ཁོང་ཉིད་རྙེད་ཡོང་། ང་ཚོས་ཁོང་ཉིད་རྙེད་ཡོང་། ༣ སྐྱབས་མགོན་ཡེ་ཤུ་མཆོག་གིས། བྱམས་དང་སྙིང་རྗེ་ཆེན་པོས། བོད་རིགས་ས་ཕྱོགས་ཀུན་ལ། སྙིང་རྗེའི་ཆར་པ་ཕབ་རོགས། ཐར་པའི་ཆར་པ་ཕབ་རོགས།། ༢

    Lord of Heaven and Earth

  • ༡ ནམ་མཁའི་ཡབ་ལགས། ང་འདི་ལྟར་གྲང་མོ་ཅི་ཞིག་ཡིན་ནམ། ངས་ཅིའི་ཕྱིར་དེ་རིང་གི་ཁ་ཟས་མ་རྙེད་དམ། ང་ལ་ཉིན་རེའི་ཁ་ཟས་དེ་རིང་གནང་བར་མཛོད། འདི་ནི་ང་ཡིས་ཞུ་བ་ཡིན། ༢ ནམ་མཁའི་ཡབ་ལགས། ཅི་ཞིག་ལ་འཐབ་འཁྲུག་ལངས་དགོས་པ་ཡིན། ཅི་ཞིག་ལ་བྱིས་པ་འཐབ་འཁྲུག་ལ་ཞུགས་དགོས་སམ། མུན་པའི་འཇིག་རྟེན་ངན་པ་འདི་རང་འགོག་པའི་ཆེད། ང་ལ་ཤེས་རབ་གནང་བར་མཛོད། ཡུལ་མེད་བྱིས་པ་རྣམས་ནི། འཐབ་འཁྲུག་གིས་ཁེངས་བའི། འཛམ་གླིང་ཡུལ་ཕྱོགས་ཀུན་ཏུ། འཁྱམས་ནས་འགྲོ་བཞིན་འདུག དྭ་ཕྲུག་ཞིག་ལ་ཕ་མ་མེད་པ་དང་། ཅི་བྱེད་མི་ཤེས་ཡུལ་གྲུ་ཀུན་ལ་མྱུལ། སྐྱབས་བཅོལ་བྱིས་པ་ཆ་མེད་ཞིག་གིས། འཇིག་རྟེན་འདི་ལ། སྐད་ཆུང་ངུས་འདི་ལྟར་དྲིས་བྱུང་། ང་རང་ཁྱེད་དང་མཉམ་དུ་བསྡད་ཆོག་གམ། ༣ ནམ་མཁའི་ཡབ་ལགས། ཅི་ཞིག་ལ་ངས་ལས་ཀ་བྱེད་དགོས་སམ། ཅི་ཕྱིར་བྱིས་པ་བཟོ་གྲྭར་འགྲོ་དགོས་པ་ཡིན་ནམ། ང་ལ་དགེ་རྒན་ཞིག་དང་སློབ་གྲྭ་གནང་བར་མཛོད། ང་རང་དེ་རུ་འགྲོ་བར་འདོད། ༤ ནམ་མཁའི་ཡབ་ལགས། ཅི་ཞིག་ལ་སྡུག་བསྔལ་ཡོད་དགོས་པ་ཡིན། ཅི་ཕྱིར་བྱིས་པ་སྡུག་བསྔལ་དང་ངོ་ཚར་སྦྱར་བ་ཡིན། ང་ལ་ཨ་མ་ཨ་ཕ་ཡུལ་བཅས་གནང་བར་མཛོད། ང་རང་རྩེད་མོ་ལ་དགའོ།།

    Katulapsi

  • ༡ ནམ་མཁའི་དམག་མི་ས་གཞི་འདི་ལ་སླེབས་སོང༌། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། གདོན་འདྲེ་ཡི་རྒྱལ་པོ་དབང་ཤུགས་མེད་པར་གྱུར་སོང༌། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། རྒྱལ་ཁ། བསྟོད་དབྱངས། གཟི་བརྗིད། སྟོབས་ཤུགས་ལྡན་པའི་ཡེ་ཤུ་ལ། ༢ ༢ ཆུ་ལོག་ནང་བཞིན་ནག་ཁུང་གི་དབང་སླེབས་དུས། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། གཙོ་བོ་ཡེ་ཤུ་ཡི་སྐུ་ཁྲག་ལ་དད་པ་བྱོས། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། ༣ བདུད་གྱི་བར་ཆད་ཁྱེད་ཀྱི་བཀག་ཐུབ་ཀྱི་མེད། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། གཙོ་བོ་ཡེ་ཤུ་ཡི་རྒྱངས་ཤིང་ལ་དད་པ་བྱོས། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། ༤ གཙོ་བོ་ཡེ་ཤུས་ང་ལ་རྒྱལ་ཁ་གནང་སོང༌། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། ཧཱ་ལེ་ལུ་ཡཱ། ཡེ་ཤུ་ནི་འདི་ལ་བཞུགས་ཡོད། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད།།

    The Battle Belongs to the Lord

  • འདས་པའི་ཤི་བོ་དེ་དག་སྙིང་རེ་རྗེ།། གསོན་པའི་ཡུགས་མོ་དེ་དག་སྙིང་རེ་རྗེ།། ཕ་མེད་མ་མེད་དེ་དག་སྙིང་རེ་རྗེ།། དྭ་ཕྲུག་དམར་རྗེན་དེ་དག་སྙིང་རེ་རྗེ།། ཐུགས་རྗེ་ཅན་གྱིས་གངས་རིའི་རྩེ་ནས་གཟིགས།། རང་ས་རང་གིས་ཟིན་པར་བྱིན་གྱིས་རློབས།།

    Compassionate One

  • ༡ བདུད་ཀྱི་དོན་རྣམས་རྩ་ནས་མེད་པར་བཟོས། མུན་པའི་རྒྱལ་ཁམས་ཡོངས་ལ་འོད་ཟེར་འཕྲོས། མི་རྣམས་བཀའ་ཁྲིམས་དང་སྡིག་པ་ནས་སྐྱབས། འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན། ༢ ཁོང་གི་འཕྲིན་བཟང་དབུལ་པོ་རྣམས་ལ་བསྒྲགས། སྡུག་བསྔལ་བ་ལ་ཚེ་སྲོག་གསར་པ་གནང་། མྱ་ངན་བ་ལ་སྐྱབས་མགོན་ཡེ་ཤུ་འཁྲུངས། འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན། བསྟོད་བསྔགས་དཀོན་མཆོག་ལ་འབུལ། ༣ འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན། ༣ མི་རིགས་སྐད་རིགས་རུས་རྒྱུད་ཐམས་ཅད་ནས། མི་རྣམས་སྐྱོབ་ཅིང་ཁོང་གི་འབངས་སུ་འབོད། སྐུ་ཁྲག་གིས་ང་ཚོའི་སྡིག་པ་རྣམས་སེལ་སོང་། འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན། ༤ གྲོངས་ནས་སླར་གསོན་འཆི་བ་ཉིད་ལས་རྒྱལ། འོད་ཟེར་འཕྲོ་བ་བཞིན་དུ་ཕེབས་པར་འགྱུར། རྒྱུན་ནས་རྒྱུན་དུ་ཁོང་གིས་དབང་སྒྱུར་བྱེད། འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན། བསྟོད་བསྔགས་དཀོན་མཆོག་ལ་འབུལ། ༣ འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན།། ༥

    This is the Gospel of Christ