• ང་ཡི་ཕ་ཡུལ་གངས་ཅན་གསེར་མོ་ལྗོངས། དྭངས་གཙང་ཆུ་མོ་ཤང་ཤང་བཞུར། རྟ་ནོར་ལུག་གསུམ་རྩྭ་ཐང་ཡོངས་ལ་ཁྱབ། འདི་ནི་དཀོན་མཆོག་གིས་བཀོད་པ་རེད། སྔོ་སིང་ནམ་མཁར་སྤྲིན་དཀར་རྒྱུ། མཛེས་སྡུག་རྩྭ་ཐང་མུ་མཐའ་བྲལ། བྱ་རྒྱལ་རྒོད་པོའི་ནམ་འཕང་གཏད། མཛེས་སྡུག་ཕྱིར་དྲན་རི་མོ་བཀོད། ཧ་ལེ་ལོའུ་ཡཱ། ཡེ་ཤུ་ལ་བསྟོད་པར་ཤོག ཧ་ལེ་ལོའུ་ཡཱ། སྐྱབས་མགོན་ལ་བསྟོད་པར་ཤོག ༢

    In My Hometown

  • ༡ ང་ཡི་སྐྱབས་མགོན་ཡེ་ཤུ།  ད་ལྟ་ང་ཁྱེད་ཀྱི་མདུན་དུ་ཡོང་བཞིན་ཡོད། ཁྱེད་ཀྱི་སྐུ་ལུས་ཡིན་པའི་བག་ལེབ་འདི། ང་ལ་གནང་བར་མཛོད། སྡིག་པས་ཁེངས་ཡོད་པའི་ངའི་སེམས། ད་ལྟ་ངས་འགྱོད་བཤགས་འབུལ་རྒྱུ་ཡིན། ཁྱེད་ཀྱི་སྐུ་ཁྲག་རིན་ཆེན་བརྒྱུད་ནས། ངའི་སྡིག་པ་བསལ་རོགས་གནང་། ༢ ང་ཡི་སྐྱབས་མགོན་ཡེ་ཤུ།  ད་ལྟ་ང་ཁྱེད་ཀྱི་མདུན་དུ་ཡོང་བཞིན་ཡོད། ཁྱེད་ཀྱི་སྐུ་ཁྲག་ཡིན་པའི་ཕོར་བ་འདི། ང་ལ་གནང་བར་མཛོད། སྡིག་པས་ཁེངས་ཡོད་པའི་ངའི་སེམས། ད་ལྟ་ངས་འགྱོད་བཤགས་འབུལ་རྒྱུ་ཡིན། ཁྱེད་ཀྱི་སྐུ་ཁྲག་རིན་ཆེན་བརྒྱུད་ནས། ངའི་སྡིག་པ་བསལ་རོགས་གནང་།

    By Your Precious Blood

  • ང་ཡི་དཀོན་མཆོག་ངས་ཁྱེད་ལ་བསྟོད། ང་རང་སེམས་གཏིང་ནས་ཁྱེད་ལ་དགའ། ཁྱེད་ཀྱི་བཞུགས་ཁྲི་མདུན་དུ། ངས་ཁྱེད་ཀྱི་བཀའ་དྲིན་དྲན་བྱུང་། ང་ཡིས་སེམས་ནས་ཁྱེད་ལ་བསྟོད་པ་འབུལ། ཁྱེད་ནི་ངའི་ཡིད་སེམས་ཀྱི་འདོད་མོས། ཁྱེད་ནི་ངའི་དགའ་སྤྲོ་ཁོ་ན་ཡིན། ཁྱེད་ཀྱི་བཞུགས་ཁྲི་མདུན་དུ། ངས་ཁྱེད་ཀྱི་བཀའ་དྲིན་དྲན་བྱུང་། ང་ཡི་དཀོན་མཆོག་ངས་ཁྱེད་ལ་བསྟོད།

    Oh My God I Worship You

    150, 104

  • ང་ཚོས་འདི་ནས་ཁྱེད་ལ་བསྟོད་དབྱངས་འབུལ། ༢ སྐོར་བྲོ་ལྡིང་ནས་བསྟོད་དབྱངས་འབུལ།

    No Eng Title

  • ང་ཚོ་རྒྱལ་ཁྲིའི་དྲུང་དུ་འཛོམས་བྱུང་། མཉམ་དུ་གཙོ་བོ་ལ་བསྟོད་དབྱངས་འབུལ། དཀོན་མཆོག་གི་བྱམས་པས་ཁོང་གི་སྲས་ཡེ་ཤུ་གནང་བྱུང་། ཁོང་གི་སྐུ་ཁྲག་གིས་སྡིག་སེལ་གནང་སོང་། ཤིང་རྒྱ་གྲམ་སྟེང་གནང་བའི་བྱམས་པ་དེ། གཙང་པོ་ནང་བཞིན་ས་གཞི་ཀུན་ཏུ་བཞུར། མི་རྒྱུད་དང་མི་སྡེ་མི་རིགས་སྐད་རིགས་ཐམས་ཅད། ཐར་བ་ཐོབ་ནས་གཙོ་བོ་ལ་བསྟོད་དབྱངས་འབུལ། ཐར་བ་ནི་རྒྱལ་ཁྲིར་བཞུགས་པའི། ང་ཚོའི་དཀོན་མཆོག་དང་ཡེ་ཤུ་ནས་བྱུང་ངོ་།། ཐར་བ་ནི་རྒྱལ་ཁྲིར་བཞུགས་པའི། ང་ཚོའི་དཀོན་མཆོག་དང་ཡེ་ཤུ་ནས་བྱུང་ངོ་།།

    Korean-Tibetan Book

  • དྲི༡། ང་ཚོའི་ཐར་ལམ་གང་ཡིན་ནམ། ང་ཚོའི་སྐྱབས་མགོན་སུ་ཡིན་ནམ། རེ་བའི་མི་ཚེ་གང་ནས་ཡོང་། ཁྱེད་ཀྱིས་ང་ལ་་་་གསུངས་དང་། ལན༡། སྡིག་པ་རྣམས་ནས་ཐར་བའི་ལམ། སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡིན།  ཐར་བའི་དགའ་སྤྲོ་ཐོབ་པའི་ཆེད།  ཁོང་ལ་དད་པ་་་་བྱོས་དང་། དྲི༢། ང་ཚོའི་ཞི་བདེ་གང་ནས་ཡོང་། ང་ཚོའི་རྒྱལ་པོ་སུ་ཡིན་ནམ།  རེ་བའི་མི་ཚེ་གང་ནས་ཡོང་། ཁྱེད་ཀྱིས་ང་ལ་་་་གསུངས་དང་། ལན༢། ང་ཚོའི་ཞི་བདེའི་རྒྱལ་པོ།  སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡིན།  ཐར་བའི་དགའ་སྤྲོ་ཐོབ་པའི་ཆེད།  ཁོང་ལ་དད་པ་་་་བྱོས་དང་། དྲི༣། ང་ཚོའི་སེམས་ཤུགས་གང་ནས་ཡོང་། ང་ཚོའི་སྡོངས་གྲོགས་སུ་ཡིན་ནམ། རེ་བའི་མི་ཚེ་གང་ནས་ཡོང་།  ཁྱེད་ཀྱིས་ང་ལ་་་་གསུངས་དང་། ལན༣། སེམས་ཤུགས་གནང་བའི་སྡོངས་གྲོགས། སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡིན།  ཐར་བའི་དགའ་སྤྲོ་ཐོབ་པའི་ཆེད།  ཁོང་ལ་དད་པ་་་་བྱོས་དང་། ༣

    Ngantso Tarlam

  • ༡ ང་ཚོ་ཨ་མའི་ཁོག་ནས་ཡོད་དུས་སུ། དཀོན་མཆོག་གིས་ང་ཚོའི་ལུས་ངག་ཡིད་གསུམ་བསྐྲུན། ཁོང་གིས་ཡ་མཚན་སྒོ་ནས་ང་ཚོ་མཛད། ཁོང་གིས་ང་ཚོ་མཁྱེན། ཁོང་གིས་ཐམས་ཅད་གཟིགས། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་རེད། ༢ ཁྱོད་ཀྱི་ཨ་ཕ་ཡ་ཧོ་ཝཱ་རེད། ང་ཡི་ཨ་ཕ་ཡ་ཧོ་ཝཱ་ཡིན། ང་ཚོ་ཚང་མ་དཀོན་མཆོག་གི་བུ་ཕྲུག་ཡིན། གཅིག་སེམས་གཅིག་ལ་འབྲེལ། གཅིག་བློ་གཅིག་ལ་མཐུན། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་རེད། ༣ ང་ཚོའི་སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡིན། ང་ཚོ་སྐྱོབ་མཁན་ཁོང་ཉིད་གཅིག་པུ་ཡིན། ཁོང་གིས་རང་སྲོག་ང་ཚོའི་དོན་ལ་གནང་། ཐུགས་ཉིད་གཅིག་གི་ནང་། ཚང་མ་ལྷན་དུ་སྦྲེལ། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་རེད། ༤ སྤུན་ཟླ་ཚང་མས་ཁོང་གི་བཀའ་བཞིན་དུ། ཕན་ཚུན་བྱམས་པས་བསྲུང་ཞིང་གཅེས་ན། འཇིག་རྟེན་མི་ཡིས་ང་ཚོ་ཚང་མ་ནི། ཁོང་གི་རྗེས་འབྲང་བ། ཡིན་པ་ཤེས་པར་འགྱུར། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་རེད། ༢

    Knit Together

  • ༡ ང་ཚོའི་དཀོན་མཆོག་ཡ་ཧོ་ཝཱ། ང་ཚོའི་སྨོན་ལམ་གསན་རོགས་གནང་།  ང་ཚོའི་དཀོན་མཆོག་ཡ་ཧོ་ཝཱ། ང་ཚོའི་སྨོན་ལམ་གསན་རོགས་གནང་།  ང་ཚོ་མི་རིགས་ཀྱིས་བསགས་པའི་སྡིག་པ་རྣམས། ཁ་བ་བཞིན་དུ་གཙང་མ་བཟོ་རོགས་གནང་། ཉི་མ་ཤར་བ་ལྟར་ང་ཚོའི་མི་རིགས་ལ། ཁྱེད་ཀྱི་དམ་པའི་འོད་འཕྲོ་བར་ཤོག ངས་སྨོན་ལམ་ཞུ་རྒྱུ་ཡིན། ཁྱེད་ལ་ཞུ་རྒྱུ་ཡིན། ཁྱེད་ཀྱི་རྒྱལ་སྲིད་ངའི་ཕ་ཡུལ་ལ་བསླེབ་རག་བར་དུ། ངས་སྨོན་ལམ་ཞུ་རྒྱུ་ཡིན། ཁྱེད་ལ་ཞུ་རྒྱུ་ཡིན། ཁྱེད་ཀྱི་ཞི་བདེ་ངའི་ཕ་ཡུལ་ལ་བསླེབ་རག་བར་དུ། ༢ ང་ཚོའི་དཀོན་མཆོག་ཡ་ཧོ་ཝཱ། ང་ཚོའི་སྨོན་ལམ་གསན་རོགས་གནང་།  ང་ཚོའི་དཀོན་མཆོག་ཡ་ཧོ་ཝཱ། ང་ཚོའི་སྨོན་ལམ་གསན་རོགས་གནང་།  དཔྱིད་ཀའི་མེ་ཏོག་ལྟར་ང་ཚོའི་ཕ་ཡུལ་ལ། ཁྱེད་ཀྱི་རེ་བའི་འཆར་གཞི་གནང་བར་ཤོག ནམ་མཁའི་རྒོད་པོ་ལྟར་ང་ཡི་སེམས་ལ། ཁྱེད་ཀྱི་སྟོབས་ཤུགས་གནང་བར་ཤོག  ངས་སྨོན་ལམ་ཞུ་རྒྱུ་ཡིན། ཁྱེད་ལ་ཞུ་རྒྱུ་ཡིན། ཁྱེད་ཀྱི་རྒྱལ་སྲིད་ངའི་ཕ་ཡུལ་ལ་བསླེབ་རག་བར་དུ། ངས་སྨོན་ལམ་ཞུ་རྒྱུ་ཡིན། ཁྱེད་ལ་ཞུ་རྒྱུ་ཡིན། ཁྱེད་ཀྱི་ཞི་བདེ་ངའི་ཕ་ཡུལ་ལ་བསླེབ་རག་བར་དུ།

    Hear Our Prayer

  • ང་ཚོ་ཚང་མ་འདི་རུ་འཛོམས་འཛོམས་ནས། འགྲོ་འགྲོ་འོད་ཀྱི་ནང་དུ་འགྲོ། ང་ཚོ་ཚང་མ་འདི་རུ་འཛོམས་འཛོམས་ནས། འགྲོ་འགྲོ་འོད་ཀྱི་ནང་དུ་འགྲོ། འགྲོ་འགྲོ་འགྲོ་འོད་ཀྱི་ནང་དུ་འགྲོ། འགྲོ་འགྲོ་འགྲོ་འོད་ཀྱི་ནང་དུ་འགྲོ། འགྲོ་འགྲོ་འགྲོ་འོད་ཀྱི་ནང་དུ་འགྲོ། དཀོན་མཆོག་གི་འོད་ཀྱི་ནང་དུ་འགྲོ།

    Walk, Walk in the Light

  • ༡ ང་ཚོ(ལ་ནི)འདི་ལ་འཛོམས་འཛོམས། སྣང་བ་སྐྱིད་པ་ལ་ཡེ། དཀོན་མཆོག་གི་བཀའ་དྲིན་ཡིན་པས། སྣང་བ་སྐྱིད་པ་ལ། དཀོན་མཆོག་གི(ལ་ནི)བཀའ་དྲིན་ཡིན་པས། སྣང་བ་སྐྱིད་པ་ལ་ཡེ། ཉིན་ལྟར་བསྟོད་དབྱངས་འབུལ་བ། སྣང་བ་སྐྱིད་པ་ལ། སྣང་བ་སྐྱིད་པ་གཅིག་སོ།། སྣང་བ་སྐྱིད་པ་གཉིས་སོ།། སྣང་བ་སྐྱིད་པ་གསུམ་གསུམ། ༢ ང་ཚོ(ལ་ནི)འདི་ལ་འཛོམས་འཛོམས། སྣང་བ་སྐྱིད་པ་ལ་ཡེ། ཡེ་ཤུའི་མཚན་ཐོབ་པར། སྣང་བ་སྐྱིད་པ་ལ། གཏན་དུ(ལ་ནི)འཛོམས་རྒྱུ་བྱུང་ན། སྣང་བ་སྐྱིད་པ་ལ་ཡེ། ཉིན་ལྟར་གསོལ་བ་བཏབ་ན། སྣང་བ་སྐྱིད་པ་ལ། སྣང་བ་སྐྱིད་པ་གཅིག་སོ།། སྣང་བ་སྐྱིད་པ་གཉིས་སོ།། སྣང་བ་སྐྱིད་པ་གསུམ་གསུམ། (ཨ་མེན།)

    No Eng Title

  • ༡ ང་ཚོ་དཀོན་མཆོག་གིས་བྱམས་པའི། ཁོང་གི་བུ་དང་བུ་མོ། ང་ཚོ་སྔ་མོ་ལངས་ནས་སྨོན་ལམ་ཞུ་རྒྱུ་ཡིན། ༢ དཀོན་མཆོག་གི་གསུང་རབ་རྒྱུན་དུ་ཀློག་རྒྱུ་ཡིན། ༢ ༢ ང་ཚོ་དཀོན་མཆོག་གིས་བྱམས་པའི། ཁོང་གི་བུ་དང་བུ་མོ། དཀོན་མཆོག་གི་བཀའ་ལ་རྒྱུན་དུ་ཉན་རྒྱུ་ཡིན། ༢ དཀོན་མཆོག་ལ་རྒྱུན་དུ་བསྟོད་དབྱངས་འབུལ་རྒྱུ་ཡིན། ༢ ༣ ང་ཚོ་དཀོན་མཆོག་གིས་བྱམས་པའི། ཁོང་གི་བུ་དང་བུ་མོ། དཀོན་མཆོག་གི་གསུང་རབ་མི་ལ་བཤད་རྒྱུ་ཡིན། ༢ ང་ཚོས་མི་ཚེ་དཀོན་མཆོག་གི་ཕྱག་ལ་འབུལ་རྒྱུ་ཡིན། ༢

    Repentance Song #4

  • ༡ ང་ནི་ཁྱོད་ཚོའི་དཀོན་མཆོག་ཡིན་ལ། ཁྱོད་ཚོར་དཀོན་མཆོག་གཞན་མི་དགོས། དཀོན་མཆོག་གཅིག་པོ་དེ་ང་ཡིན། ང་རང་གཙོ་བོ་ཨ་ཕ་དེ་ཡིན། ཡ་རེ་ལོ། ཞང་ཡ་རེ་ལོ། ང་རང་གཙོ་བོ་ཨ་ཕ། ཨ་ཕ་དེ་ཡིན། ༢ ཁྱོད་ཚོས་ལྷ་སྐུ་གཟུགས་བརྙན་དག་ལ། ལུས་ངག་ཡིད་གསུམ་གྱིས་ཕྱག་མ་འཚལ། བསྟོད་དབྱངས་སྨོན་ལམ་ཁོང་ལ་ཐོབས་དང་། ཁོང་ང་ཚོའི་དྲིན་ཆེན་ཨ་ཕ་དེ་རེད། ཡ་རེ་ལོ། ཞང་ཡ་རེ་ལོ། ཁོང་ང་ཚོའི་དྲིན་ཆེན་ཨ་ཕ། ཨ་ཕ་དེ་རེད། ༣ ཁྱོད་ཀྱིས་སྐྱབས་མགོན་གསུང་ལ་ཉོན་དང་། ཁྱོད་དཀོན་མཆོག་ཐུགས་ཉིད་དབང་ཐོབ་ནས། དུས་དང་རྣམ་པ་ཀུན་ཏུ་ཁྱོད་ལ། བྱིན་རླབས་གནང་མཁན་ཨ་ཕ་དེ་རེད། ཡ་རེ་ལོ། ཞང་ཡ་རེ་ལོ། བྱིན་རླབས་གནང་མཁན་ཨ་ཕ། ཨ་ཕ་དེ་རེད། ༢

    He is the Father