Songs
Resources for the songs
Celebration & SeasonsChildrenChristian LifeChristmasDanceEasterFaithFeaturedFolk SongFuneral and DeathGod FatherHopeInstrumentalJesus ChristKhammaps-no-listMarriageMission biographyMusicNewPrayerSalvationScriptureSongWorship
Amdo TibetanBuryatCentral TibetanChineseChinese PinyinDolpoDzongka Roman ScriptDzongkhaEnglishHindiHyolmoInner MongolianInstrumentalKham TibetanKhengkhaKoreanLepchaLhomiLowaLowa Roman ScriptMongolianNaabaNepaliNepali Roman ScriptNubriSekeSherpaSherpa Roman ScriptSikkimeseSpanishTibetanTibetan Roman ScriptTshangla
-
༡ དམ་པའི་དམ་པ་མཁའ་ཁྱབ་འཇིག་རྟེན་མགོན། བདེ་བའི་ལམ་བཟང་གནང་བ་བདག་གིས་ཐོས། རང་གཤིས་རྙིང་པར་འདོད་བློ་མ་བྱུང་ཞིང་། སྣང་སེམས་བདེ་བ་གསར་འཚོལ་ཕྱོགས་སུ་གཡོ། ༢ གྲོག་མ་མིག་མེད་བདེ་བའི་དོན་དུ་རྒྱུག ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས། གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུག ༣ སྟོང་གསུམ་དཔལ་འབྱོར་ཐོབ་ཀྱང་མ་ཚིམས་པས། རྔམས་ཆེན་གཏོགས་འདོད་འབར་བའི་གྲགས་པ་ཅན། ཅང་ཤེས་སེམས་ཀྱི་བུ་ཆུང་ལྐུག་པ་འདིས། ཞི་བདེ་ཁྱབ་པའི་ནམ་མཁའི་རྒྱལ་སྲིད་འཚོལ། ༤ ཞི་བདེའི་རྒྱལ་པོ་ཨིམ་མ་ནུ་ཨེལ་པ། ཁྱེད་ཀྱི་དམ་པའི་ཐུགས་ཉིད་གནང་རོགས་གནང་། དམ་པའི་ཐུགས་ཉིད་མྱུར་དུ་སྩལ་དུ་གསོལ། བདག་གིས་ཁྱེད་ལ་རེ་བའི་བསྟོད་དབྱངས་ཕུལ།།
Holiest Saviour Of The World
-
༡ དམ་པ་དམ་པ་དམ་པ་ཀུན་དབང་གི་དཀོན་མཆོག ཐོ་རངས་སྔ་པོར་ང་ཚོས་ཁྱེད་ལ། བསྟོད་དབྱངས་ཕུལ་ལོ། དམ་པ་དམ་པ་དམ་པ་ཀུན་དབང་ཐུགས་རྗེའི་བདག་ཉིད། ཡབ་སྲས་ཐུགས་ཉིད་བྱིན་ལྡན་རྣམ་གསུམ་གཅིག་འདུས། ༢ དམ་པ་དམ་པ་དམ་པ་དམ་ཚོགས་རྣམས་ཀྱིས་ཁྱེད་ལ། གསེར་གྱི་ཅོད་པན་བཞུགས་ཁྲིའི་དྲུང་དུ། བཞག་ནས་རྟག་ཏུ། ཀེ་རུ་བིམ་དང་སེ་ར་ཕིམ་ཁྱེད་ལ་ཕྱག་འཚལ་ལོ། སྔར་ཡོད་ད་ལྟ་ཡོད་འབྱོར་བར་འགྱུར་བ་ལགས། ༣ དམ་པ་དམ་པ་དམ་པ་མུན་པས་ཁྱེད་བསྒྲིབས་ཤིང་། ཁྱེད་ཀྱི་གཟི་བརྗིད་སྡིག་ཅན་མིག་གིས་མཐོང་མི་ཐུབ་ཀྱང་། ཁྱེད་ལྟར་གཟི་བརྗིད་ཅན་དང་དམ་པ་གཞན་སུ་ཡང་མེད། བྱམས་བརྩེ་མཐུ་སྟོབས་དམ་པ་ཀུན་གྱི་མཆོག་གྱུར་ལགས། ༤ དམ་པ་དམ་པ་དམ་པ་ཀུན་དབང་གི་དཀོན་མཆོག རི་ཀླུང་འགྲོ་བ་ཚང་མས་ཁྱེད་ཀྱི་མཚན་ལ་བསྟོད་པར་ཤོག དམ་པ་དམ་པ་དམ་པ་ཀུན་དབང་ཐུགས་རྗེའི་བདག་ཉིད། ཡབ་སྲས་ཐུགས་ཉིད་བྱིན་ལྡན་རྣམ་གསུམ་གཅིག་འདུས།།
Holy, Holy, Holy
-
༡ དང་པོ་ལ་འཇིག་རྟེན་འདི་ལ་བསླེབས་དུས། ལ་ནི་སེམས་ནང་ལ་སྡུག་བསྔལ་གང་ཡོད། གཉིས་པར་སྐྱབས་མགོན་ཡེ་ཤུར་མཇལ་དུས། ལ་ནི་སེམས་ནང་གི་སྡུག་བསྔལ་བསལ་སོང་། གཉིས་པར་སྐྱབས་མགོན་ཡེ་ཤུར་མཇལ་དུས། ལ་ནི་སེམས་ནང་གི་སྡུག་བསྔལ་བསལ་སོང་། ༢ གཙོ་བོ་ལ་དད་པ་བྱེད་ནས། ལ་ནི་ཐར་པ་ཚུར་ལ་གནང་དང་། བླ་ན་མེད་པའི་དཀོན་མཆོག་ཁྱེད་རང་། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་དང་། བླ་ན་མེད་པའི་དཀོན་མཆོག་ཁྱེད་རང་། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་དང་། ང་ཡིས་ཁྱེད་ལ་རེ་བ་བྱེད། ཁྱེད་ཀྱིས་ང་ལ་ཕྱག་རོགས་ཞུ། བླ་ན་མེད་པའི་དཀོན་མཆོག་ཁྱེད་རང་། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་དང་། བླ་ན་མེད་པའི་དཀོན་མཆོག་ཁྱེད་རང་། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་དང་། ༣ བྱ་དེ་ལ་ཁྲུང་ཁྲུང་དཀར་པོ། ལ་ནི་གཤོག་རྩལ་ང་ལ་གཡར་དང་། གཤོག་རྩལ་ངོམ་བཞིན་ངོམ་བཞིན། ལ་ནི་དགའ་བའི་ལོན་བཤད་དུ་འགྲོ་ཆོག གཤོག་རྩལ་ངོམ་བཞིན་ངོམ་བཞིན། ལ་ནི་ཡབ་ཆེན་དཀོན་མཆོག་སྐུ་མདུན་འགྲོ་ཆོག ང་ཡིས་ཁྱེད་ལ་རེ་བ་བྱེད། ཁྱེད་ཀྱིས་ང་ལ་ཕྱག་རོགས་ཞུ། བླ་ན་མེད་པའི་དཀོན་མཆོག་ཁྱེད་རང་། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་དང་། བླ་ན་མེད་པའི་དཀོན་མཆོག་ཁྱེད་རང་། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་དང་།།
When I First Arrived
68, 44
-
༡ དང་པོ་ལ་དཀོན་མཆོག་གི་རྒྱལ་སྲིད་དང་། ཁོང་གི་དྲང་བ་ཉིད་དེ་བཙལ་ན། དེ་ཐམས་ཅད་ཁྱེད་རྣམས་ལ་གནང་བར་འགྱུར། ཧཱ་ལེ་ལུ། ཧཱ་ལེ་ལུ་ཡཱ། ༢ མི་ནི་བག་ལེབ་གཅིག་པོར་འཚོ་བ་མིན། དཀོན་མཆོག་གི་ཞལ་ནས་འབྱུང་བའི། བཀའ་ཐམས་ཅད་ལ་བརྟེན་ནས་འཚོ་བ་ཡིན། ཧཱ་ལེ་ལུ། ཧཱ་ལེ་ལུ་ཡཱ། ༣ སྨོན་ལམ་ཞུས་ན་ཁྱེད་ལ་འཐོབ་པར་འགྱུར། ཚོལ་ཞིག་ན་རྙེད་པར་འགྱུར་ངེས། སྒོ་རྡུངས་ན་སྒོ་དེ་ཕྱེད་པར་འགྱུར། ཧཱ་ལེ་ལུ། ཧཱ་ལེ་ལུ་ཡཱ། ༤ ཁྱེད་རྣམས་ཀྱི་འོད་དེ་མི་རྣམས་ཀྱི་མདུན་ལ། ཤར་དུ་བཅུག་ཅིག་དང་། དེ་ཚོས་ཁྱེད་ཀྱི་ལས་བཟང་པོ་རྣམས་མཐོང་སྟེ། ཡབ་ཆེན་ལ་བསྟོད་པར་འགྱུར་རོ། ༥ ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ། ཧཱ་ལེ་ལུ་ཡཱ།།
Seek Ye First (1)
-
༡ ཐུགས་རྗེ་ཆེ་ཡེ་ཤུ། ཐུགས་རྗེ་ཆེ་ཡེ་ཤུ། ཐུགས་རྗེ་ཆེ་ཡེ་ཤུ་ང་ཡི་སེམས་ནང་ནས། ༢ ༢ ཧཱ་ལེ་ལུ་ཡཱ་ཡེ་ཤུ། ཧཱ་ལེ་ལུ་ཡཱ་ཡེ་ཤུ། ཧཱ་ལེ་ལུ་ཡཱ་ཡེ་ཤུ་ང་ཡི་སེམས་ནང་ནས།། ༢
Thank You, Thank You Jesus
-
༡ ཐར་པའི་ཉི་མ་ཤར་སོང་། དགའ་བ་ལ། དེ་རིང་སེམས་པ་དགའ་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༢ སྐྱབས་མགོན་སྡིག་པ་མེད་པ། དགའ་བ་ལ། ང་ཚོའི་ཚབ་ལ་གྲོངས་སོང་། སྐྱོ་བ་ལ། སྐྱོ་བ་ལ། སྐྱོ་བ་ལ། ༣ རྒྱངས་ཤིང་སྡུག་བསྔལ་མྱངས་སོང་། སྡུག་པ་ལ། སྡིག་པ་ཐམས་ཅད་བསལ་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༤ གཙོ་བོ་ཡེ་ཤུ་གཤེགས་སོང་། སྡུག་པ་ལ། ཞག་མ་གསུམ་པར་བཞེངས་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༥ ཡེ་ཤུའི་སྐུ་ཁྲག་རིན་ཆེན། དགའ་བ་ལ། ང་ཚོའི་བླུ་རིན་གནང་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༦ འཆི་བའི་དབང་ནས་རྒྱལ་སོང་། དགའ་བ་ལ། བདུད་ཀྱི་དབང་ལས་རྒྱལ་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༧ སྐྱབས་མགོན་གཙོ་བོ་ཡེ་ཤུ། དགའ་བ་ལ། ནམ་རྒྱུན་གསོན་པོར་བཞུགས་ཡོད། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༨ སྐྱིད་པའི་ཉི་མ་ཤར་སོང་། དགའ་བ་ལ། དགའ་བའི་གླུ་གཞས་ལེན་ཞིག སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ།།
Salvation’s Day Has Dawned
-
༡ བསྟོད་དབྱངས་ཕུལ་ཞིག ཡ་ཝེ་ལ་མགུར་གླུ་གསར་པ་ཞིག་ཕུལ་ཞིག དམ་པ་རྣམས་ཀྱི་ཚོགས་ནང་ཁོང་ལ། བསྟོད་པར་གྱིས། ༢ ༢ བསྟོད་དབྱངས་ཕུལ་ཞིག ཡི་སི་རེལ་གྱི་མཛད་པོའི་ནང་དགའ་བར་ཤོག དཀོན་མཆོག་གི་མི་རྣམས་རྒྱལ་པོའི་རྐྱེན་གྱིས། སྐྱིད་པར་ཤོག ༢ ༣ བསྟོད་དབྱངས་ཕུལ་ཞིག གར་རྩེད་ཅིང་ཁོང་གི་མཚན་ལ་བསྟོད་པར་ཤོག རྔ་དང་སྒྲ་སྙན་གྱིས་ཁོང་ལ། བསྟོད་དབྱངས་ཕུལ་ཞིག ། ༢
Offer a Praise Song
-
༡ སྟོབས་དང་གཟི་བརྗིད་ལྡན་པའི། འཇིག་རྟེན་ཁམས་འདི་བཀོད་མཁན། ༢ གཙོ་བོ་ཡ་ཧོ་ཝཱ་ཡིན། འོད་ཟེར་ང་ཚོར་ཤར་འདུག ༢ ཡ་ཧོ་ཝཱ་ཡི་མི་སྡེ། ཐམས་ཅད་བདེ་ལ་བཀོད་འདུག ༢ ༢ བྱམས་དང་སྙིང་རྗེ་ཆེ་བའི། དྲིན་ཆེན་སྐྱབས་མགོན་ཡེ་ཤུ། ༢ རང་སྲོག་བློས་ལ་བཏང་བས། སྡིག་སྒྲིབ་ཚང་མ་དག་སོང་། ༢ སྐྱབས་མགོན་ཡེ་ཤུའི་མི་སྡེ། ཐར་བའི་ལམ་དུ་བཀོད་འདུག ། ༢
Powerful and Glorious
-
A (འབྲོག་གླུ།) ༡ སྟོད་གངས་རི་སྟེང་ནས་ཉི་མ་ཤར། བོད་ཁ་བ་ཅན་ལ་སྐྱབས་ཞིག་འཁྲུངས། ༢ བོད་གངས་ཅན་ཡུལ་གྱི་གཞོན་ནུ་ཚོས། གླུ་གར་རྩེད་བསྟོད་དབྱངས་ཁོང་ལ་ཕུལ། ༣ ཡུལ་ཞིང་མཆོག་ཡབ་ཆེན་སྐུ་མདུན་ལ། དུས་མྱུར་དུ་འགྲོ་བའི་སྨོན་འདུན་ཞུ། B (བོད་པའི་བསྟོད་དབྱངས།) ༡ ཡ་རེ། སྟོད་ལ་གངས་རི་སྟེང་ནས་ཉི་མ་ཤར་བྱུང་ལ། ཡ་རེ། བོད་ལ་ཁ་བ་ཅན་དུ་སྐྱབས་ཞིག་འཁྲུངས་སོང་ལ། ཡ་རེ། བོད་ལ་ཁ་བ་ཅན་དུ་སྐྱབས་ཞིག་འཁྲུངས་སོང་། ཨ་ལ་བཀྲ་ཤིས་ཤོག ། ༢ ཡ་རེ། བོད་ལ་གངས་ཅན་ཡུལ་གྱི་གཞོན་ནུ་ཕོ་མོ་ཚོ། ཡ་རེ། གླུ་ལེན་གར་རྩེད་བསྟོད་དབྱངས། ཁོང་ལ་ཕུལ་ཞིག་དང་། ཡ་རེ། གླུ་ལེན་གར་རྩེད་བསྟོད་དབྱངས་ཁོང་ལ་ཕུལ་ཞིག ཨ་ལ་བཀྲ་ཤིས་ཤོག ། ༣ ཡ་རེ། ཡུལ་ལ་ཞིང་མཆོག་ཡབ་ཆེན་དམ་པའི་སྐུ་མདུན་ལ། ཡ་རེ། དུས་ལ་མྱུར་ཏུ་བསླེབས་པའི་སྨོན་འདུན། ཡང་ཡང་ཞུ། ཡ་ར། དུས་ལ་མྱུར་ཏུ་བསླེབས་པའི་སྨོན་འདུན། ཡང་ཡང་ཞུ། ཨ་ལ་བཀྲ་ཤིས་ཤོག །
From The Snow Mountains
-
༡ སྙིང་རྗེ་དང་ཉམ་ཆུང་གི་སྐྱབས་མགོན་ལགས། ང་ཁྱེད་ཀྱི་རྗེས་ལ་ཡོང་གི་ཡོད། ཐམས་ཅད་སྤངས་ནས་ཡོང་གི་ཡོད། ཁྱེད་ཀྱིས་ང་ལ་ཁྲུས་གསོལ་གནང་རོགས་ཞུ། ༢ ངས་ཚེ་འདིའི་གང་ཡོད་ཚང་མ་ཁྱེད་ལ་ཕུལ། ད་ནས་ང་ཡི་ལུས་ངག་ཡིད་གསུམ་འདི། སྐྱབས་མགོན་ཁྱེད་ཀྱིས་ལེན་རོགས་གནང་། ཁྱེད་ཀྱིས་ཐར་ལམ་ང་ལ་གནང་རོགས་ཞུ། ཀྱེ། གཙོ་བོ་སྐྱབས་མགོན་ཡེ་ཤུ་ཁྱེད། ཀྱེ། བྱིན་རླབས་ང་ལ་གནང་རོགས་ཞུ། ཁྱེད་ནི་ཐམས་ཅད་མཁྱེན་པ་དང་། སྡུག་བསྔལ་ལས་སྐྱོབ་པའི་དྲིན་ཆེན། སྐྱབས་མགོན་ཡེ་ཤུ་རེད།།
Merciful and Humble Saviour
-
༡ སྙིང་རྗེ་དང་ཉམ་ཆུང་གི་སྐྱབས་མགོན་ལགས། ང་ཁྱེད་ཀྱི་རྗེས་ལ་ཡོང་གི་ཡོད། ཐམས་ཅད་སྤངས་ནས་ཡོང་གི་ཡོད། ཁྱེད་ཀྱིས་ང་ལ་ཁྲུས་གསོལ་གནང་རོགས་ཞུ། ༢ ངས་ཚེ་འདིའི་གང་ཡོད་ཚང་མ་ཁྱེད་ལ་ཕུལ། ད་ནས་ང་ཡི་ལུས་ངག་ཡིད་གསུམ་འདི། སྐྱབས་མགོན་ཁྱེད་ཀྱིས་ལེན་རོགས་གནང་། ཁྱེད་ཀྱིས་ཐར་ལམ་ང་ལ་གནང་རོགས་ཞུ། ཀྱེ། གཙོ་བོ་སྐྱབས་མགོན་ཡེ་ཤུ་ཁྱེད། ཀྱེ། བྱིན་རླབས་ང་ལ་གནང་རོགས་ཞུ། ཁྱེད་ནི་ཐམས་ཅད་མཁྱེན་པ་དང་། སྡུག་བསྔལ་ལས་སྐྱོབ་པའི་དྲིན་ཆེན། སྐྱབས་མགོན་ཡེ་ཤུ་རེད།།
Merciful and Humble Saviour
-
༡ ཉིན་གཅིག་མི་གཅིག་སོང་ནས། ཡ་ལ་སོ། ཞིང་ལ་ནོར་བུ་མཐོང་སོང་། ཡ་ལ་སོ། ཚང་མ་བཙོངས་པ་ཡིན་པས། ཞིང་ཉོས་ནོར་བུ་ཐོབ་སོང་། ༢ ༢ མཛེས་པའི་འཛམ་བུ་གླིང་དུ། ཡ་ལ་སོ། ནོར་བུ་མི་འདུག་མ་གསུངས། ཡ་ལ་སོ། སྐྱབས་མགོན་གཙོ་བོ་ཡེ་ཤུ། ནོར་བུ་མིན་ན་གང་རེད། ༢ ༣ ནོར་བུ་འདིའི་སྐོར་གོ་ན། ཡ་ལ་སོ། གཟབ་གཟབ་བྱས་ནས་གསན་དང་། ཡ་ལ་སོ། འཛམ་གླིང་ཆ་ཚང་རྫོགས་ཀྱང་། ནོར་བུ་འདི་ནི་གནས་ཡོང་། ༢ ༤ ཁྱེད་ཀྱི་ཐུགས་སེམས་ནང་ལ། ཡ་ལ་སོ། ནོར་བུ་འདི་ནི་བཞུགས་ན། ཡ་ལ་སོ། འཛམ་གླིང་ཆ་ཚང་རྫོགས་ཀྱང་། ནོར་བུ་ཁྱེད་ནང་གནས་ཡོང་།། ༢
One Day a Man Went Out