Root/ trace
79
What a Friend We Have in Jesus
༡ ཡེ་ཤུ་ཅི་འདྲའི་མཛའ་བརྩེ་ལྡན་པ། ང་ཚོའི་སྡིག་བསྔལ་ཕྲག་ཏུ་བསྣམས། དོན་ཀུན་དཀོན་མཆོག་ལ་ཞུ་ཆོག་པའི། གནང་སྦྱིན་དེ་ནི་ཅི་འདྲ་ཆེ། ཀྱེ། དོན་མེད་པའི་སེམས་སྡུག་ཇི་ཙམ། མཚམས་མཚམས་ང་ལ་ཅི་ལ་བྱུང་། ངས་དཀོན་མཆོག་ལ་མ་ཞུས་པའི་ཕྱིར། སྡུག་བསྔལ་དེ་ཐམས་ཅད་བྱུང་ངོ་།། ༢ ང་ལ་སྡུག་བསྔལ་དང་ཉམས་ཚོད་ཀྱིས། བཅོ་ཐབས་མེད་པར་ཀུན་ནས་མནན། ང་ཚོའི་ཡིད་སེམས་ཕམ་མི་དགོས་ཏེ། སྨོན་ལམ་བཏབ་ནས་གཙོ་བོར་གསོལ། ང་ཚོར་སྡུག་བསྔལ་བྱུང་བའི་དུས་སུ། ཁོང་དང་འདྲ་བ་སུ་ཡང་མེད། ཡེ་ཤུས་ང་ནུས་མེད་ཡིན་པ་མཁྱེན་པས། ཞུ་ལམ་ནས་གཙོ་བོ་ལ་གསོལ། ༣ ང་ཚོ་ཉོན་མོངས་ཁུར་ལྕིས་མནན་ཞིང་། སེམས་ཁྲེལ་མང་བས་སྡུག་བསྔལ་ཆེ། སྐྱབས་མགོན་མཆོག་ལ་སྐྱབས་སུ་འགྲོའོ། སྨོན་ལམ་འདེབས་ཤིང་ཁོང་ལ་ཞུ། གྲོགས་པོ་རྣམས་ཀྱིས་ང་ཚོ་སྤང་དུས། གཙོ་བོས་མཁྱེན་པས་ཁོང་ལ་ཞུས། ང་ཚོའི་ཁུར་པོ་ཇེ་ཡང་མཛད་ཅིང་། ཁོང་གིས་ང་ལ་ཞི་བདེ་གནང་།
J Scriven
1885
79
79