Songs
Resources for the songs
Celebration & SeasonsChildrenChristian LifeChristmasDanceEasterFaithFeaturedFolk SongFuneral and DeathGod FatherHopeInstrumentalJesus ChristKhammaps-no-listMarriageMission biographyMusicNewPrayerSalvationScriptureSongWorship
Amdo TibetanBuryatCentral TibetanChineseChinese PinyinDolpoDzongka Roman ScriptDzongkhaEnglishHindiHyolmoInner MongolianInstrumentalKham TibetanKhengkhaKoreanLepchaLhomiLowaLowa Roman ScriptMongolianNaabaNepaliNepali Roman ScriptNubriSekeSherpaSherpa Roman ScriptSikkimeseSpanishTibetanTibetan Roman ScriptTshangla
-
༡ ཀ འཇིག་རྟེན་འདི་ནི་མ་བཀོད་སྔོན།། ངན་པའི་མིང་ཙམ་མེད་པ་ཡིན།། ངན་སེམས་འབྱུང་ཁུངས་སུ་ཡིན་ཤོད།། ངན་པའི་འབྲས་བུ་ཅི་ཡིན་ཤོད།། ༢ ཁ བདེ་བ་ཅན་གྱི་ཞིང་ཁམས་སུ།། ཕོ་ཉ་ཞིག་ནས་ངན་སེམས་བྱུང་།། དེ་ཡི་འབྲས་བུ་གདོན་འདྲེ་ཟེར།། བདེ་ཅན་དབྱིངས་ནས་ལྷུང་བ་ཡིན།། ༣ ཀ འཇིག་རྟེན་འདི་ནི་མ་བཀོད་སྔོན།། སྡིག་པ་མེད་ལ་འཆི་བ་མེད།། སྡིག་པ་ཐོག་མར་གང་ནས་བྱུང་།། སྡིག་པའི་འབྲས་བུ་ཇི་ཡིན་ཤོད།། ༤ ཁ ཨ་དམ་ཧཱ་ཝ་ཁོང་གཉིས་ཀྱིས།། བཀའ་དང་འགལ་ནས་ཤིང་འབྲས་བཟས།། སྡིག་པའི་ཐོག་མ་དེ་ནས་བྱུང་།། སྡིག་པའི་འབྲས་བུ་འཆི་བ་ཡིན།། ༥ ཀ འཇིག་རྟེན་འདི་ནང་སྡིག་པ་སླེབས།། མི་ལ་ཐར་བ་ཡོད་དམ་མེད།། སྡིག་པ་སེལ་མཁན་ཡོད་དམ་མེད།། ཐར་ལམ་སྟོན་མཁན་སུ་ཡིན་ཤོད།། ༦ ཁ དཀོན་མཆོག་ཁོང་གིས་གསུངས་པ་བཞིན།། ཉིན་གཅིག་སྐྱབས་མགོན་ཞིག་འཁྲུངས་ཡོང་།། ཁོང་གིས་བདུད་དང་སྡིག་པ་ལས།། ངེས་པར་རྒྱལ་ཁ་ཐོབ་ཡོང་ངོ་།།
Song of the First Sin
173
-
༡ ཀ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། འཇིག་རྟེན་འདི་ནི་ཇི་ལྟར་བྱུང་།། འཇིག་རྟེན་བཀོད་མཁན་སུ་ཡིན་ནམ།། ཐོག་མར་བཀོད་པ་ཅི་ཞིག་ཡིན།། བཟང་ངན་དབྱེ་བ་ཡོད་དམ་མེད།། གླུ་ཞིག་བཏང་ནས་དྲིས་པ་ཡིན།། ༢ ཁ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། འཇིག་རྟེན་འདི་ནི་སྟོང་པ་ཡིན།། འཇིག་རྟེན་བཀོད་མཁན་དཀོན་མཆོག་ཡིན།། སྔོན་ལ་བཀོད་པ་ཕོ་ཉ་ཡིན།། སྐབས་དེར་བཟང་པོ་ཁོ་ནར་ལས།། ངན་པའི་མིང་ཙམ་མེད་པ་ཡིན།། ༣ ཀ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། རྒྱུག་ཆུ་རྒྱ་མཚོ་ཅི་ཡང་མེད།། ས་གཞི་ཆེན་པོ་ཇི་ལྟར་བྱུང་།། རྒྱ་མཚོ་ཆེན་པོ་ཇི་ལྟར་བྱུང་།། རྩྭ་དང་རྩི་ཤིང་ཇི་ལྟར་བྱུང་།། གླུ་ཞིག་བཏང་ནས་དྲིས་པ་ཡིན།། ༤ ཁ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། རྒྱུག་ཆུ་རྒྱ་མཚོ་ཅི་ཡང་མེད།། མཚོ་དང་མཚེའུ་ཅི་ཡང་མེད།། དཀོན་མཆོག་བཀའ་བཞིན་ས་གཞི་བྱུང་།། རྩྭ་དང་རྩི་ཤིང་བསྐྱེད་དུ་བཅུག། རྒྱ་མཚོ་ཆེན་པོ་ཆུའི་ངོས་བྱུང་།། ༥ ཀ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། ཉི་ཟླ་སྐར་གསུམ་ཅི་ཡང་མེད།། ས་དང་རྒྱུ་སྐར་ཅི་ཡང་མེད།། ཉི་ཟླ་སྐར་གསུམ་ཇི་ལྟར་བྱུང་།། འདི་ཡི་མཛད་མཁན་སུ་ཡིན་ནམ།། གླུ་ཞིག་བཏང་ནས་དྲིས་པ་ཡིན།། ༦ ཁ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། ས་དང་རྒྱུ་སྐར་ཅི་ཡང་མེད།། ཉི་མ་ཟླ་བ་གང་ཡང་མེད།། ཉི་ཟླ་སྐར་གསུམ་མཛད་མཁན་དེ།། བླ་ན་མེད་པའི་དཀོན་མཆོག་ཡིན།། ཁོང་གིས་བཀའ་བཞིན་ཐམས་ཅད་བསྐྲུན།། ༧ ཀ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། དུད་འགྲོ་ཕྱུགས་དང་རི་དྭགས་མེད།། ས་ལ་གནས་པའི་འབུ་སྲིན་མེད།། འབུ་སྲིན་ཐམས་ཅད་ཇི་ལྟར་བྱུང་།། བྱ་དང་ཉ་རིགས་ཇི་ལྟར་བྱུང་།། གླུ་ཞིག་བཏང་ནས་དྲིས་པ་ཡིན།། ༨ ཁ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། དུད་འགྲོ་ཕྱུགས་དང་རི་དྭགས་མེད།། ས་དང་ནམ་མཁའི་འབུ་སྲིན་མེད།། བྱ་དང་ཉ་རིགས་གང་ཡང་མེད།། དཀོན་མཆོག་བཀའ་ལས་དེ་དག་བྱུང་།། རང་རང་རིགས་བཞིན་སྤེལ་དུ་བཅུག། ༩ ཀ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། ཁྱེད་ནི་མེད་ལ་ང་ཡང་མེད།། འཇིག་རྟེན་མི་རིགས་སུ་ཡིས་བཀོད།། ཕོ་མོའི་དབྱེ་བ་ཇི་ལྟར་བྱུང་།། མི་ཡི་ལས་དོན་གང་ཡིན་ཤོད།། གླུ་ཞིག་བཏང་ནས་དྲིས་པ་ཡིན།། ༡༠ ཁ འཇིག་རྟེན་འདི་ནི་མ་བཀོད་སྔོན་ལ།། ཁྱེད་ནི་མེད་ལ་ང་ཡང་མེད།། དཀོན་མཆོག་ཁོང་གིས་མི་རིགས་བཀོད།། འཇིག་རྟེན་ཁམས་འདི་སྐྱོང་རྒྱུའི་ཕྱིར།། ཁོང་གིས་སྔོན་ལ་ཕོ་ཞིག་བསྐྲུན།། སྐྱེས་པ་དེ་ལ་ཆུང་མ་བསྐྲུན།།
Song of Creation
172
-
(ཕོ།) སྔ་དུས་བེད་ལེ་ཧེམ་ལ། སྔོན་གྱི་ལུང་བསྟན་བཞིན་དུ། མིར་ཡམ་ཡུམ་དུ་བཞེས་ནས། སྐྱབས་མགོན་ཡེ་ཤུ་འཁྲུངས་སོང་། (མོ།) གཞོན་ནུ་ལུག་རྫི་རྣམས་ཀྱིས། ཁོང་ལ་གུས་པའི་ཕྱག་དང་། དགའ་བའི་བསྟོད་དབྱངས་ཕུལ་ཏེ། ཀུན་ལ་འཕྲིན་བཟང་འཁྱེར་རོ། (ཕོ།) མུན་པས་གཡོགས་པའི་འཇིག་རྟེན། ཡེ་ཤུ་འཁྲུངས་པས། འགྲོ་བ། འགྲོ་བ་མིའི་རིགས་རྣམས་ཀྱི། འགྲོ་ལམ་གསལ་པོ་བཟོས་སོ། (མོ།) ཧཱ་ལེ་ལུ་ཡཱ། ཧ་ལེ། ཧཱ་ལེ་ལུ་ཡཱ། ཧ་ལེ། ད་ཁོང་ཚོར་སྐྱིད་པའི་ཉི་མ་ཤར། མི་ཚེ་གསར་པ་ཆགས་ཡོད། (ཕོ།) དེ་རིང་ཞི་བདེ་ཁང་ལ། གཙོ་བོའི་ཞལ་བཞེས་བཞིན་དུ། བཞོན་ནུ་ཕོ་མོའི་སེམས་ལ། སྐྱབས་མགོན་ཡེ་ཤུ་ཕེབས་ཡོད། (མོ།) ཁོང་ནས་ཐར་པ་ཐོབ་པར། ལུས་སེམས་གཙང་མ་བཟོས་ནས། དགའ་བའི་གླུ་དབྱངས་ལོངས་དང་། སྐྱབས་མགོན་ཡེ་ཤུ་ཐུགས་མཉེས། (ཕོ།) ཞི་བདེ་ཆོས་ཚོགས་ནང་ལ། དམ་པའི་ཐུགས་ཉིད་བཞུགས་པས། ཕོ་མོ་ཚང་མའི་སེམས་ལ། ཞི་བདེའི་ཞིང་དུ་སླེབས་ཡོད། (མོ།) ཧཱ་ལེ་ལུ་ཡཱ། ཧ་ལེ། ཧཱ་ལེ་ལུ་ཡཱ། ཧ་ལེ། ང་ཚོར་སྐྱིད་པའི་ཉི་མ་ཤར། སྐྱིད་པའི་ཉི་མ་ཤར་སོང་། གནམ་ས་གཉིས་ལ་ཤར་སོང་། སྐྱིད་པའི་ཉི་མ་ཤར་སོང་།།
Ngadu Belehemla
170
-
༡ ངེད་ཀྱི་གཙོ་བོ་ལུག་རྫི། ངེད་ཀྱི་གཙོ་བོ་རོགས་པ། ངེད་ཀྱི་གཙོ་བོ་རེ་བ། ངེད་ཀྱི་གཙོ་བོ་ཞི་བདེ། དཀོན་མཆོག་ལ་བསྟོད་དབྱངས་ཕུལ། དཀོན་མཆོག་ལ་མགོ་སྒུར། དཀོན་མཆོག་ལ་ཕྱག་འཚོལ། དཀོན་མཆོག་ལ་སྨོན་ལམ་རྒྱོབ། ༢ ང་ལ་གནང་དང་དམ་པའི་ཐུགས་ཉིད། ང་ལ་གནང་དང་ཁྱེད་ཀྱི་བརྩེ་བ། ང་ལ་གནང་དང་ཁྱེད་ཀྱི་བློ་གྲོས། ང་ལ་གནང་དང་ཁྱེད་ཀྱི་ཁྱད་ཆོས། དཀོན་མཆོག་ལ་བསྟོད་དབྱངས་ཕུལ། དཀོན་མཆོག་ལ་མགོ་སྒུར། དཀོན་མཆོག་ལ་ཕྱག་འཚོལ། དཀོན་མཆོག་ལ་སྨོན་ལམ་རྒྱོབ།། ༢
Ngey Tsowo Luktzi
169
-
༡ ངེད་ཀྱི་དཀོན་མཆོག་ལ་བསྟོད་དབྱངས་ཕུལ། གླུ་བཏང་ནས་ཞབས་བྲོ་རྒྱག་གི་ཡིན། བསྟོད་དབྱངས་ཕུལ་ནས་ཞབས་བྲོ་རྒྱོབ། ཞབས་བྲོ་བརྒྱབ་ནས་བསྟོད་དབྱངས་ཕུལ། ༢ ངེད་ཀྱི་དཀོན་མཆོག་ལ་བསྟོད་དབྱངས་ཕུལ། གླུ་བཏང་ནས་ཞབས་བྲོ་རྒྱག་གི་ཡིན། ངེད་ཀྱི་དཀོན་མཆོག་ལ་བསྟོད་དབྱངས་ཕུལ། གླུ་བཏང་ནས་ཞབས་བྲོ་རྒྱག་གི་ཡིན། བསྟོད་དབྱངས་ཕུལ་ནས་ཞབས་བྲོ་རྒྱོབ། ཞབས་བྲོ་བརྒྱབ་ནས་བསྟོད་དབྱངས་ཕུལ།།
Ngegi Konchok
168
-
(ངའི་བརྩེ་དུང་དང་པོ་ཡིན།) ངས་རིན་ཐང་ཆེ་བའི་སྤོས་ཆུ་གཙོ་བོའི་ཞབས་ལ་བྱུགས། འདི་ནི་བསྟོད་པ། འདི་ནི་བསྟོད་པ། ངས་རང་དབང་སྒོས་བྱམས་པ་ཡོད་ཚད་ཁྱེད་ལ་འབུལ། འདི་ནི་བསྟོད་པ། འདི་ནི་བསྟོད་པ། ཁྱེད་ལ་དགའ་བའི་དྲི་ཞིམ་གནས་འདི་ལ་ཁྱབ། ངའི་སེམས་གཏིང་གི་བྱམས་པ་དང་བསྟོད་པ་ཁྱེད་ལ་འབུལ། ཡེ་ཤུ། ཡེ་ཤུ། ངའི་བརྩེ་དུང་དང་པོ་ཡིན། ཡེ་ཤུ། ཡེ་ཤུ། ངའི་བརྩེ་དུང་དང་པོ་ཡིན།།
My First Love
166
-
༡ ངས་ད་ལྟ་ཡབ་དཀོན་མཆོག་ངོ་ཤེས་བྱུང་། ཁྱེད་འཇིག་རྟེན་ཧྲིལ་པོའི་ཁྲིམས་དཔོན། ངའི་དགྲ་བོ་ཁྱེད་ཀྱིས་ཚར་བཅད་ཅིང་། ༢ དུས་གཏན་དུ་མིང་ཡང་མེད་པར་མཛད། ང་ཚོ་ལ་སྙིང་རྗེ་མཛད། ཁྲི་མཐོན་པོར་བཞུགས་པའི་རྒྱལ་པོ་ཡིན། སེམས་གསར་པ་ཁྱེད་ཀྱིས་ང་ལ་གནང་། ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ། ཁྲི་མཐོན་པོར་བཞུགས་པའི་རྒྱལ་པོ་ཡིན། སེམས་གསར་པ་ཁྱེད་ཀྱིས་ང་ལ་གནང་། ༢ ངས་ད་ལྟ་ཡབ་དཀོན་མཆོག་ངོ་ཤེས་བྱུང་། ཁྱེད་འཇིག་རྟེན་ཧྲིལ་པོའི་སྐྱབས་མགོན། མི་རྣམས་ལ་ཁྱེད་ཀྱིས་བྱིན་རླབས་གནང་། ༢ ང་ཚོར་མཐའ་མེད་པའི་སྲོག་གནང་བྱུང་། ང་ཚོ་ལ་སྙིང་རྗེ་མཛད། རི་མཐོན་པོར་འདྲ་བའི་དབུ་འཕང་མཐོ། སྤང་མེ་ཏོག་བཞིན་གྱི་མཛེས་སྡུག་ལྡན། ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ། རི་མཐོན་པོར་འདྲ་བའི་དབུ་འཕང་མཐོ། སྤང་མེ་ཏོག་བཞིན་གྱི་མཛེས་སྡུག་ལྡན། ༢ ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ་ཡཱ།།
Ngay Tanda
165
-
ངའི་དགའ་བའི་ནམ་མཁའི་དཀོན་མཆོག་ཡབ་ཆེན། ཁྱེད་རང་གི་མཚན་ལ་བསྟོད་པ་ཕུལ་གྱི་ཡོད། གཙོ་བོའི་རྒྱལ་སྲིད་ནི་བསྟོད་དབྱངས་དཀྱིལ་ལ། དར་བར་ཤོག གཙོ་བོའོ་ནུས་སྟོབས་ལ་བསྟོད་པ་ཕུལ་གྱི་ཡོད། ཀུན་དབང་གི་དཀོན་མཆོག་ལ་བསྟོད་པར་ཤོག ཁྱེད་རྟག་པར་འགྱུར་བ་མེད་པའི་གཙོ་བོ། ཀུན་དབང་གི་དཀོན་མཆོག་ལ་བསྟོད་པར་ཤོག དུས་ནམ་ཡང་དབང་སྒྱུར་གི་ཡོད།།
Father In Heaven How I Love You
162
-
ངའི་ཞི་བདེ་ཁྱེད་ལ་སྤྲོད་པར་བྱ། ཞི་བདེ་འདི་འཇིག་རྟེན་ནང་ལེན་མི་ཐུབ། ཞི་བདེ་འདི་མི་རྣམས་ཀྱིས་ཧ་གོ་མི་ཐུབ། ངའི་ཞི་བདེས་ཁྱེད་གསོན་པར་བྱེད། ཞི་བདེ་འདི་ཁྱེད་ལ་སྤྲོད་པར་བྱ།།
My Peace I Give Unto You
164
-
༡ ངའི་སེམས་ཉིད། ཁྱེད་ཀྱིས་ག་རེ་བྱས་ནས། སེམས་ཤུགས་ཆགས་ཀྱི་ཡོད་དམ། དཀོན་མཆོག་ལ། རྒྱུན་དུ་ཡིད་ཆེས་བྱོས། ༣ ངའི་སེམས་ཉིད། ཁྱེད་ཀྱིས་ག་རེ་བྱས་ནས། སེམས་ཤུགས་ཆགས་ཀྱི་ཡོད་དམ། ༢ ངའི་སེམས་ཉིད། ཁྱེད་ཀྱིས་ག་རེ་བྱས་ནས། ངའི་ནང་དུ་ཞེད་སྣང་སྐྱེ་གི་ཡོད་དམ། དཀོན་མཆོག་ལ་ཁྱེད་ཀྱི་རེ་བ་ཞུས། ༣ ངའི་སེམས་ཉིད། ཁྱེད་ཀྱིས་ག་རེ་བྱས་ནས། ངའི་ནང་དུ་ཞེད་སྣང་སྐྱེ་གི་ཡོད་དམ། ༣ ངའི་སེམས་ཉིད། ཁྱེད་ཀྱིས་ག་རེ་བྱས་ནས། ངའི་ནང་དུ་སེམས་དཀྲུག་གི་ཡོད་དམ། དཀོན་མཆོག་ལ་ཁྱེད་ཀྱི་དགའ་སྤྲོ་ཞུས། ༣ ངའི་སེམས་ཉིད། ཁྱེད་ཀྱིས་ག་རེ་བྱས་ནས། ངའི་ནང་དུ་སེམས་དཀྲུག་གི་ཡོད་དམ།།
My Heart
161
-
༡ ང་ཡེ་ཤུའི་རྗེས་སུ་འབྲང་བར་ཐག་བཅད། ༣ ཕྱིར་ལོག་མི་འགྲོ། ཕྱིར་ལོག་མི་འགྲོ། ༢ མི་གཞན་ང་མཉམ་དུ་མི་འགྲོ་ཡང་ང་འགྲོ། ༣ ཕྱིར་ལོག་མི་འགྲོ། ཕྱིར་ལོག་མི་འགྲོ། ༣ རྒྱངས་ཤིང་ངའི་སྔོན་ལ། འཇིག་རྟེན་རྒྱབ་ལ་ཡོད། ༣ ཕྱིར་ལོག་མི་འགྲོ། ཕྱིར་ལོག་མི་འགྲོ། ༤ ང་ཡེ་ཤུའི་རྗེས་ལ་འགྲོ་བའི་དུས་ལ། ང་ཡེ་ཤུའི་རྗེས་ལ་འགྲོ་བའི་དུས་ལ། ངའི་སེམས་ནང་དགའ་སྤྲོས་ཁེངས་བཞིན་བསྡད་ནས་ཡོད། ཕྱིར་ལོག་མི་འགྲོ། ཕྱིར་ལོག་མི་འགྲོ།།
I Have Decided to Follow Jesus
-
ང་ཡི་བརྩེ་བའི་བུ་དང་བུ་མོ། ངའི་རྩ་ལ་ཤོག འཁུར་པོ་ཁུར་ནས་ཐང་ཆད་མཁན། ངའི་རྩ་ལ་ཤོག ངས་ཁྱེད་ལ་ངལ་གསོ་སྤྲོད་ཀྱི་ཡིན། ངས་ཁྱེད་ལ་ཞི་བདེ་སྤྲོད་ཀྱི་ཡིན། ཁྱེད་ཀྱི་སེམས་ཁྲལ་ཐམས་ཅད། ང་ལ་འཁྱེར་ཤོག །
My Beloved Son and Daughter
158