-
༡ ཕེབས་ཤོག་ཕེབས་ཤོག་ཕེབས་ཤོག སྐྱབས་མགོན་ཡེ་ཤུ་ཕེབས་ཤོག བསྟོད་དབྱངས་འབུལ། ཞབས་བྲོ་རྒྱོབ། སྐྱབས་མགོན་ཡེ་ཤུ་ཕེབས་ཤོག་ལ། ༢ ཕེབས་ཤོག་ཕེབས་ཤོག་ཕེབས་ཤོག དམ་པའི་ཐུགས་ཉིད་ཕེབས་ཤོག བསྟོད་དབྱངས་འབུལ། ཞབས་བྲོ་རྒྱོབ། དམ་པའི་ཐུགས་ཉིད་ཕེབས་ཤོག་ལ།།
Come, Lord Jesus Come Pep Sho
202
-
༡ གནམ་ས་གཉིས་ཀྱི་བདག་པོ་ལགས། ཀུན་དབང་དཀོན་མཆོག་ཉིད་ཀྱིས། རེ་བ་དང་མ་འོངས་པ། གནང་བའི་ཐུགས་དགོངས་བཅངས་ཡོད། གནང་བའི་ཐུགས་དགོངས་བཅངས་ཡོད། ༢ ང་ཚོས་ཁོང་ཉིད་འབོད་ཅིང་། སྙིང་ནས་ཁོང་ཉིད་བཙལ་ན། ཁོང་གིས་ང་ཚོར་གསན་ཞིང་། ང་ཚོས་ཁོང་ཉིད་རྙེད་ཡོང་། ང་ཚོས་ཁོང་ཉིད་རྙེད་ཡོང་། ༣ སྐྱབས་མགོན་ཡེ་ཤུ་མཆོག་གིས། བྱམས་དང་སྙིང་རྗེ་ཆེན་པོས། བོད་རིགས་ས་ཕྱོགས་ཀུན་ལ། སྙིང་རྗེའི་ཆར་པ་ཕབ་རོགས། ཐར་པའི་ཆར་པ་ཕབ་རོགས།། ༢
Lord of Heaven and Earth
200
-
༡ ནམ་མཁའི་ཡབ་ལགས། ང་འདི་ལྟར་གྲང་མོ་ཅི་ཞིག་ཡིན་ནམ། ངས་ཅིའི་ཕྱིར་དེ་རིང་གི་ཁ་ཟས་མ་རྙེད་དམ། ང་ལ་ཉིན་རེའི་ཁ་ཟས་དེ་རིང་གནང་བར་མཛོད། འདི་ནི་ང་ཡིས་ཞུ་བ་ཡིན། ༢ ནམ་མཁའི་ཡབ་ལགས། ཅི་ཞིག་ལ་འཐབ་འཁྲུག་ལངས་དགོས་པ་ཡིན། ཅི་ཞིག་ལ་བྱིས་པ་འཐབ་འཁྲུག་ལ་ཞུགས་དགོས་སམ། མུན་པའི་འཇིག་རྟེན་ངན་པ་འདི་རང་འགོག་པའི་ཆེད། ང་ལ་ཤེས་རབ་གནང་བར་མཛོད། ཡུལ་མེད་བྱིས་པ་རྣམས་ནི། འཐབ་འཁྲུག་གིས་ཁེངས་བའི། འཛམ་གླིང་ཡུལ་ཕྱོགས་ཀུན་ཏུ། འཁྱམས་ནས་འགྲོ་བཞིན་འདུག དྭ་ཕྲུག་ཞིག་ལ་ཕ་མ་མེད་པ་དང་། ཅི་བྱེད་མི་ཤེས་ཡུལ་གྲུ་ཀུན་ལ་མྱུལ། སྐྱབས་བཅོལ་བྱིས་པ་ཆ་མེད་ཞིག་གིས། འཇིག་རྟེན་འདི་ལ། སྐད་ཆུང་ངུས་འདི་ལྟར་དྲིས་བྱུང་། ང་རང་ཁྱེད་དང་མཉམ་དུ་བསྡད་ཆོག་གམ། ༣ ནམ་མཁའི་ཡབ་ལགས། ཅི་ཞིག་ལ་ངས་ལས་ཀ་བྱེད་དགོས་སམ། ཅི་ཕྱིར་བྱིས་པ་བཟོ་གྲྭར་འགྲོ་དགོས་པ་ཡིན་ནམ། ང་ལ་དགེ་རྒན་ཞིག་དང་སློབ་གྲྭ་གནང་བར་མཛོད། ང་རང་དེ་རུ་འགྲོ་བར་འདོད། ༤ ནམ་མཁའི་ཡབ་ལགས། ཅི་ཞིག་ལ་སྡུག་བསྔལ་ཡོད་དགོས་པ་ཡིན། ཅི་ཕྱིར་བྱིས་པ་སྡུག་བསྔལ་དང་ངོ་ཚར་སྦྱར་བ་ཡིན། ང་ལ་ཨ་མ་ཨ་ཕ་ཡུལ་བཅས་གནང་བར་མཛོད། ང་རང་རྩེད་མོ་ལ་དགའོ།།
Katulapsi
199
-
༡ ནམ་མཁའི་དམག་མི་ས་གཞི་འདི་ལ་སླེབས་སོང༌། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། གདོན་འདྲེ་ཡི་རྒྱལ་པོ་དབང་ཤུགས་མེད་པར་གྱུར་སོང༌། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། རྒྱལ་ཁ། བསྟོད་དབྱངས། གཟི་བརྗིད། སྟོབས་ཤུགས་ལྡན་པའི་ཡེ་ཤུ་ལ། ༢ ༢ ཆུ་ལོག་ནང་བཞིན་ནག་ཁུང་གི་དབང་སླེབས་དུས། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། གཙོ་བོ་ཡེ་ཤུ་ཡི་སྐུ་ཁྲག་ལ་དད་པ་བྱོས། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། ༣ བདུད་གྱི་བར་ཆད་ཁྱེད་ཀྱི་བཀག་ཐུབ་ཀྱི་མེད། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། གཙོ་བོ་ཡེ་ཤུ་ཡི་རྒྱངས་ཤིང་ལ་དད་པ་བྱོས། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། ༤ གཙོ་བོ་ཡེ་ཤུས་ང་ལ་རྒྱལ་ཁ་གནང་སོང༌། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད། ཧཱ་ལེ་ལུ་ཡཱ། ཡེ་ཤུ་ནི་འདི་ལ་བཞུགས་ཡོད། འདི་ནི་ཡེ་ཤུ་ཡི་དམག་འཁྲུག་རེད།།
The Battle Belongs to the Lord
198
-
འདས་པའི་ཤི་བོ་དེ་དག་སྙིང་རེ་རྗེ།། གསོན་པའི་ཡུགས་མོ་དེ་དག་སྙིང་རེ་རྗེ།། ཕ་མེད་མ་མེད་དེ་དག་སྙིང་རེ་རྗེ།། དྭ་ཕྲུག་དམར་རྗེན་དེ་དག་སྙིང་རེ་རྗེ།། ཐུགས་རྗེ་ཅན་གྱིས་གངས་རིའི་རྩེ་ནས་གཟིགས།། རང་ས་རང་གིས་ཟིན་པར་བྱིན་གྱིས་རློབས།།
Compassionate One
197
-
༡ བདུད་ཀྱི་དོན་རྣམས་རྩ་ནས་མེད་པར་བཟོས། མུན་པའི་རྒྱལ་ཁམས་ཡོངས་ལ་འོད་ཟེར་འཕྲོས། མི་རྣམས་བཀའ་ཁྲིམས་དང་སྡིག་པ་ནས་སྐྱབས། འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན། ༢ ཁོང་གི་འཕྲིན་བཟང་དབུལ་པོ་རྣམས་ལ་བསྒྲགས། སྡུག་བསྔལ་བ་ལ་ཚེ་སྲོག་གསར་པ་གནང་། མྱ་ངན་བ་ལ་སྐྱབས་མགོན་ཡེ་ཤུ་འཁྲུངས། འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན། བསྟོད་བསྔགས་དཀོན་མཆོག་ལ་འབུལ། ༣ འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན། ༣ མི་རིགས་སྐད་རིགས་རུས་རྒྱུད་ཐམས་ཅད་ནས། མི་རྣམས་སྐྱོབ་ཅིང་ཁོང་གི་འབངས་སུ་འབོད། སྐུ་ཁྲག་གིས་ང་ཚོའི་སྡིག་པ་རྣམས་སེལ་སོང་། འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན། ༤ གྲོངས་ནས་སླར་གསོན་འཆི་བ་ཉིད་ལས་རྒྱལ། འོད་ཟེར་འཕྲོ་བ་བཞིན་དུ་ཕེབས་པར་འགྱུར། རྒྱུན་ནས་རྒྱུན་དུ་ཁོང་གིས་དབང་སྒྱུར་བྱེད། འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན། བསྟོད་བསྔགས་དཀོན་མཆོག་ལ་འབུལ། ༣ འདི་མཱ་ཤི་ཀའི་འཕྲིན་བཟང་ཡིན།། ༥
This is the Gospel of Christ
196
-
བདག་གིས་གནང་བའི་ཞི་བདེ་ནི། འཇིག་རྟེན་གྱིས་གནང་བ་དང་མི་འདྲ། དེ་བདག་གི་སེམས་ནས་བྱུང༌། བདག་གིས་གནང་བའི་བྱམས་པ་ནི། འཇིག་རྟེན་གྱིས་གནང་བ་དང་མི་འདྲ། དེ་བདག་གི་སེམས་ནས་བྱུང༌། ངས་ཁྱེད་དྭ་ཕྲུག་བཞིན་མི་བསྐྱུར། ང་ཁྱེད་ཀྱི་འཁྲིས་ལ་ཡོང༌། བདག་གིས་རྒྱལ་ཁ་བླངས་ཟིན་པས། ཁྱེད་ཀྱི་སེམས་མ་འཇིགས། འཇིག་རྟེན་འདི་ཡིས་ཁྱེད་ལ་ཡོད་པའི། ཞི་བདེ་དེར་སྒུག་ཅིང༌། འཇིག་རྟེན་འདི་ཡིས་ཁྱེད་ཀྱིས་བཅངས་པའི། བྱམས་པ་ལ་སྒུག་ཡོད།།
My Peace
195
-
གདོད་མ་ཉིད་ནས་ཇི་སྲིད་འཚོ་བའི་བར། སྔོན་ལ་ཇི་ལྟར་བཞུགས་པ་ཡིན་ན་ཡང་། ད་ལྟ་དེ་ལྟར་བཞུགས་བཞིན་ཡོད་པའི་སྐབས། ཁོང་ཉིད་འགྱུར་ལྡོག་གཏན་ནས་མེད་པ་ལགས། Rap གཙོ་བོ་ང་ཡི་རྫི་བོ་ལགས། ཁྱེད་མཚན་དམ་པར་སྲུང་བར་ཤོག རྩ་ཁ་ཞིམ་སར་བསྙལ་བར་མཛད། ཆུ་མིག་བཟང་སར་ཁྲིད་པར་མཛད། ཐར་བ་ཡང་ནི་གནང་བར་མཛད། སེམས་ཅན་ལམ་ཕྲེང་སྟོན་པར་མཛད། འཆི་ཉེན་ཡོད་སར་འགྲོ་དགོས་ན། ང་ལ་འཇིགས་པ་གང་ཡང་མེད། གདོད་མ་ཉིད་ནས་ཇི་སྲིད་འཚོ་བའི་བར། སྔོན་ཆད་ཁོང་ཉིད་ཀུན་དབང་དཀོན་མཆོག་ཡིན། ད་ལྟ་དེ་ལྟར་ཀུན་དབང་སྐྱབས་མགོན་ཡིན། ཁོང་ཉིད་འགྱུར་ལྡོག་གཏན་ནས་མེད་པ་ལགས། Rap གཙོ་བོ་ང་ཡི་རྫི་བོ་ལགས། ཁྱེད་མཚན་དམ་པར་སྲུང་བར་ཤོག རྩ་ཁ་ཞིམ་སར་བསྙལ་བར་མཛད། ཆུ་མིག་བཟང་སར་ཁྲིད་པར་མཛད། ཐར་བ་ཡང་ནི་གནང་བར་མཛད། སེམས་ཅན་ལམ་ཕྲེང་སྟོན་པར་མཛད། འཆི་ཉེན་ཡོད་སར་འགྲོ་དགོས་ན། ང་ལ་འཇིགས་པ་གང་ཡང་མེད། གདོད་མ་ཉིད་ནས་ཇི་སྲིད་འཚོ་བའི་བར། སྔོན་ཆད་ཁོང་ཉིད་སྙིང་རྗེ་བྱམས་པ་ཡིན། ད་ལྟ་དེ་ལྟར་བྱམས་པའི་བདག་པོ་ཡིན། ཁོང་ཉིད་འགྱུར་ལྡོག་གཏན་ནས་མེད་པ་ལགས།། ༢
Unchanging
194
-
༡ དྲིན་དྲིན་ང་ཡི་དཀོན་མཆོག་ཡེ་ཤུའི་དྲིན། དྲིན་དྲིན་ང་རང་མུན་ནག་འཚོལ་བའི་དྲིན། འཚོལ་བའི་དྲིན་གྱིས་དྲང་བདེན་ལམ་དུ་བཅུག དེ་ནི་ཐར་པ་ཐོབ་པའི་རྟགས་ཡིན་ལགས། ༢ དྲིན་དྲིན་ང་ཡི་གཙོ་བོ་ཡེ་ཤུའི་དྲིན། དྲིན་དྲིན་ང་རང་བྱམས་བརྩེ་སྙིང་རྗེའི་དྲིན། སྙིང་རྗེའི་དྲིན་གྱིས་དམ་པའི་ཐུགས་ཉིད་ཐོབ། དེ་ནི་བདེན་པའི་ཐུགས་ཉིད་རྟགས་ཡིན་ལགས། ༣ དྲིན་དྲིན་ང་ཡི་སྐྱབས་མགོན་ཡེ་ཤུའི་དྲིན། དྲིན་དྲིན་ང་རང་ཡབ་ཀྱི་ཁྲུས་གསོལ་དྲིན། ཁྲུས་གསོལ་དྲིན་གྱིས་སེམས་ལ་ཞི་བདེ་ཐོབ། དེ་ནི་སྡིག་པ་སེལ་བའི་རྟགས་ཡིན་ལགས།།
Jesus’ Favor
193
-
༡ དེ་རིང་འདི་རུ་འཛོམས་པའི། སྐུ་མགྲོན་རྣམ་པ་ཚོ་ལ། ཡེ་ཤུའི་ལ་ནི་འཁྲུངས་སྐར་ཉིན་ལ། ལ་ནི། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ༢ ༢ ང་ཚོ་གཞོན་ནུ་རྣམས་ནས། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། སྐྱབས་མགོན་ལ་ནི་འཁྲུངས་སྐར་ཉིན་ལ། ལ་ནི། སྐྱིད་པའི་བསྟོད་དབྱངས་ཕུལ་ཡོད། ༢ ༣ འཛམ་གླིང་མི་དམངས་དཀྱིལ་ལ། ཁོང་ནི་སྐུ་གསོན་པོར་བཞུགས་ཡོད། ང་ཚོས་ཁོང་ལ་ཡིད་ཆེད་ནང་ནས། ཁོང་ལ་སྐྱིད་པའི་བསྟོད་དབྱངས་ཕུལ།། ༢
Birth of Jesus
192
-
༡ དེ་རིང་ཉི་མ་འདི་གཙོ་བོས་གནང་པ་རེད། ང་ཚོས་དགའ་དགའ་སྤྲོ་སྤྲོ་བྱེད། ༢ སྐྱིད་པོ་བྱེད། སྐྱིད་པོ་ལ། ༢ ༢ ཁོང་དང་མཇལ་བའི་ཆེད་དུ། ང་ཚོའི་རྒྱལ་པོ་ལ་བསྟོད་དབྱངས་ཕུལ། ༢ སྐྱིད་པོ་བྱེད། སྐྱིད་པོ་ལ།། ༢
Tering Nyima Di Dzow+Â Nangba Re
191
-
༡ དམ་པའི་ས་ཆ་འདིར། ང་ཚོ་ལངས་བསྡད་ཡོད། ཡེ་ཤུ་བཞུགས་པའི་ས་འདི་ནི། དམ་པའི་ས་ཆ་ཞིག་རེད། ༢ ༢ དམ་པའི་ཐུགས་ཉིད། ང་ཚོ་ལ་གནང་སོང༌། ང་ཚོ་གཟུགས་པོ་འདི་ནི། ཁོང་གི་དམ་པའི་མཆོད་ཁང་ཡིན། ༢ ༣ ང་ཚོའི་ལག་པ། དཀོན་མཆོག་གིས་དམ་པར་མཛད། ང་ཚོའི་ལག་པ་ནས། ཁོང་གི་ཕྱག་ལས་བསྒྲུབ་ཀྱི་ཡིན།། ༢
This is Holy Ground (1)
189