Items

Items

TBWorld

EasterInstrumentalJesus ChristSong

Amdo TibetanCentral TibetanDzongkhaEnglishInstrumentalKham TibetanTibetan Roman Script

  • Show full

    When I Survey the Wondrous Cross

  • Cover image

    The Cross

  • Salvation’s Day Has Dawned

    40

  • Cover image

    When I Survey the Wondrous Cross

  • ༡ དཔལ་ལྡན་རྒྱལ་སྲས་གྲོངས་པའི་རྒྱངས་ཤིང་། དད་པའི་སྒོ་ནས་མཐོང་བའི་དུས། ངའི་ཁེ་བཟང་ཐམས་ཅད་གྱོང་དུ་རྩི། ང་རྒྱལ་ཀུན་ལ་སྨད་པ་བཏང་ངོ་། ༢ གཙོ་བོ་ཡེ་ཤུ་གྲོངས་པ་མ་གཏོགས། གཞན་ལ་དཀོན་མཆོག་བསྟོད་པར་མ་གནོང་། ངའི་ཡིད་འཕྲོག་པའི་དངོས་པོ་ཚང་མ། ཁོང་གི་ཁྲག་ལ་མཆོད་པར་ཕུལ་ལོ། ༣ ལྟོས་ཁོང་གི་དབུ་ཞབས་དང་ཕྱག་ནས། སྐྱོ་བ་དང་བྱམས་པ་འདྲེན་ནས་འབབ། བྱམས་པ་སྐྱོ་བ་དེ་འདྲ་ཐུག་གམ། དབུ་ལ་ཚེར་མའི་ཅོད་པན་གསོལ་ལམ། ༤ རྒྱལ་ཁམས་ཚང་མ་ང་ཡི་ཡིན་ནའང་། ཕུལ་བ་དེ་ནི་ཤིན་ཏུ་ཉུང་སྟེ། ཁོང་གི་བྱམས་པ་ངོ་མཚར་ཅན་དེས། ང་ཡི་ལུས་ངག་ཡིད་གསུམ་དགོས་སོ།།

    When I Survey the Wondrous Cross

  • Show full

    Salvation’s Day Has Dawned

  • Show full

    Salvation’s Day Has Dawned

  • ༡ གཙོ་བོ་ཡེ་ཤུ་རྒྱངས་ཤིང་ཁར་གྲོངས་སོང་། ༢ ཐར་པ་ང་ལ་སྡུག་བསྔལ་ཁོང་ལ་མྱངས་སོང་། ༢ ༢ གཙོ་བོ་ཡེ་ཤུ་དགྲ་ལག་ལ་གྲོངས་སོང་། ༢ བྱམས་པ་ནང་ལ་མནག་ཁོང་ལ་ཕོག་སོང་། (གྲོངས་སོང་།) ༢ ༣ སྡིག་པ་མེད་པའི་སྐྱབས་མགོན་ཡེ་ཤུ་གྲོངས་སོང་། ༢ རེ་བ་ང་ལ་ཤི་བ་ཁོང་ལ་མྱངས་སོང་། ༢ ༤ ཡབ་དཀོན་མཆོག་གི་བྱམས་པའི་སྲས་ཅིག་གྲོངས་སོང་། ༢ ཞི་བདེ་ང་ལ་དཀའ་ལས་ཁོང་ལ་མྱངས་སོང་། ༢ ༥ གཙོ་བོ་ཡེ་ཤུ་ཞག་མ་གསུམ་པར་བཞེངས་སོང་། ༢ བདུད་ཀྱི་ངན་པའི་ལས་ཀ་ཚང་མ་ཕམ་སོང་།། ༢

    The Cross

  • ༡ མི་རི་ཡམ་ནང་བཞིན་ང་གཅིག་པོ་ངུ་དུས། ཡེ་ཤུས་ངའི་རྩར་བཞེངས་ནས་འདི་འདྲ་གསུངས་པ། ཁྱེད། ག་རེ་བྱེད་ནས་ངུ་བཞིན་ཡོད། ཁྱེད། ག་རེ་བྱེད་ནས་ངུ་བཞིན་ཡོད། ང་ཁྱེད་དང་མཉམ་དུ་སྡོད་ཀྱི་ཡོད། ཞེད་སྣང་མ་བྱེད། ཞེད་སྣང་མ་བྱེད། ༢ ཉེ་གནས་རྣམས་ནང་བཞིན་མི་ལ་ཞེད་དུས། ཡེ་ཤུས་ངའི་རྩར་བཞེངས་ནས་འདི་འདྲ་གསུངས་པ། ཁྱེད་ཀྱི་སེམས་ལ་ཞི་བདེ་ཡོང་བར་ཤོག ཁྱེད་ཀྱི་སེམས་ལ་ཞི་བདེ་ཡོང་བར་ཤོག དམ་པའི་ཐུགས་ཉིད་སློང་ཞིག ཞེད་སྣང་མ་བྱེད། ཞེད་སྣང་མ་བྱེད། ༣ ཐོ་མཱ་ནང་བཞིན་ངའི་སེམས་ལ་དོག་པ་བྱུང་དུས། ཡེ་ཤུས་ངའི་རྩར་བཞེངས་ནས་འདི་འདྲ་གསུངས་པ། ཁྱེད་དོག་པ་མ་བྱེད་ང་ལ་དད་པ་བྱོས། ཁྱེད་དོག་པ་མ་བྱེད་ང་ལ་དད་པ་བྱོས། ང་ཁྱེད་དང་མཉམ་དུ་སྡོད་ཀྱི་ཡོད། ཞེད་སྣང་མ་བྱེད། ཞེད་སྣང་མ་བྱེད། ༤ མཐའ་མེད་པའི་སྲོག་ང་ལ་གནང་པ་རེད། ཁྱེད་ཀྱི་ཞབས་དྲུང་དུ་ཕྱག་འཚལ་གྱི་ཡིན། ཧཱ་ལེ་ལུ་ཡཱ། ཡེ་ཤུ་སྐུ་གསོན་པོར་བཞེངས། ཧཱ་ལེ་ལུ་ཡཱ། ཡེ་ཤུ་སྐུ་གསོན་པོར་བཞེངས། ཡེ་ཤུ་ཁྱེད། ང་དང་མཉམ་དུ་བཞུགས། ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ་ཡཱ། ༥ ཡེ་ཤུ་ཡི་རྒྱངས་ཤིང་གི་སྐུ་ཁྲག་བརྒྱུད་ནས། ང་ཡི་སྡིག་པ་ཚང་མ་མེད་པར་བཟོས་སོང༌། ཧཱ་ལེ་ལུ་ཡཱ། ཡེ་ཤུ་སྐུ་གསོན་པོར་བཞེངས། ཧཱ་ལེ་ལུ་ཡཱ། ཡེ་ཤུ་སྐུ་གསོན་པོར་བཞེངས། ཡེ་ཤུ་ཁྱེད། ང་དང་མཉམ་དུ་བཞུགས། ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ་ཡཱ།།

    Hallelujah He is Alive

  • ༡ ཐར་པའི་ཉི་མ་ཤར་སོང་། དགའ་བ་ལ། དེ་རིང་སེམས་པ་དགའ་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༢ སྐྱབས་མགོན་སྡིག་པ་མེད་པ། དགའ་བ་ལ། ང་ཚོའི་ཚབ་ལ་གྲོངས་སོང་། སྐྱོ་བ་ལ། སྐྱོ་བ་ལ། སྐྱོ་བ་ལ། ༣ རྒྱངས་ཤིང་སྡུག་བསྔལ་མྱངས་སོང་། སྡུག་པ་ལ། སྡིག་པ་ཐམས་ཅད་བསལ་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༤ གཙོ་བོ་ཡེ་ཤུ་གཤེགས་སོང་། སྡུག་པ་ལ། ཞག་མ་གསུམ་པར་བཞེངས་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༥ ཡེ་ཤུའི་སྐུ་ཁྲག་རིན་ཆེན། དགའ་བ་ལ། ང་ཚོའི་བླུ་རིན་གནང་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༦ འཆི་བའི་དབང་ནས་རྒྱལ་སོང་། དགའ་བ་ལ། བདུད་ཀྱི་དབང་ལས་རྒྱལ་སོང་། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༧ སྐྱབས་མགོན་གཙོ་བོ་ཡེ་ཤུ། དགའ་བ་ལ། ནམ་རྒྱུན་གསོན་པོར་བཞུགས་ཡོད། སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ། ༨ སྐྱིད་པའི་ཉི་མ་ཤར་སོང་། དགའ་བ་ལ། དགའ་བའི་གླུ་གཞས་ལེན་ཞིག སྐྱིད་པ་ལ། དགའ་བ་ལ། སྐྱིད་པ་ལ།།

    Salvation’s Day Has Dawned

  • Cover image

    Hallelujah He is Alive