Songs
Resources for the songs
Celebration & SeasonsChildrenChristian LifeChristmasDanceEasterFaithFeaturedFolk SongFuneral and DeathGod FatherHopeInstrumentalJesus ChristKhammaps-no-listMarriageMission biographyMusicNewPrayerSalvationScriptureSongWorship
Amdo TibetanBuryatCentral TibetanChineseChinese PinyinDolpoDzongka Roman ScriptDzongkhaEnglishHindiHyolmoInner MongolianInstrumentalKham TibetanKhengkhaKoreanLepchaLhomiLowaLowa Roman ScriptMongolianNaabaNepaliNepali Roman ScriptNubriSekeSherpaSherpa Roman ScriptSikkimeseSpanishTibetanTibetan Roman ScriptTshangla
-
༡ ངའི་སེམས་ལ་བསྟོད་པ་ཡོད། ལག་པ་ཡར་བརྐྱང་གི་ཡིན། ཡེ་ཤུ་ངས་ཁྱེད་རང་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད། ཐུགས་རྗེ་ཆེ་ཞུ་ཀྱི་ཡོད། ཐུགས་རྗེ་ཆེ་ཞུ་གི་ཡོད། ཡེ་ཤུ་ངས་ཁྱེད་རང་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད། ༢ ཧཱ་ལེ་ལུ་ཡཱ་གཙོ་བོ། ༢ ཡེ་ཤུ་ངས་ཁྱེད་རང་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད།།
With My Hands Lifted Up
-
༡ ང་ཡེ་ཤུ་ལ་དད་པ་བྱེད་ཀྱི་ཡོད། ཁོང་ནི་དཀོན་མཆོག་གི་སྲས་དེ་ཡིན། ཁོང་གྲོངས་པ་ནས་གསོན་པོ་བཞེངས་བ་རེད། ཁོང་གིས་ང་ལ་ཐར་པ་གནང་བ་རེད། ཁོང་ང་ཚོའི་དཀྱིལ་ལ་བཞུགས་ཡོད། ཚང་མའི་དཀྱིལ་ལ་ཡོད། དྲག་བཟོ་བའི་དབང་ཁོང་མཉམ་དུ་ཡོད། སྡིག་སེལ་གནང་བའི་དབང་ཡང་ཡོད། ༢ ང་ཁྱེད་རང་ལ་དད་པ་བྱེད་ཀྱི་ཡོད། ཁྱེད་ནི་དཀོན་མཆོག་གི་སྲས་དེ་ཡིན། ཁྱེད་གྲོངས་ནས་གསོན་པོ་བཞེངས་བ་རེད། ཁྱེད་ཀྱིས་ང་ལ་ཐར་པ་གནང་བ་རེད། ཁྱེད་ང་ཚོའི་དཀྱིལ་ལ་བཞུགས་ཡོད། ཚང་མའི་དཀྱིལ་ལ་ཡོད། དྲག་བཟོ་བའི་དབང་ཁྱེད་མཉམ་དུ་ཡོད། སྡིག་སེལ་གནང་བའི་དབང་ཡང་ཡོད།།
I Believe in Jesus
-
༡ ང་ཚོས་དགའ་བའི་ལོན་ཞིག་ཐོས། ཡེ་ཤུ་ནི་སྐྱབས་མགོན་ཡིན། ལོན་འདི་མི་ཐམས་ཅད་ལ་ཤོད། ཡེ་ཤུ་ནི་སྐྱབས་མགོན་ཡིན། ༢ ལོན་འདི་ཡུལ་ཚང་མ་ལ་ཤོད། རི་རྣམས་འཛེགས་ནས་ཆུ་རྣམས་བརྒལ། ད་འགྲོ་གཙོ་བོས་འབོད་ཀྱིན་འདུག ཡེ་ཤུ་ནི་སྐྱབས་མགོན་ཡིན། ༣ དགའ་བའི་ལོན་འདི་རླུང་ལ་འཕྱར། ཡེ་ཤུ་ནི་སྐྱབས་མགོན་ཡིན། ལོན་འདི་སྡིག་ཅན་ཀུན་ལ་ཤོད། ཡེ་ཤུ་ནི་སྐྱབས་མགོན་ཡིན། ༤ མཚོ་ཡི་གླིང་རྣམས་གླུ་འདི་ལོངས། རྒྱ་མཚོའི་བྲག་ནས་བྲག་ཅ་འཁོར། འཇིག་རྟེན་འདི་བཀྲ་ཤིས་པར་འགྱུར། ཡེ་ཤུ་ནི་སྐྱབས་མགོན་ཡིན། ༥ ལས་ཀ་བྱེད་ཀྱི་གླུ་འདི་ལེན། ཡེ་ཤུ་ནི་སྐྱབས་མགོན་ཡིན། ཡེ་ཤུ་གྲོངས་ནས་སྡིག་སེལ་གནང་། ཡེ་ཤུ་ནི་སྐྱབས་མགོན་ཡིན། ༦ སྙིང་ལ་ཐུགས་རྗེ་ཐོབ་པའི་ཕྱིར། མཚན་མོའི་དུས་ཀྱང་གླུ་འདི་ལོངས། དུར་ནས་རྒྱལ་བའི་གླུ་འདི་བློངས། ཡེ་ཤུ་ནི་སྐྱབས་མགོན་ཡིན། ༧ རླུང་གིས་ཀྱང་སྒྲ་ཆེན་པོ་སྒྲགས། ཡེ་ཤུ་ནི་སྐྱབས་མགོན་ཡིན། མི་རྒྱུད་ཐམས་ཅད་དགའ་སྤྲོ་སྐྱེད། ཡེ་ཤུ་ནི་སྐྱབས་མགོན་ཡིན།།
We Have Heard
-
༡ ང་ཚོའི་ཡབ་ཆེན་དཀོན་མཆོག གང་འདྲའི་བྱམས་པ་གནང་སོང་། ཁོང་གིས་སྲས་གཅིག་ཡེ་ཤུ། འཇིག་རྟེན་འདི་ལ་གནང་སོང་། གང་འདྲའི་བྱམས་པ་ང་ལ་གནང་སོང་། གང་འདྲའི་བྱམས་པ་ཁྱེད་ལ་གནང་སོང་། ང་ལ་གནང་སོང་། ཁྱེད་ལ་གནང་སོང་། ༢ ང་ཚོའི་སྐྱབས་མགོན་ཡེ་ཤུ། ང་ལ་འཚོལ་ཁ་ཕེབས་བྱུང་། ང་རང་གཅིག་པོ་མ་རེད། ཁྱེད་ཡང་འཚོལ་ཁ་ཕེབས་བྱུང་། གང་འདྲའི་བྱམས་པས་ང་ལ་བཙལ་བྱུང་། གང་འདྲའི་བྱམས་པས་ཁྱེད་ལ་བཙལ་བྱུང་། ང་ལ་བཙལ་བྱུང་། ཁྱེད་ལ་བཙལ་བྱུང་། ༣ ཁོང་གིས་རང་གི་སྐུ་སྲོག ང་ཡི་དོན་ལ་གནང་སོང་། ང་རང་གཅིག་པོ་མ་རེད། ཚང་མའི་དོན་ལ་གནང་སོང་། གང་འདྲའི་བྱམས་པ་ང་ལ་གནང་སོང་། གང་འདྲའི་བྱམས་པ་ཁྱེད་ལ་གནང་སོང་། ང་ལ་གནང་སོང་། ཁྱེད་ལ་གནང་སོང་། ༤ ང་ཡིས་དད་པ་བྱས་པས། ང་ལ་ཐར་པ་གནང་སོང་། ཁྱེད་ཡང་དད་པ་བྱེད་ན། ཁྱེད་ཡང་ཐར་པ་གནང་ཡོང་། དད་པ་བྱེད་ན། ཐར་པ་གནང་ཡོང་། དད་པ་བྱེད་ན། ཐར་པ་གནང་ཡོང་། དད་པ་བྱེད་ན། ཐར་པ་གནང་ཡོང་། དད་པ་བྱེད་ན། ཐར་པ་གནང་ཡོང་།།
Our Great Father God
64, 30
-
༡ ང་ཚོའི་མི་རིགས་སྤུན་ཟླ་རྣམ་པ་ཚོ། འཛམ་གླིང་བཟོ་བའི་དྲིན་ཆེན་དཀོན་མཆོག་ལ། བློ་སེམས་གཅིག་ཏུ་བསྒྲིལ་ནས་སྨོན་ལམ་འདེབས། ༢ ཐམས་ཅད་ཁོང་གི་ལམ་ལ་སྐྱོད་པའི་དོན། ང་ཚོའི་མགོན་གཅིག་དཀོན་མཆོག་གི་སྲས་ཡེ་ཤུར། དུས་གསུམ་ཀུན་ལ་སྙིང་ནས་གསོལ་བ་འདེབས། སྐྱབས་མགོན་གཙོ་བོ་ཡེ་ཤུ། འཛམ་བུ་གླིང་ལ་འཁྲུངས་སོང་། ༢ ང་ཚོའི་སྡིག་སྒྲིབ་ཚང་མ། ཐམས་ཅད་ཁོང་གིས་བསལ་སོང་།། ༢
Our Brothers
-
༡ ང་ཚོའི་གཙོ་བོ་ཡེ་ཤུ་རིན་ཆེན་པོ་རེད། ༢ ཁྱེད་ང་ཚོ་ལ་བྱམས་སོང་། ༢ ང་ཁྱེད་རང་ལ་དགའ་སོང་། ༢ ང་ཚོའི་གཙོ་བོ་ཡེ་ཤུ་བཀའ་དྲིན་ཆེན་པོ་རེད་་་། ༢ ༣ ང་ཆོའི་གཙོ་བོ་ཡེ་ཤུ་གཟི་བརྗིད་ཆེན་པོ་རེད་་་། ༢ ༤ ང་ཚོའི་གཙོ་བོ་ཡེ་ཤུ་སྙིང་རྗེ་ཆེན་པོ་རེད་་་། ༢ ༥ ང་ཚོའི་གཙོ་བོ་ཡེ་ཤུ་ཐམས་ཅད་མཁྱེན་པ་རེད་་་།། ༢
Lord, You are so Precious to Me
-
༡ ང་ཚོའི་སྙིང་ནས་བརྩེ་བའི། འདྲེན་པའི་སྐྱབས་མགོན་ཡེ་ཤུ། བློ་སེམས་གཅིག་ཏུ་གཏད་ནས། རེ་བའི་འབྲས་བུ་སྨིན་སོང་། ༢ ཁོང་ལ་དད་མོས་ཞུས་ནས། སྡིག་ཅན་མི་རིགས་ཀུན་གྱི། མེས་པོའི་བརྒྱུད་ནས་བསགས་པའི། ལུས་ངག་སྡིག་སྒྲིབ་བསལ་སོང་། འཛམ་གླིང་མི་རིགས་ཐམས་ཅད། སྡིག་པའི་གཡུལ་ལས་རྒྱལ་ཕྱིར། རང་གཤིས་རྙིང་པའི་སྡིག་པ། སྤངས་ནས་གཙོ་བོའི་དྲུང་དུ་འགྲོ་ཆོག ༢ ༣ ཡེ་ཤུར་འགྱོད་བཤགས་ཕུལ་ན། ཁོང་གིས་མི་བཞེས་མི་འདུག ཡིད་འོང་ཅན་གྱི་ཞིང་ལ། འགྲོ་ན་བཀག་འགོག་མི་འདུག ༤ དགའ་དགའ་སྤྲོ་སྤྲོ་གནང་དང་། ཐར་པའི་ལམ་ལ་འགྲོ་ཆོག ཚེ་འདིར་སྣང་བ་སྐྱིད་པ། ཕྱི་མ་ཡབ་ཀྱི་དྲུང་དུ། དགའ་དགའ་སྤྲོ་སྤྲོ་ངང་ནས། ཡབ་ཆེན་དཀོན་མཆོག་མཇལ་ཡོང་། ཡེ་ཤུར་དད་མོས་ཞུས་པས། སྐྱེ་བ་གསར་པ་ཐོབ་བྱུང་།། ༢
Joy From Our Hearts
27, 50
-
༡ ང་ཚོའི་སྐྱབས་མགོན་ཡེ་ཤུ་རེད། འཛམ་བུ་གླིང་གི་དྲིན་ཆེན་རེད། ཁོང་ལ་དད་པ་བྱེད་ན་ནི། ཁོང་གིས་མི་ཚེ་གསར་པ་བཟོ། ༢ ང་ཚོས་ཁོང་ལ་དད་པ་བྱེད། ང་ཚོས་ཁོང་ལ་སྨོན་ལམ་བརྒྱབ། ཁོང་གིས་ང་ཚོར་བྱིན་རླབས་གནང་། ང་ཚོར་མི་ཚེ་སྐྱིད་པོ་ཡོང་གི་རེད། ཀྱེ། དཀོན་མཆོག དཀོན་མཆོག དཀོན་མཆོག་གི་སྲས། སྐྱབས་མགོན། སྐྱབས་མགོན་ཡེ་ཤུ་རེད། ང་ཚོ་ཚང་མའི་སྐྱབས་མགོན་ཡེ་ཤུ་རེད། ༢ ༣ ཁྱེད་ཀྱི་སྐུ་ལུས་རིན་ཆེན་དེ། འཛམ་བུ་གླིང་གི་བུ་ལོན་དང་། ཐམས་ཅད་སྡུག་བསྔལ་སྐྱོབ་པའི་ཆེད། རང་སྲོག་ང་ཚོའི་དོན་ལ་གནང་། ༤ འཛམ་བུ་གླིང་གི་དཀོན་མཆོག་རེད། འཛམ་བུ་གླིང་གི་སྐྱབས་མགོན་རེད། ཁོང་ལ་ཚང་མས་བསྟོད་བསྔགས་རྗོད། ཚང་མ་ཁྱེད་ཀྱི་སེམས་ལ་བཟུང་།།
Jesus Is Our Saviour (2)
63, 26
-
༡ ང་ཚོའི་སྐྱབས་མགོན་ཡེ་ཤུ། ཁྱེད་ནི་གཟི་བརྗིད་ཆེན་པོ། ཁྱེད་ལ་དད་པ་བྱས་ནས། སེམས་ཀྱི་སྡུག་བསྔལ་བསལ་སོང་། ཁྱེད་ལ་དད་པ་བྱས་ནས། སེམས་ཀྱི་སྡུག་བསྔལ་བསལ་སོང་། ང་རང་གཅིག་པོ་མ་རེད། ཚང་མའི་སྡུག་བསྔལ་བསལ་སོང་། ༢ ༢ ང་ཚོའི་སྐྱབས་མགོན་ཡེ་ཤུ། ག་འདྲའི་སྙིང་རྗེ་ཆེན་པོ། ཁྱེད་ཀྱི་སྐུ་ཁྲག་རིན་ཆེན། ང་ཚོའི་དོན་ལ་གནང་སོང་། ཁྱེད་ཀྱི་སྐུ་ཁྲག་རིན་ཆེན། ང་ཚོའི་དོན་ལ་གནང་སོང་། དེའི་ཆེད་དུ་ང་ཚོ་ཚང་མས། ཁྱེད་ཀྱི་མདུན་ལ་བཀྲ་ཤིས་སྨོན་ལམ་ཞུ་རྒྱུ།། ༢
Our Saviour Jesus
-
༡ ང་ཚོ་ཡི་སྐྱབས་མགོན་ཡེ་ཤུ་ཡིན། ང་ཚོ་ཡི་ཡིད་ཆེས་ཡེ་ཤུ་ཡིན། ང་ཚོ་ཡིས་ཁོང་ལ་དད་པ་བྱེད་ཀྱི་ཡོད་པ་རེད། དད་པ་བྱེད། ༢ ང་ཚོ་ཡི་གཟི་བརྗིད་ཡེ་ཤུ་ཡིན། ང་ཚོ་ཡི་མི་ཚེ་ཡེ་ཤུ་ཡིན། ཁོང་གིས་ང་ཚོ་ལ་བྱིན་རླབས་གནང་བ་རེད། གནང་བ་རེད། ༣ ང་ཚོ་ཡི་རེ་བ་ཡེ་ཤུ་ཡིན། ང་ཚོ་ཡི་གཟི་བརྗིད་ཡེ་ཤུ་ཡིན། ཁོང་གིས་ང་ཚོ་ལ་བྱིན་རླབས་གནང་བ་དེ་ལ། ཐུགས་རྗེ་ཆེ།།
Jesus Is Our Saviour (1)
-
༡ ང་ཚོ་འདི་རུ་འཛོམས་འཛོམས། ཡབ་ཆེན་དཀོན་མཆོག་མཇལ་ཞིང་། ཁོང་ལ་བསྟོད་པར་འཛོམས་ཡོད། སོའོ་ཡ་ལ། ང་ཚོ་འདི་རུ་འཛོམས་འཛོམས་ལ། ༢ ཁོང་གི་བུ་དང་བུ་མོ། ནང་གཅིག་ནང་བཞིན་ཚོགས་ན། ཡབ་ཆེན་དཀོན་མཆོག་ཕེབས་ཡོང་། སོའོ་ཡ་ལ། ང་ཚོའི་རྩ་ལ་ཕེབས་ཡོང་ལ། ༣ ཁོང་གི་མཚན་ལ་བསྟོད་ཅིང་། ཁོང་གི་བཀའ་ལ་ཉོན་དང་། གཙོ་བོ་ཡེ་ཤུ་མཇལ་ཡོང་། སོའོ་ཡ་ལ། ང་ཚོའི་རྒྱལ་པོ་ཕེབས་བྱུང་ལ།།
We are Gathered Here
-
༡ ངའི་མཉམ་དུ་གཙོ་བོ་ཡ་ཝེ་ལ། བསྟོད་པ་ཕུལ་བར་ཕེབས་ཤོག ལྷན་གཅིག་ཏུ་ཁོང་གི་མཚན་ལ། ངའི་མཉམ་དུ་གཙོ་བོར་བསྟོད་པ་ཕུལ་བར་ཤོག ༢ ཁྱེད་མཉམ་དུ་གཙོ་བོ་ཡ་ཝེ་ལ། བསྟོད་པ་ཕུལ་བར་ཡོང་གི་ཡོད། ལྷན་གཅིག་ཏུ་ཁོང་གི་མཚན་ལ། ཁྱེད་མཉམ་དུ་གཙོ་བོར་བསྟོད་པ་ཕུལ་གྱི་ཡིན།།
O Magnify the Lord with Me