Root/ trace

60

Drawing Near To Bethany

TBWorld

༡   བེད་ཐན་ཡ་དང་ཉེ་བར་ཕེབས་པའི་ཚེ།
     རང་གི་ཐུགས་སྲས་གཉིས་ལ་བཀའ་གནང་ནས།
     ཁྱོད་ཅག་མདུན་དུ་ཡོད་པའི་སྡེ་བར་སོང་།
     བོང་ཕྲུག་བཏགས་པ་བཀྲོལ་ནས་འདིར་ཁྲིད་ཤོག
          དཱ་བིད་རིགས་ཀྱི་སྲས་ལ་ཧོ་ཟན་ནཱ།
           གཙོ་བོའི་མཚན་ལ་བྱོན་པར་བཀྲ་ཤིས་ཤོག ༢

༢   སུ་ཡིས་ཁྱོད་ལ་ཅིའི་ཕྱིར་འགྲོལ་ཟེར་ན།
     གཙོ་བོར་དགོས་སོ་སྨྲས་ན་ངེས་པར་གཏོང་།
     གསུངས་པ་བཞིན་དུ་ཐུགས་སྲས་གཉིས་པོས་ཀྱང་།
     སྡེ་བ་དེ་རུ་སོང་ནས་བོང་ཕྲུག་རྙེད།

༣   བཀྲོལ་ནས་དེ་ཚོས་གོས་རྣམས་བོང་བུར་བཀལ།
     ཁྱེད་ཉིད་རྒྱལ་པོའི་ཚུལ་དུ་བོང་བུར་བཅིབས།
     ཐུགས་སྲས་རྣམས་ཀྱང་སྔ་ཕྱི་གཉིས་སུ་འབྲངས།
     ལག་ཏུ་ཁ་སུར་ཤིང་གི་ཡལ་ག་བཟུང་།

༤   སྔ་ཕྱི་གཉིས་སུ་ཡོད་པའི་མི་ཚོགས་ཀྱིས།
     རང་གི་གོས་དང་ཤིང་གི་ཡལ་ག་རྣམས།
     ལམ་དུ་བཀྲམས་ནས་སྐད་སྒྲ་ཆེན་པོ་ཡིས།
     ཧོ་ཟན་ནཱ་ཞེས་རྒྱུན་ཆད་མེད་པར་བསྒྲགས།

༥   ཁྱེད་ཀྱིས་ཙི་ཡོན་ཡུལ་གྱི་བུ་མོ་ཚོར།
     ལྟོས་དང་ཁྱོད་ཀྱི་རྒྱལ་པོ་སེམས་དུལ་བས།
     བོང་ཕྲུག་འདི་ལ་བཅིབས་ནས་ཁྱོད་རྩར་ཕེབས།
     ལུང་བསྟན་བསྒྲུབ་ཕྱིར་དེ་ལྟར་བྱུང་ཞེས་གསུངས།

Rev. (Pala) Nyima Tsering

60

Amdo Tibetan

60

Leave a Reply