• མཛེས་པའི་རི་སྒང་དུ། གནས་པའི་དུས་སུའམ། མུན་ནག་གཏིང་རིམ་ནས། ས་རུ་འགྱེལ་སྐབས་སུ། མགོ་ཡར་འཇོག་པའི་དུས། གཙོ་བོས་ང་ཚོའི་ཆེད། གྲ་སྒྲིག་མཛད་པ་ཁྱེད་ཀྱིས་མཐོང་ཡོང་། ཆར་ཆུ་ངོ་གདོང་ལ། གཏོར་བ་ཡིན་ན་ཡང་། སྤྲིན་ཐོག་ཉི་མ། ནམ་ཡང་འགྱུར་བ་མེད། ཆར་ཆུ་ངོ་གདོང་ལ། གཏོར་བ་ཡིན་ན་ཡང་། ཨོ། ཨོ། ཁོང་འགྱུར་བ་མེད།

    Sun Above the Clouds

  • (མཉམ) ཨ་ཕས་ཡུལ་ནས་སྒུག་ཡོད། ང་ནི་ཡུལ་ལ་ལོག་རྒྱུ་ཡིན། ༢ (འགོ) མཚམས་མཚམས་དཀའ་ངལ་འཕྲད་འདུག ཐ་མག་འཐེན་ན་སྐྱིད་ཡོང་བསམ་སོང་། ཆང་རག་འཐུང་ན་སྐྱིད་ཡོང་བསམ་སོང་། ནག་པོ་འཐུང་ན་སྐྱིད་ཡོང་བསམ་སོང་། དགའ་བདེ་རོལ་ན་སྐྱིད་ཡོང་བསམ་སོང་། ཕྱི་རྒྱལ་འགྲིམ་ན་སྐྱིད་ཡོང་བསམ་སོང་། ཞབས་བྲོ་འཁྲབ་ན་སྐྱིད་ཡོང་བསམ་སོང་། རྒྱག་རེས་བྱས་ན་སྐྱིད་ཡོང་བསམ་སོང་། (མཉམ) ཨ་ཕས་ཡུལ་ནས་སྒུག་ཡོད། ང་ནི་ཡུལ་ལ་ལོག་རྒྱུ་ཡིན། ༢ (འགོ) ཨ་ཕ་ཡི་བཀའ་དྲིན་ནམ་ཡང་མི་བརྗེད། ཨ་ཕ་ཡི་བརྩེ་བ་བདེན་པའི་བརྩེ་བ། ཨ་ཕ་ཡི་སྙིང་རྗེ་བདེན་པའི་སྙིང་རྗེ། ཨ་ཕ་ཡི་བསླབ་བྱ་བདེན་པའི་བསླབ་བྱ། (མཉམ) ཨ་ཕས་ཡུལ་ནས་སྒུག་ཡོད། ང་ནི་ཡུལ་ལ་ལོག་རྒྱུ་ཡིན། ༢

    Rap Tsam Tsam

  • ༡ བརྩེ་ལྡན་གངས་ཕྲུག་གཞོན་ནུ་ཚོ། འཇིགས་རུང་མུན་པའི་གཏིང་རིམ་ནས། འོད་ཟེར་འཕྲོ་བའི་ལམ་དུ་འགྲོ། ང་ནི་ཡེ་ཤུའི་ཕོ་ཉ་ཡིན། ༢ ༢ མཛེས་པའི་ཨ་མདོ་ཡུལ་ལྗོངས་ནས། སྙན་པའི་བསྟོད་དབྱངས་ལེན་བཞིན་འགྲོ། དགའ་བའི་འཕྲིན་བཟང་བཤད་བཞིན་འགྲོ། ང་ནི་ཡེ་ཤུའི་ཕོ་ཉ་ཡིན། ༢ ༣ རྨ་ཀླུང་རིང་མོའི་འགྲམ་རྒྱུད་ནས། ཡེ་ཤུའི་མཚན་སྙན་སྒྲོག་བཞིན་འགྲོ། སྤུན་ཟླར་ཐར་ལམ་སྟོན་བཞིན་འགྲོ། ང་ནི་ཡེ་ཤུའི་ཕོ་ཉ་ཡིན། ༢

    Messenger of Jesus

  • ༡ གཙོ་བོ་ཡེ་ཤུའི་སྐུ་ཁྲག་ལ། བཀའ་དྲིན་དང་བདེན་པ་ཡོད། ངའི་སྡིག་པ་བསལ་བའི་ཡེ་ཤུས། ཚུར་ཤོག་གསུང་གིན་འདུག ཤིང་རྒྱ་གྲམ་མདུན་དུ། ད་ལྟ་ཡོང་བཞིན་ཡོད། ཁྱེད་ཀྱི་སྐུ་ཁྲག་བརྒྱུད་ནས། ངའི་སྡིག་པ་བསལ་རོགས་གནང༌། ༢ ཐང་ཆད་ནས་ཤུགས་མེད་དུས། ཡེ་ཤུས་ང་ཡི་མིང་བོས་ཏེ། ང་ཡི་སེམས་ལ་ཤུགས་གནང་ནས། ང་གསར་བ་བཟོས་གནང་སོང༌། ༣ བྱམས་པ་དང་ཞི་བདེ། ང་ལ་གནང་བའི་ཆེད་དུ། ངའི་མིང་འབོད་མཁན་ཡེ་ཤུ་ལ། ངས་དད་པ་བྱེད་རྒྱུ་ཡིན། ༤ སྡིག་པས་ཁེངས་པའི་ངའི་སེམས། ཡེ་ཤུས་སྡིག་སེལ་གནང་སོང༌། ནམ་མཁའ་ལས་ཞེང་ཆེ་བ། ཡེ་ཤུ་ཡི་བྱམས་པ། ༥ གཙོ་བོ་ཡེ་ཤུའི་སྐུ་ཁྲག་ནི། ངའི་སེམས་ཀྱི་དཔང་པོ་ཡིན། སེམས་གཏིང་ནས་ཞུས་པའི་ངའི་སྨོན་ལམ། བཀའ་ལན་གནང་རོགས་ཞུ།

    I Hear Thy Welcome Voice

  • ༡ གཙོ་བོ་ཡེ་ཤུའི་མཚན་ལ་དབང་ཤུགས་ཡོད། ༢ གཙོ་བོ་ཡེ་ཤུའི་མཚན་བརྒྱུད་ནས། གདོན་འདྲེ་རྣམས་ཀྱི་དབང་ཤུགས་ཉམས། ༢ གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ་ང་ཚོའི་རྒྱལ་པོ། ༢ ཡེ་ཤུ། ༢ གཙོ་བོ་ཡེ་ཤུའི་བསླབ་བྱ་ལ་དྲང་བདེན་ཡོད། ༢ གཙོ་བོ་ཡེ་ཤུའི་བསླབ་བྱ་བརྒྱུད་ནས། ང་ཚོའི་མི་ཚེ་ལ་འབྲས་བུ་བྱུང༌། ༢ གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ་ང་ཚོའི་རྒྱལ་པོ། ༢ ཡེ་ཤུ། ༣ གཙོ་བོ་ཡེ་ཤུའི་སྐུ་ཁྲག་ལ་དབང་ཤུགས་ཡོད། ༢ གཙོ་བོ་ཡེ་ཤུའི་སྐུ་ཁྲག་བརྒྱུད་ནས། ང་ཡི་སྡིག་པ་མེད་པར་གྱུར། ༢ གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ་ང་ཚོའི་རྒྱལ་པོ། ༢ ཡེ་ཤུ།

    There is Power in the Name of Jesus

  • གཙོ་བོ་ཡེ་ཤུ་ཞོགས་པ་སྔ་མོ། ཁ་ཁུ་སིམ་པོའི་ས་ཆ་རུ་ཕེབས་པ་རེད། ངས་ཀྱང་ཁྱེད་ཀྱི་མདུན་དུ་ཞོགས་པ་སྔ་མོ། ཁ་ཁུ་སིམ་པོའི་སྨོན་ལམ་ཞུ་རྒྱུ་ཡིན། ༡ ཁྱེད་ཀྱི་བཀའ་བརྒྱུད་ནས་ངའི་གཉིད་དཀྲོགས་པར་མཛོད། ༢ ༢ དེ་རིང་ཉིན་མོ་ང་ཁྱེད་དང་མཉམ་དུ་སྡོད་རྒྱུ་ཡིན། ༢

    In the Early Morning, Jesus Went

  • ༡ གཙོ་བོ་ཡེ་ཤུ་ལ་བསྟོད། ཡེ་ཤུ་ལ་བསྟོད། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཡེ་ཤུ་ནི་ཐམས་ཅད་ཀྱི་གཙོ་བོ། ཐམས་ཅད་ཀྱི་གཙོ་བོ། ཐམས་ཅད་ཀྱི་གཙོ་བོ། ཐམས་ཅད་ཀྱི་གཙོ་བོ། ཐམས་ཅད་ཀྱི་གཙོ་བོ། ༢ ཡེ་ཤུ་ལ་ནི་གྲོངས་ནས་སླར་ཡང་གསོན། ཡེ་ཤུ་ནི་ཚེ་སྲོག་ཡིན། ཡེ་ཤུ་ནི་ཚེ་སྲོག་ཡིན། ཡེ་ཤུ་ནི་ཚེ་སྲོག་ཡིན། ཡེ་ཤུ་ནི་ཚེ་སྲོག་ཡིན། ཡེ་ཤུ་ནི་ཚེ་སྲོག་ཡིན། ༣ ཡེ་ཤུ་ཁོང་ཡང་བསྐྱར་ཕེབས་པའི་དམ་བཅའ་ཡོད། ཁོང་ཕེབས་པའི་དམ་བཅའ་ཡོད། ཁོང་ཕེབས་པའི་དམ་བཅའ་ཡོད། ཁོང་ཕེབས་པའི་དམ་བཅའ་ཡོད། ཁོང་ཕེབས་པའི་དམ་བཅའ་ཡོད། ཁོང་ཕེབས་པའི་དམ་བཅའ་ཡོད། ཁོང་ཕེབས་ཡོང་། ཁོང་ཕེབས་ཡོང་། ༢

    Hallelujah to the Lord

  • ༡ གཙོ་བོ་ཡེ་ཤུ་མ་ཤི་ཀ  ཁྱེད་ནས་ལ་ནི་ཐར་བ་བྱུང་། ང་ཡིས་ལ་ནི་ཁྱེད་ལ་བསྟོད་པ་འབུལ། གཙོ་བོ་ཡེ་ཤུ་ལ། ཁྱེད་ནས་ལ་ནི་ཐར་བ་བྱུང་། ང་ཡིས་ལ་ནི་ཁྱེད་ལ་བསྟོད་པ་འབུལ། ༢ གཙོ་བོ་ཡེ་ཤུ་ལ་ཐུགས་རྗེ་ཆེ། ཁྱེད་ཀྱིས་ང་ལ་བྱམས་སྐྱོང་གནང་བྱུང་། ཁྱེད་ཀྱིས་ང་ལ་བརྩེ་བ་གནང་བྱུང་། གཙོ་བོ་ཡེ་ཤུ་ལ། ཁྱེད་ཀྱིས་ང་ལ་བྱམས་སྐྱོང་གནང་བྱུང་། ཁྱེད་ཀྱིས་ང་ལ་བརྩེ་བ་གནང་བྱུང་། ༣ གཙོ་བོ་ཡེ་ཤུ་ཁྱེད་ཀྱིས། ང་ལ་ཁྱེད་ཀྱིས་ལམ་སྟོན་གནང་བྱུང་། ང་ལ་ཁྱེད་ཀྱིས་བྱིན་རླབས་གནང་བྱུང་། གཙོ་བོ་ཡེ་ཤུ་ལ། ང་ལ་ཁྱེད་ཀྱིས་ལམ་སྟོན་གནང་བྱུང་། ང་ལ་ཁྱེད་ཀྱིས་བྱིན་རླབས་གནང་བྱུང་། ༤ གཙོ་བོ་ཡེ་ཤུ་མ་ཤི་ཀ  ཁྱེད་ནས་ལ་ནི་ཐར་བ་བྱུང་། ང་ཡིས་ལ་ནི་ཁྱེད་ལ་བསྟོད་པ་འབུལ། གཙོ་བོ་ཡེ་ཤུ་ལ། ཁྱེད་ནས་ལ་ནི་ཐར་བ་བྱུང་། ང་ཡིས་ལ་ནི་ཁྱེད་ལ་བསྟོད་པ་འབུལ།

    No Eng Title

  • ༡ གཙོ་བོ་ཡེ་ཤུ་ངའི་སེམས་ནང་ལ་ཡོད། ༢ གཙོ་བོ་ཡེ་ཤུ་ངའི་སེམས་ནང་ལ་ཡོད། ང་ལ་སུ་ཡིས་བར་ཆད་གཏོང་ཐུབ་པ་མིན། སོའོ་ཡ་འ་ལ་སོའོ།། ༢ གཙོ་བོ་ཡེ་ཤུ་ངའི་སེམས་ནང་ལ་ཡོད། ༢ གཙོ་བོ་ཡེ་ཤུ་ངའི་སེམས་ནང་ལ་ཡོད། གཙོ་བོ་ཁོང་ལས་བདེན་པ་སུ་ཡང་མེད། སོའོ་ཡ་འ་ལ་སོའོ།།

    Repentance Song #6

  • ༡ གཙོ་བོ་ཡེ་ཤུ། ཕེབས་རོགས་གནང་། ང་ཡི་སེམས་ལ། ཕེབས་རོགས་གནང་། ༢ ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ།  ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ།  ༢ གཙོ་བོ་ཡེ་ཤུ། གཟིགས་རོགས་གནང་། ང་ཡི་སེམས་ལ། གཟིགས་རོགས་གནང་། ༢ ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ།  ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ།  ༣ གཙོ་བོ་ཡེ་ཤུ། གསན་རོགས་གནང་། ང་ཡི་སྨོན་ལམ། གསན་རོགས་གནང་། ༢ ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ།  ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། (ཧ་ལེ་ལོའུ་ཡཱ།

    Lord Jesus Come

  • ༡ གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། ང་ཚོའི་རྒྱལ་པོ། གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། ང་ཚོའི་རྒྱལ་པོ། ང་ཁྱེད་ཀྱི་རྗེས་ལ་ཡོང་རྒྱུ་ཡིན། གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། ང་ཚོའི་རྒྱལ་པོ། ༢ གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། ང་ཚོའི་དཀོན་མཆོག གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། ང་ཚོའི་སྐྱབས་མགོན། ང་ཁྱེད་ཀྱི་རྗེས་ལ་ཡོང་རྒྱུ་ཡིན། གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། ང་ཚོའི་གྲོགས་པོ། ༣ གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། ང་ཚོའི་འགྲོ་ལམ། གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། ང་ཚོའི་དྲང་བདེན། ང་ཁྱེད་ཀྱི་རྗེས་ལ་ཡོང་རྒྱུ་ཡིན། གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། ང་ཚོའི་ཚེ་སྲོག ༤ གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། ང་ཚོའི་སྟོབས་ཤུགས། གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། ང་ཚོའི་དམིགས་ཡུལ། ང་ཁྱེད་ཀྱི་རྗེས་ལ་ཡོང་རྒྱུ་ཡིན། གཙོ་བོ་ཡེ་ཤུ། གཙོ་བོ་ཡེ་ཤུ། ང་ཚོའི་རེ་བ། ༥ ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཡེ་ཤུ་མ་ཤི་ཀ ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཡེ་ཤུ་མ་ཤི་ཀ ང་ཚོའི་མི་རིགས་ལ། བྱིན་རླབས་གནང་མཁན། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཡེ་ཤུ་མ་ཤི་ཀ

    The Lord Jesus

  • ༡ གཙོ་བོ་ཡེ་ཤུ་ཤིང་རྒྱ་གྲམ་སྟེང་གྲོངས་སོང་། ༢ ཐར་བ་ང་ལ་སྡུག་བསྔལ་ཁོང་གིས་མྱངས་སོང་། ༢ ༢ གཙོ་བོ་ཡེ་ཤུ་དགྲ་བོ་ལག་ནས་གྲོངས་སོང་། ༢ བྱམས་པ་ང་ལ་ན་ཟུག་ཁོང་ལ་ཕོག་སོང་། ༢ ༣ སྡིག་པ་མེད་པའི་སྐྱབས་མགོན་ཡེ་ཤུ་གྲོངས་སོང་། ༢ རེ་བ་ང་ལ་འཆི་བ་ཁོང་གིས་མྱངས་སོང་། ༢ ༤ ཡབ་དཀོན་མཆོག་གི་བྱམས་པའི་སྲས་གཅིག་གྲོངས་སོང་། ༢ ཞི་བདེ་ང་ལ་དཀའ་ལས་ཁོང་གིས་མྱངས་སོང་། ༢ ༥ གཙོ་བོ་ཡེ་ཤུ་ཞག་མ་གསུམ་པར་བཞེངས་སོང་། ༢ བདུད་ཀྱི་ངན་པའི་ལས་ཀ་ཚང་མ་ཕམ་སོང་། ༢

    The Cross