Root/ trace
7
God My Saviour
༡ དཀོན་མཆོག་ཡ་དཀོན་མཆོག་ང་ཡི་སྐྱབས་མགོན། ནམ་མཁའ་རུ་བཞུགས་པའི་དཀོན་མཆོག ཁྱེད་ནི་སྙིང་རྗེ་དང་བྱམས་པ་ཡི་བདག་པོ། འཛམ་གླིང་འདི་ཁྱེད་ཀྱིས་བཀོད་དོ། ང་ཚོ་སྡིག་ཅན་རྣམས་ཀྱི་དོན་དུ། སྐུ་སྲོག་ནི་ཕངས་མེད་དུ་བཏང་སོང་། ང་ཚོའི་སྡིག་པ་རྣམས་ཁོང་གིས་སེལ་སོང་། ཨེ་མ་འདི་དེ་འདྲ་སྐྱིད་པ། ༢ གྲོགས་པོ་ཡ་གྲོགས་མོ་བདག་གི་སྤུན་ཟླ། དཀོན་མཆོག་ལ་སྨོན་ལམ་སྐྱོན་དང་། ཁོང་གི་ཐར་བའི་ལམ་དེ་འཐོབ་ཡོང་། ངའི་ཡིད་སེམས་དེ་འདྲ་དགའ་བ། ཁོང་གི་རིན་ཆེན་སྐུ་ཁྲག་དེ་ཡིས། ང་ཚོ་ཡི་སྡིག་པ་རྣམས་སེལ་སོང་། མཐའ་མེད་པའི་སྲོག་དེ་ཁྱེད་ལ་འཐོབ་ཡོང་། ཨེ་མ་ང་དེ་འདྲ་སྐྱིད་པ།།
Trad.
7
7