Songs
Resources for the songs
Celebration & SeasonsChildrenChristian LifeChristmasDanceEasterFaithFeaturedFolk SongFuneral and DeathGod FatherHopeInstrumentalJesus ChristKhammaps-no-listMarriageMission biographyMusicNewPrayerSalvationScriptureSongWorship
Amdo TibetanBuryatCentral TibetanChineseChinese PinyinDolpoDzongka Roman ScriptDzongkhaEnglishHindiHyolmoInner MongolianInstrumentalKham TibetanKhengkhaKoreanLepchaLhomiLowaLowa Roman ScriptMongolianNaabaNepaliNepali Roman ScriptNubriSekeSherpaSherpa Roman ScriptSikkimeseSpanishTibetanTibetan Roman ScriptTshangla
-
མོ་ཤེ་ཨེ་ཅིབ་ལ་ཡོད་དུས། ངའི་མི་འགྲོ་རུ་བཅུག ཁོ་ཚོའི་འཚོ་བ་ངོ་མ་དཀའ་འོ།། ངའི་མི་འགྲོ་རུ་བཅུག མོ་ཤེ་མར་ལ་སོང་ནས། ཨེ་ཅིབ་ཡི་རྒྱལ་ཁབ་ཏུ་སོང་ནས། རྒྱལ་པོར་ངའི་མི་འགྲོ་རུ་བཅུག་ཅེས་ཤོད།། ༢
Let My People Go
217
-
༡ ཡ་རེ། མེ་ཏོག་དཀར་པོ། གཙོ་བོ་ཁྱེད་ལ་ཕུལ་ཡོད་ལགས། ཡ་རེ། དེ་རིང་གཙོ་བོ་ཁྱེད་ཀྱི་འཁྲུངས་སྐར་ཉིན་མོ་ལགས། ཡ་རེ། མེ་ཏོག་དཀར་པོ། གཙོ་བོ་ཁྱེད་ལ་ཕུལ་ཡོད་ལ། གཙོ་བོ་ལགས། རྣམ་པ་ཚོ། ཁ་བཏགས་འཁྱེར་ཤོག ཤོག་གྲོགས་པོ་ཚོ། མེ་ཏོག་འཁྱེར་ཤོག དེ་རིང་གཙོ་བོའི་འཁྲུངས་སྐར་རེད། གྲོགས་པོ་ཚོ། ༢ ཡ་རེ། མེ་ཏོག་དམར་པོ། གཙོ་བོ་ཁྱེད་ལ་ཕུལ་ཡོད་ལགས། ཡ་རེ། སྐྱབས་མགོན་ཡེ་ཤུ་འཇིག་རྟེན་འདི་ལ་འཁྲུངས་ཡོད་ལགས། ཡ་རེ། མེ་ཏོག་དམར་པོ། སྐྱབས་མགོན་ཁྱེད་ལ་ཕུལ་ཡོད་ལ། གཙོ་བོ་ལགས། རྣམ་པ་ཚོ། སྡིག་བཤགས་ཕུལ་ཤོག གྲོགས་པོ་ཚོ། སེམས་པ་བསྒྱུར་ཤོག ཁྱེད་ལ་མི་ཚེ་གསར་པ་ཐོབ་ཡོང་། རྣམ་པ་ཚོ། ༣ ཡ་རེ། མེ་ཏོག་སྔོན་པོ། གཙོ་བོ་ཁྱེད་ལ་ཕུལ་ཡོད་ལགས། ཡ་རེ། གཙོ་བོ་ཡེ་ཤུ་པེད་ལེ་ཧེམ་དུ་འཁྲུངས་སོང་ལགས། ཡ་རེ། སྐྱབས་མགོན་ཁྱེད་ལ་མེ་ཏོག་འབུལ་བར་ཡོང་ཡོད་ལ། གཙོ་བོ་ལགས། རྣམ་པ་ཚོ། བསྟོད་དབྱངས་ཕུལ་ཞིག གྲོགས་པོ་ཚོ། སྨོན་ལམ་ཞུས་དང་། དེ་རིང་སྐྱབས་མགོན་འཁྲུངས་སྐར་རེད། ལུག་རྫི་ཚོ།
Received Salvation (Munbay Yokpay)
216
-
༡ ཡ་ལེ། མེ་ཏོག་དཀར་པོ་གངས་རི་སྟེང་ལ་བཞད་སོང་ལ། ཡ་ལེ། དཀོན་མཆོག་བཀའ་དྲིན། གངས་རི་ལས་ཀྱང་དཀར་བ། ༢ ཡ་ལ་དཀར་བ་རེད། ༢ ཡ་ལེ། མེ་ཏོག་དམར་པོ་རྫ་རི་སྟེང་ལ་བཞད་སོང་ལ། ཡ་ལེ། ཡེ་ཤུའི་མཚན་སྙན་རྫ་རི་ལས་ཀྱང་མཐོ་བ། ཡ་ལ་མཐོ་བ་རེད། ༣ ཡ་ལེ། གངས་ཅན་ཡུལ་ལ། སྐྱབས་མགོན་གཅིག་པུ་འཁྲུངས་སོང་ལ། ཡ་ལེ། མི་ཡི་སྡིག་པ་སེལ་བའི་ཆེད་དུ་ཡིན་ནོ། ༢ ཡ་ལ་བཀའ་དྲིན་ཆེ།
White Flower
215
-
༡ མུན་པས་གཡོགས་པའི་འཇིག་རྟེན་ཧྲིལ་པོ་ལ། སྐྱབས་མགོན་ལ་ནི་ཡེ་ཤུ་འཁྲུངས་པ། ཉི་འོད་ས་ལ་འཕྲོས་ནས། ཚང་མས་འགྲོ་ལམ་མཐོང་འདྲ། ༢ ཆར་པ་ས་ལ་བབས་ནས། ཐམས་ཅད་མཛེས་སྡུག་བཀོད་འདྲ། ༢ སྐྱབས་མགོན་ཡེ་ཤུ་འཁྲུངས་ས། པེད་ལེ་ལ་ནི་ཧེམ་དུ་ཡིན་ནོ། ༢ སྐྱབས་མགོན་ཡེ་ཤུ་ཕེབས་ས། ནམ་མཁའི་ཞིང་ཁམས་ཡིན་ནོ། སྐྱབས་མགོན་ཡེ་ཤུས་ཐུགས་ཉིད། ཚང་མའི་སྙིང་ལ་གནང་བྱུང་།
Munbay Yokpay
214
-
༡ མིར་ཡམ་ནང་བཞིན་ང་གཅིག་པོ་ངུ་དུས། ཡེ་ཤུས་ངའི་རྩར་བཞེངས་ནས་འདི་འདྲ་གསུངས་པ། ཁྱེད། ཅི་ཕྱིར་འདི་ལྟར་ངུ་བཞིན་ཡོད། ཁྱེད། ཅི་ཕྱིར་འདི་ལྟར་ངུ་བཞིན་ཡོད། ང་ཁྱེད་དང་མཉམ་དུ་བསྡད་ནས་ཡོད། འཇིགས་སྣང་མ་སྐྱེས། འཇིགས་སྣང་མ་སྐྱེས། ༢ ཉེ་གནས་རྣམས་ནང་བཞིན་མི་ལ་འཇིགས་དུས། ཡེ་ཤུས་ངའི་རྩར་བཞེངས་ནས་འདི་འདྲ་གསུངས་པ། ཁྱེད་ཀྱི་སེམས་ལ་ཞི་བདེ་ཡོང་བར་ཤོག ཁྱེད་ཀྱི་སེམས་ལ་ཞི་བདེ་ཡོང་བར་ཤོག དམ་པའི་ཐུགས་ཉིད་སློང་ཞིག འཇིགས་སྣང་མ་སྐྱེས། འཇིགས་སྣང་མ་སྐྱེས། ༣ ཐོ་མཱ་ནང་བཞིན་ངའི་སེམས་ལ་དོགས་པ་སྐྱེས་དུས། ཡེ་ཤུས་ངའི་རྩར་བཞེངས་ནས་འདི་འདྲ་གསུངས་པ། ཁྱེད་དོགས་པ་མ་སྐྱེས་ང་ལ་དད་པ་བྱོས། ཁྱེད་དོགས་པ་མ་སྐྱེས་ང་ལ་དད་པ་བྱོས། ང་ཁྱེད་དང་མཉམ་དུ་བསྡད་ནས་ཡོད། འཇིགས་སྣང་མ་སྐྱེས། འཇིགས་སྣང་མ་སྐྱེས། ༤ མཐའ་མེད་པའི་སྲོག་ང་ལ་གནང་བ་རེད། ཁྱེད་ཀྱི་ཞབས་དྲུང་དུ་ཕྱག་འཚལ་རྒྱུ་ཡིན། ཧ་ལེ་ལོའུ་ཡཱ། ཡེ་ཤུ་སྐུ་གསོན་པོར་བཞེངས། ཧ་ལེ་ལོའུ་ཡཱ། ཡེ་ཤུ་སྐུ་གསོན་པོར་བཞེངས། ཡེ་ཤུ་ཁྱེད། ང་དང་མཉམ་དུ་བཞུགས། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ༥ ཡེ་ཤུའི་ཤིང་རྒྱ་གྲམ་གྱི་སྐུ་ཁྲག་བརྒྱུད་ནས། ང་ཡི་སྡིག་པ་ཚང་མ་མེད་པར་བཟོས་སོང༌། ཧ་ལེ་ལོའུ་ཡཱ། ཡེ་ཤུ་སྐུ་གསོན་པོར་བཞེངས། ཧ་ལེ་ལོའུ་ཡཱ། ཡེ་ཤུ་སྐུ་གསོན་པོར་བཞེངས། ཡེ་ཤུ་ཁྱེད། ང་དང་མཉམ་དུ་བཞུགས། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ།
Hallelujah He is Alive
213
-
སྤོབས་པ་བསྐྱེད། (སྤོབས་པ་བསྐྱེད།) སྟོབས་ཤུགས་འཛོམས། (སྟོབས་ཤུགས་འཛོམས།) ཁྱེད་ཀྱི་དཀོན་མཆོག་ཁྱེད་དང་མཉམ་དུ་བཞུགས། སྤོབས་པ་བསྐྱེད། (སྤོབས་པ་བསྐྱེད།) སྟོབས་ཤུགས་འཛོམས། (སྟོབས་ཤུགས་འཛོམས།) ཁྱེད་ཀྱི་དཀོན་མཆོག་ཁྱེད་དང་མཉམ་དུ་བཞུགས། ང་རང་ཅི་མི་སྐྲག (མི་སྐྲག) ང་ལ་འཇིགས་སྣང་ཅི་ཡང་མེད། (ཅི་ཡང་མེད།) ང་ནི་དད་པ་དང་རྒྱལ་ཁ་ནང་དུ་སྐྱོད། ཤོག་དང་དད་པ་དང་རྒྱལ་ཁ་ནང་དུ་སྐྱོད། དཀོན་མཆོག་ཁོང་ནི་ཁྱོད་དང་མཉམ་དུ་བཞུགས།
Be Bold, Be Strong
211
-
༡ བླ་ན་མེད་པའི་རྒྱལ་པོའི་རྒྱལ་པོ་ནི་གཙོ་བོ་ཡིན། ཡེ་ཤུའི་གཟི་བརྗིད་མཐོན་པོར་བསྒྲེངས་པ་ཡིན། གཙོ་བོའི་མཚན་ལ་བསྟོད་བསྔགས་བརྗོད། ང་ཡི་སེམས་ནས་ཁྱེད་ལ་བསྟོད་བསྔགས་བརྗོད། ང་ཡིས་ཆེས་ཁྱད་དུ་འཕགས་པའི། བསྟོད་བསྔགས་ཁྱེད་ལ་འབུལ། ༢ ༢ རྒྱུན་ནས་རྒྱུན་དུ་བྱམས་པའི་རྩེ་མོ་ནི་གཙོ་བོ་ཡིན། ཡེ་ཤུའི་མཚན་མཐོན་པོར་བསྒྲེངས་པ་ཡིན།
King Above All Kings
210
-
བླ་ན་མེད་པའི་དཀོན་མཆོག་གི་ཞབས་དྲུང་དུ། ཀུན་གྱིས་པུས་མོ་བཙུགས་ཅིང་བསྟོད་པ་འབུལ། དམ་པའི་དཀོན་མཆོག་གི་ཞབས་དྲུང་དུ། མགོ་སྒུར་ནས་ཕྱག་འཚལ་བཞིན་ཡོད། ཡེ་ཤུ་ངའི་སྐྱབས་མགོན། ཡེ་ཤུ་ངའི་གཙོ་བོ། དཀོན་མཆོག་གི་ཐུགས་ཉིད་སྒོ་ནས། བསྟོད་པ་འབུལ་བཞིན་ཡོད།།
Jesus, At Your Name
209
-
༡ བྱམས་དང་སྙིང་རྗེ་ལྡན་པའི། གཙོ་བོ་ཡ་ཝཱེའི་བྱིན་རླབས། གངས་ཅན་བོད་ཀྱི་མི་ལ། རྒྱུན་དུ་འབྲལ་མེད་གནང་ཡོད། ༢ ༢ སྤྱོད་བཟང་བོད་མི་ང་ཚོས། རང་ལ་ཐར་པ་ཐོབ་པར། ཉིན་ལྟར་སྨོན་ལམ་ཞུས་དང་། ཞུས་དང་། ཞུས། ཞུས་དང་། ཞུས་དང་། དཀོན་མཆོག་སྐྱོབ་པར་ཕེབས་ཡོང་། ༢ ༣ སྐྱབས་མགོན་ཡེ་ཤུའི་བཀའ་གསུང་། དམ་པའི་ཐུགས་ཉིད་བརྒྱུད་ནས། བོད་མི་ཚང་མའི་སེམས་ལ། ཁོང་གིས་ཞི་བདེ་གནང་ཡོང་། ༢ ༤ ཉིད་ཀྱིས་གནང་བའི་སྐུ་ཁྲག རྒྱུ་ཆེན་ཚོང་པས་ཉོ་དཀའ། དབང་ཆེན་དཔོན་པོས་འཕྲོག་བྲལ། སེམས་ལ། སེམས། སེམས་ལ། སེམས་ལ། སྐུ་ཁྲག་སེམས་ལ་ཞོག་དང་། ༢
Cham Tang Nyingje Denbay
208
-
༡ བོད་པའི་བུ་དང་བུ་མོ། སེམས་ཁྲལ་མང་པོ་མ་བྱེད། སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡོད་རེད། ཁོང་གིས་ཁྱོད་རང་ལ་བྱམས་པ་གནང་ཡོང་། ༢ ༢ བོད་པའི་བུ་དང་བུ་མོ། སེམས་ངལ་མང་པོ་མ་བྱེད། སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡོད་རེད། ཁོང་གིས་ཁྱོད་རང་ལ་རེ་བ་གནང་ཡོང་། ༢ ༣ བོད་པའི་བུ་དང་བུ་མོ། སྡུག་བསྔལ་མང་པོ་མ་བྱེད། སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡོད་རེད། ཁོང་གིས་ཁྱོད་རང་ལ་སེམས་ཤུགས་གནང་ཡོང་། ༢
Sons and Daughters
207
-
བུ་དང་བུ་མོ་འདི་རུ་ཕེབས།། རོལ་ཆ་བཏང་ནས་སྐོར་བྲོ་རྡུང་།། མི་རིགས་ཚང་མ་འདི་རུ་ཕེབས།། མགྱོགས་པར་བསྟོད་དབྱངས་འབུལ་བར་ཤོག། ༡ རིན་ཆེན་སྐྱབས་མགོན་ཡེ་ཤུ་ལ།། བདུད་ལས་རྒྱལ་ཁ་ཐོབ་ནས་བྱུང་།། ཤི་བའི་གནས་ལས་ཁེ་བས་ན།། གྲོངས་ནས་གསོན་པོར་བཞེངས་པ་ཡིན།། ༢ ༢ ཚེ་ཡི་མཐའ་མར་བསླེབ་པའི་དུས།། འཇིག་རྟེན་ཕྱིར་ལོག་བྱུང་མི་སྲིད།། ཡབ་ཆེན་དཀོན་མཆོག་གི་དྲུང་དུ།། ལམ་དེ་སྐྱབས་མགོན་ཡེ་ཤུ་ཡིན།། ༢ བུ་དང་བུ་མོ་འདི་ན་ཕེབས།། རོལ་ཆ་བཏང་ནས་སྐོར་བྲོ་རྡུང་།། མི་རིགས་ཚང་མ་འདི་ན་ཕེབས།། མགྱོགས་པར་བསྟོད་དབྱངས་འབུལ་བར་ཤོག། ༣ རང་སེམས་སྡིག་པས་ནག་གྱུར་ཀྱང་།། སྐྱབས་མགོན་ཡེ་ཤུར་དད་བྱས་ན།། ཁོང་གི་ཐུགས་རྗེས་བསལ་མཛད་ནས།། ཁོང་གིས་ནམ་ཡང་སྐྱུར་མི་ཡོང་།། ༢ ༤ ཉིན་ཞིག་འཇིག་རྟེན་ཁམས་དེ་ནི།། མེ་ཡིས་ཚང་མ་བསྲེག་པར་ཡོང་།། དངོས་པོ་ཚང་མ་མེད་གྱུར་ཀྱང་།། ཡེ་ཤུའི་བཞུགས་ཁྲི་གནས་ངེས་རེད།། ༢ བུ་དང་བུ་མོ་འདི་ན་ཕེབས།། རོལ་ཆ་བཏང་ནས་སྐོར་བྲོ་རྡུང་།། མི་རིགས་ཚང་མ་འདི་ན་ཕེབས།། མགྱོགས་པར་བསྟོད་དབྱངས་འབུལ་བར་ཤོག། ༢
Round Dance of Eternal Life
206
-
༡ བུ་ཆུང་ང་རང་སྤྲོ། སྤྲིན་པ་དཀར་པོའི་ངང་ཚུལ། ས་ཕྱོགས་གང་ལ་ཐོན་ཀྱང༌། ཐར་བའི་འཕྲིན་བཟང་བསྒྲགས་ཡོད། ༢ བུ་ཆུང་ང་རང་སྤྲོ། ནུབ་ཁའི་ཉི་མའི་ངང་ཚུལ། མཚམས་སྤྲིན་དམར་པོའི་བར་ནས། ལས་དབང་ཁོང་ལ་བཅོལ་ཡོད། ༣ བུ་ཆུང་ང་རང་སྐྱོ། སྟོན་ཁའི་སྡོང་ལོའི་ངང་ཚུལ། སིལ་སིལ་རླུང་བུའི་ཁྲོད་ནས། ཁྱེད་ཀྱི་བཀའ་དྲིན་དྲན་བྱུང༌། ༢
Thankfulness Song
205